Tibetan Royal Year of 2151 | Year of the Wood Dragon

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཁ་སང་ཕྱི་ཟླ་ ༣ ཚེས་ ༢༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧིན་དྷུའི་བླ་ཆེན་ Swami Smaranananda Maharaj མཆོག་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག

Dalai Lama Condoles

དེ་ཡང་ Ramakrishna Math and Mission ཚོགས་པའི་ཚོགས་གཙོ་ Swami Smarananandaji Maharaj ཁོང་དེ་སྔ་སྤྱི་ཟླ་ ༡ ཚེས་ ༢༩ ཉིན་སྙུང་གཞི་རྐྱེན་པས་སྨན་ཁང་དུ་བསྙལ་དགོས་བྱུང་སྟེ། ཟླ་འདིའི་ཚེས་ ༣ ཉིན་ཁོང་ལ་ Septicaemia ཞེས་ཁྲག་དུག་ཤོར་བས་དབུགས་འབྱིན་རྔུབ་མི་ཐུབ་པས་རྒྱུ་མཚན་གྱིས་མྱུར་སྐྱོབ་རླུང་ལམ་གྱི་འཕྲུལ་ཆས་ Ventilator གྱི་རྒྱབ་རྟེན་འོག་འཇོག་དགོས་བྱུང་འདུག་པ་དང་། Ramakrishna Mission Seva Pratishthan ཞེས་ར་མ་ཀྲིཤ་ནཱ་སྤྱི་ཚོགས་ཞབས་ཞུའི་ཚོགས་པས་གསུང་དོན་ལ་གཞིགས་ན། བླ་ཆེན་ཁོང་སྨན་ཁང་དུ་ཁ་སང་ཕྱི་ཚེས་ ༢༦ དགོང་མོ་ཆུ་ཚོད་ ༨་༡༤ ཡས་མས་སུ་དགོངས་པ་རྫོགས་ཡོད་པ་དང་། སྐབས་དེར་དམ་པ་ཁོང་དགུང་ལོ་ ༩༤ ཡིན་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Ramakrishna Math and Mission ཞེས་པའི་ཚོགས་པ་དང་། ར་མ་ཀྲིཤ་ནཱ་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་གཉིས་ཀྱི་མཚན་ཐོག་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་། ༸གོང་ས་མཆོག་གིས་ཚེ་འདས་ཁོང་དང་ཁོང་གི་ཚོགས་པའི་ཚོགས་མི་རྣམས་ཀྱི་ཆེད་དུ་ཐུགས་སྨོན་བཀྱོན་གྱི་ཡིན་ཞེས་དང་། བླ་ཆེན་ཁོང་གིས་མི་ཚེ་ཧྲིལ་པོ་གཞན་དོན་དུ་ཞབས་འདེགས་སྒྲུབ་སྟེ་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་བ་དེ་ངོ་མཚར་སྐྱེ་ཡུལ་ཞིག་ཡིན་ཏེ། ཚེ་འདས་བླ་ཆེན་ཁོང་གི་སྙིང་ཉེ་འབྲེལ་ཡོད་ཡོངས་དང་ལྷན་དུ་དམ་པ་ཁོང་ལ་ཐུགས་སྨོན་རྗེས་དྲན་ཡོད་ཅེས་བཀའ་སྩལ་འདུག

Dalai Lama Condoles
Image Credit: TelegraphIndia

གནས་ཚུལ་ཐོན་པ་ཁག་གཅིག་ལ་གཞིགས་ན། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ Narendra Modi མཆོག་དང་། ནུབ་བྷེང་གྷལ་མངའ་སྡེའི་བློན་ཆེན་ལྕམ་སྐུ་ Mamata Banerjee མཆོག་བླ་ཆེན་ཁོང་དགོངས་པ་རྫོགས་ཡུལ་གྱི་སྨན་ཁང་དུ་བཅར་ཡོད་འདུག དེ་བཞིན་གོང་གསལ་ཚོགས་པའི་དྲུང་ཆེ་ Swami Suvirananda ལགས་ཀྱིས་བླ་ཆེན་ཁོང་གི་སྐུ་ཕུང་ Belur Math ཡི་རིག་གཞུང་ལྟེ་གནས་ཁང་དུ་འཇོག་པ་དང་། དད་ལྡན་མི་མང་ཚོར་བླ་ཆེན་ཁོང་ལ་མཐའ་མའི་དད་གུས་ཞུས་བཅུག་སྟེ། སྐུ་ཕུང་དང་འབྲེལ་བའི་མཐའ་མའི་ཆོ་ག་དེ་གོང་གི་རིག་གཞུང་ལྟེ་གནས་ཁང་དུ་ཉིན་དེའི་དགོང་མོར་དབུ་འཛུགས་ཞུ་རྒྱུ་ཡིན་པ་གསུངས་འདུག

སྲིད་བློན་མོ་རྡི་མཆོག་གིས་སྤྱི་ཚོགས་དྲ་རྒྱའི་ནང་བླ་ཆེན་ཁོང་གི་མི་ཚེ་ཧྲིལ་པོ་ཆོས་ཕྱོགས་དང་སྤྱི་ཚོགས་ཞབས་ཞུའི་ཐད་བཏང་ཡོད་པ་དང་། སྐྱེ་འགྲོ་མང་པོའི་སེམས་ནང་བསུབ་ཏུ་མེད་པའི་ཤུགས་རྐྱེན་འཇོག་ཡོད་དེ། ཁོང་གི་སྙིང་རྗེའི་སེམས་དང་ཤེས་རབ་རྣམ་དཔྱོད་ཀྱིས་མུ་མཐུད་མི་རབས་མང་པོར་བློ་བསྐྱེད་ཐུབ་ནུས་ཡོད་ཅེས་གསུངས་པའི་ཁྲོད། སྲིད་བློན་ཁོང་ཚེ་འདས་བླ་ཆེན་དང་ལོ་མང་རིང་ཧ་ཅང་གི་སྙིང་ཉེ་བོ་ཡིན་པ་དང་། ས་གནས་འདིར་སྤྱི་ལོ་ ༢༠༢༠ ལོར་ཕྱོགས་བསྐྱོད་ཕེབས་སྐབས་ཀྱི་གནས་སྟངས་སོགས་དྲན་གསོ་དང་འབྲེལ་བླ་ཆེན་ཁོང་དང་འབྲེལ་ཡོད་རྣམས་ལ་ཐུགས་གསོའི་སྨོན་འདུན་ཡོད་ཅེས་གསུངས་འདུག

རྩ་བའི་བླ་ཆེན་ཁོང་རྒྱ་གར་གྱི་མངའ་སྡེ་ Tamil Nadu ཡི་ Tanjavur ཞེས་པའི་ས་ཁུལ་དུ་སྤྱི་ལོ་ ༡༩༢༩ ལོར་སྐུ་འཁྲུངས་ཏེ། དེ་ནས་ Mumbai Ashram ནང་སྤྱི་ལོ་ ༡༩༥༢ ལོར་ཁོང་དགུང་ལོ་ ༢༢ ཡིན་པའི་སྐབས་འཛུལ་ཞུགས་བྱས་ཏེ། ལོ་ཤས་རྗེས་ཁོང་དབྱིན་ཡིག་གསར་ཤོག་ཅིག་གི་ནང་དུ་ཞུ་དག་པའི་ལས་གནས་ཐོག་ཕྱག་ལས་གནང་འདུག་ལ། དེ་བཞིན་སྤྱི་ལོ་ ༡༩༧༨ ལོར་སྐབས་དེའི་རྒྱ་གར་གྱི་མངའ་སྡེ་ Bengal ལ་ཆུ་ལོག་རྒྱག་པའི་སྐབས་ཁོང་དང་ཁོང་གི་དགོན་པའི་ཕྱག་རོགས་པ་ལྷན་དུ་རྒྱ་ཆེ་བའི་ངལ་སེལ་གྱི་ལས་འགུལ་ཡང་སྤེལ་མྱོང་འདུག་པ་དང་། ཕྱིས་སུ་སྤྱི་ལོ་ ༡༩༩༡ ལོར་ Ramakrishna Math ཡི་ཚོགས་གཙོར་བསྐོ་བཞག་རྗེས་རིམ་པས་བླ་ཆེན་ཁོང་ཚོགས་པ་དེ་གའི་འཚོ་འཛིན་བྱེད་པོ་ལ་སོགས་པའི་ལས་གནས་མང་དག་ཅིག་གི་ཐོག་སྤྱི་ཚོགས་ཞབས་འདེགས་བསྒྲུབས་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།