Tibetan Royal Year of 2151 | Year of the Wood Dragon

མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཕྱི་ལོ་ ༢༠༠༨ ནས་བཟུང་རྒྱ་ནག་གི་བཙོན་ཁང་ནང་བུ་ལོན་གཡོ་ལེན་གྱི་མ་ཉེས་ཁ་གཡོག་འོག་ཚེ་བཙོན་གྱི་ཁྲིམས་ཆད་མྱོང་བཞིན་པའི་བོད་མི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲིས་ལགས་ཀྱི་སྲིང་མོ་མགོན་པོ་སྐྱིད་ལགས་དང་ཁོ་མོའི་བཟའ་ཟླ་ཆོས་སྐྱོང་ལགས་རྣམ་གཉིས་སྔ་ལོའི་ཕྱི་ཟླ ༡༢ པའི་ཚེས ༢༠ ཉིན་བཙོན་འཇུག་བྱས་པའི་སྐབས་སུ་བཙོན་ཁང་དུ་ཁོང་གཉིས་ལ་ཉེས་རྡུང་བཏང་ཡོད་པ་མ་ཟད། སྨན་ཁང་དུ་འགྲོ་རྒྱུའི་ཆོག་མཆན་ཡང་སྤྲད་མེད་སྟབས། མགོན་པོ་སྐྱིད་ལགས་ཀྱིས་ཉེ་འཆར་ཉེན་རྟོག་པའི་བྱ་སྤྱོད་དེ་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་པ་རེད་འདུག

Gonpo Kyi La

དེ་ཡང་བོད་གནས་ལྟ་ཞིབ་ཁང་ལ་འབྲེལ་ཡོད་མི་སྣ་ཞིག་གིས་མགོན་པོ་སྐྱིད་ལགས་ཀྱི་ཁྲིམས་གཏུག་དེའི་ནང་ཁོང་བཟའ་ཟླ་གཉིས་བཙོན་འཇུག་བྱེད་པའི་སྐབས་བཙོན་ཁང་དུ་ཐེངས་ཁ་ཤས་ཉེས་རྡུང་བཏང་བ་མ་ཟད། མགོན་པོ་སྐྱིད་ལགས་སྨན་ཁང་དུ་སྨན་བཅོས་བྱེད་དུ་འགྲོ་རྒྱུའི་ཐོབ་ཐང་བཀག་པ་སོགས་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་གྱི་མེད་་པའི་སྐོར་ལ་ཞུ་གཏུག་བྱས་ཡོད་པ་དང་། ཁྲིམས་གཏུག་ཡི་གེ་དེ་ལྷ་ས་གྲོང་ཁྱེར་གྱི་ Chengguan རྫོང་མི་མང་ཁྲིམས་ཁང་དུ་ཕུལ་ཡོད་ནའང་རྒྱ་ནག་གཞུང་གིས་བཙན་གནོན་དང་ཞིབ་བཤེར་ཤུགས་ཆེ་བའི་རྐྱེན་གྱིས་ཁྲིམས་གཏུག་ཡི་གེ་དེའི་ཡིག་ཆ་ཆ་ཚང་བ་ཞིག་ཁོང་ཚོར་ཐོབ་མེད་པ་མ་ཟད། རྡོ་རྗེ་བཀྲ་ཤིས་ལགས་དང་བཙོན་ཁང་དུ་ཐུག་འཕྲད་བྱེད་དུ་འཇུག་རྒྱུའི་རེ་བ་འདོན་ཡང་ལྷ་ས་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ནས་ཐུག་འཕྲད་བྱས་བཅུག་མེད་པ་བརྗོད་འདུག

Gonpo Kyi La

འདི་གའི་རླུང་འཕྲིན་ཁང་ནས་བོད་གནས་ལྟ་ཞིབ་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་ཐེངས་འདིའི་མགོན་པོ་སྐྱིད་ལགས་ཀྱི་ཞུ་གཏུག་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས་ཁོང་གིས།

རྩ་བའི་མགོན་པོ་སྐྱིད་ལགས་ཀྱིས་ལོ་གཅིག་ལྷག་གི་རིང་ལ་མཐོ་རིམ་མི་མང་ཁྲིམས་ཁང་གི་མདུན་དུ་རང་གི་སྤུན་མཆེད་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཆེད་དུ་འབོད་སྐུལ་ཞུས་པའི་ཞི་བའི་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་བའི་ཁྲོད་དེར་ཟླ་བ་བཅུ་གཉིས་པའི་ཚེས ༡༢ ཉིན་ཁོང་གཉིས་ཀྱིས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གྱོད་གཞི་དེར་བསྐྱར་ཞིབ་བྱ་དགོས་པ་མ་ཟད། སྔོན་ཚུད་ནས་ཁས་ལེན་བྱས་པ་ལྟར་ཁོང་གཉིས་ལ་ཁྲིམས་ཁང་དུ་བཅར་ཆོག་པའི་ཆོག་མཆན་དགོས་ལུགས་བརྗོད་པའི་ཞི་བའི་ལས་འགུལ་སྤེལ་བར་བརྟེན་མགོན་པོ་སྐྱིད་ལགས་བདུན་ཕྲག་གཅིག་གི་རིང་བཙོན་འཇུག་བྱས་ནས་བཙོན་ཁང་དུ་ཉེས་རྡུང་དྲག་པོ་བཏང་བ་སོགས་ཀྱི་སྐོར་ལ་རྒྱལ་སྤྱིའི་ཐོག་ནས་མགོན་པོ་སྐྱིད་ལགས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཤུགས་ཆེར་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།