Tibetan Royal Year of 2151 | Year of the Wood Dragon

འགྲོ་བ་མིའི་ཐོབ་ཐང་ཡོངས་གྲགས་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་ཆེན་ཉིན་མོར་སྩལ་བའི་གསུང་འཕྲིན།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་ཚིག་དང་བསྟུན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལ་འདིའི་ནང་དཀའ་ངལ་སེལ་བར་འགྲོ་བ་མིའི་གཅིག་འགྱུར་གྱི་འདུ་ཤེས་དང་། ཕན་ཚུན་རྟེན་འབྲེལ་རང་བཞིན་གྱི་ལྟ་ཚུལ་ཟབ་མོ་ཞིག་གི་ཐོག་ནས་རྒྱལ་སྤྱིའི་ཁྲོད་ནུས་པ་ལྡན་པའི་བྱ་བཞག་སྒྲུབ་དགོས་གལ་དང་། སྙིང་རྗེ་དང་འཚེ་བ་མེད་པ་གཞི་རྩར་བཟུང་བའི་ཐོག་ཕན་ཚུན་གྲོས་མོལ་བརྒྱུད་དཀའ་རྙོག་སེལ་རྒྱུར་འབད་བརྩོན་བྱ་དགོས་གལ་ཡིན་པ་བཀའ་སྩལ་འདུག

དེ་ཡང་ཟླ་བ་འདིའི་ཚེས་ ༡༠ ཉིན་འགྲོ་བ་མིའི་ཐོབ་ཐང་ཡོངས་གྲགས་གསལ་བསྒྲགས་བསྐྱངས་ནས་ལོ་ངོ་ ༧༥ འཁོར་ལ་ཉེ་བ་དང་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་འབྲེལ་གསུང་འཕྲིན་ཞིག་སྩལ་བའི་ནང་། ཉིན་མོ་དེ་ནི་འཛམ་གླིང་གི་ལོ་རྒྱུས་ཁྲོད་མཚམས་ཐིག་གལ་ཆེན་ཞིག་ཡིན་པ་དང་།  འགྲོ་བ་མིའི་ཐོབ་ཐང་གི་ཡོངས་གྲགས་གསལ་བསྒྲགས་དེའི་བརྒྱུད་ནས་འཛམ་གླིང་གང་སར་ཡོད་པའི་མི་མང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་རིན་ཐང་རྣམས་ཤེས་རྟོགས་ཇེ་ཆེར་ཡོང་བའི་ཐུགས་རེ་མཛད་བཞིན་ཡོད་ཅེས་བཀའ་སྩལ་བ་དང་སྦྲགས། དེང་གི་ཆར་གྲོས་མོལ་ལ་གཞི་བཞག་སྟེ། འཚེ་བ་མེད་པའི་ལམ་གྱི་ཐོག་ནས་དཀའ་ངལ་ཞི་འགྲིག་བརྒྱུད་འཛམ་གླིང་འདི་བཞིན་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུའི་མངོན་འདོད་དང་དོ་སྣང་ཆེ་ཆེར་བྱེད་བཞིན་ཡོད་ཅིང་། འགྱུར་བ་དེའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་སྲུང་སྐྱོབ་ཙམ་མིན་པར་འགྲོ་བ་མིའི་འགན་ཁུར་དེའང་ངེས་པར་དུ་ཚུད་དགོས་གལ་ཐོག འགྲོ་བ་མིའི་གཅིག་འགྱུར་གྱི་འདུ་ཤེས་དང་། ཕན་ཚུལ་གཅིག་ལ་གཅིག་རྟེན་གྱི་རང་བཞིན་ལྡན་པའི་ལྟ་ཚུལ་ཟབ་མོ་ཤེས་པའི་བརྒྱུད་དཀའ་ངལ་དེ་དག་སེལ་བར་རྒྱལ་སྤྱིའི་ཁྲོད་ནུས་པ་ལྡན་པའི་བྱ་བཞག་སྒྲུབ་དགོས་གལ་གྱི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

༸གོང་ས་མཆོག་གིས་ང་ཚོ་ཚང་མ་ཐོབ་ཐང་དང་དགོས་མཁོ་གཅིག་མཚུངས་ལྡན་པའི་འགྲོ་བ་མི་ཞིག་ཡིན་པ་བཀའ་སྩལ་དང་འབྲེལ། ང་ཚོ་སྐྱེ་མ་ཐག་པ་ནས་འཚོ་གནས་ལ་ངེས་པར་མཁོ་བའི་བརྩེ་སེམས་དང་གཞན་ལ་སེམས་ཁུར་ལྡན་པའི་ཡོན་ཏན་དེ་དག་ལྷན་སྐྱེས་སུ་ཡོད་ཅེས་བཀའ་སྩལ་དང་སྦྲགས། ཡོན་ཏན་དེ་དག་གོང་འཕེལ་དང་རྒྱུན་གནས་ཐུབ་པར་འབད་བརྩོན་སྔར་ལྷག་བྱ་དགོས་གལ་ཡིན་པ་དེ་ལྟར་ཡང་། ཆབ་སྲིད་དང་ཆོས་ལུགས་ཀྱི་ཁྱད་པར་སོགས་རིམ་པ་གཉིས་པའི་བསམ་བློ་ལ་གཞིགས་སྟེ། ཁོང་ཚོ་དང་ང་ཚོ་ཞེས་དབྱེ་འབྱེད་བྱ་རྒྱུ་མེད་པའི་བཀའ་སློབ་ལམ་སྟོན་སྩལ་འདུག

ཕྱོགས་མཚུངས་༸གོང་ས་མཆོག་གིས་གལ་ཏེ་ང་ཚོས་མི་གཞན་ལ་རང་དང་འདྲ་བའི་ཞི་བདེ་དང་བདེ་སྐྱིད་སྒྲུབ་པའི་ཐོབ་ཐང་གཅིག་མཚུངས་སུ་ཡོད་དགོས་པར་ཁས་ལེན་བྱས་ཚེ། རང་བཞིན་གྱིས་དགོས་ངེས་ཅན་ལ་རོགས་རམས་བྱ་རྒྱུར་ང་ཚོར་ལས་འགན་ཡོད་པ་དང་འབྲེལ། ཇི་ཙམ་གྱི་ཨ་རི་དང་ཡོ་རོབ་ལ་མང་གཙོའི་མངོན་འདོད་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བཀུར་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དེ་ཙམ་གྱི་ཨ་ཧྥི་རི་ཀ་དང་ཨེ་ཤི་ཡར་ཡང་གལ་ཆེ་བ་ཡིན་པར་བཀའ་ནན་སྩལ་འདུག

ད་དུང་དབུལ་ཕོངས་ནི་སྤྱི་ཚོགས་ཁྲོད་ཕན་ཚུན་མི་མཐུན་པ་དང་། འཕྲོད་བསྟེན་ཞན་པ། སྡུག་བསྔལ། ཐ་ན་དམག་འཁྲུག་འབྱུང་བའི་རྒྱུ་རྐྱེན་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། དབུལ་ཕྱུག་ཀྱི་ཁྱད་པར་དེ་ནི་དཀའ་ངལ་ཆེན་པོ་ཞིག་ཡིན་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ནས་དཀའ་ངལ་དེ་སེལ་བར་འབད་བརྩོན་གང་ཡོང་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

༸གོང་ས་མཆོག་གིས་ད་དུང་། ང་ཚོ་ཚང་མ་ཞི་བདེ་བག་ཕེབས་ངང་འཚོ་འདོད་ཡོད་པའི་ཐོག ཞེད་སྣང་མེད་པར་རང་དབང་གི་ཐོག་ནས་གནས་སྡོད་བྱ་རྒྱུར་ཐོབ་ཐང་ཀྱང་གཅིག་མཚུངས་ཡོད་ཅིང་། འདས་པའི་དུས་རབས་གཅིག་ལྷག་གི་རིང་ལ་འགྲོ་བ་མིའི་སྡུག་བསྔལ་གྱི་རྒྱུ་རྐྱེན་ཆེ་ཤོས་ཤིག་ནི། རྩོད་རྙོག་ཞི་འགྲིག་ཆེད་དུ་འཇིགས་སྐུལ་དང་། དྲག་སྤྱོད། དེ་བཞིན་མི་གསོད་ཁྲག་སྦྱོར་བཅས་ཀྱི་ཚེ་བའི་ལས་ལ་བརྟེན་པ་དེ་ཡིན་པར་བརྟེན། ང་ཚོས་ངེས་པར་དུ་གྲོས་མོལ་ཐོག་ནས་ཞི་འགྲིག་ཡོང་ཐབས་འབད་བརྩོན་གནང་དགོས་གལ་ཡིན་པ། དེ་བཞིན་འཚེ་བར་བསྟེན་ན་གཏོར་སྐྱོན་དང་འགྲོ་བ་མིར་སྡུག་བསྔལ་འབྱུང་རྒྱུ་ལས་གཞན་བཟང་ཕྱོགས་ཀྱི་ཕན་འབྲས་མེད་པ་མ་ཟད། མ་འོངས་པར་འཚེ་བ་འབྱུང་གཞིའི་ས་བོན་ཡང་འདེབས་ཀྱི་ཡོད་ཅེས་བཀའ་ནན་སྩལ་འདུག

དེ་བཞིན་དུས་དང་གནས་གང་དུ་འཚེ་བ་དྲག་པོའི་གནད་དོན་བྱུང་ཚེ་མགོན་པོ་༸གང་ཉིད་མཆོག་ཐུགས་ཧ་ཅང་སྐྱོ་ཡི་ཡོད་སྐོར་བཀའ་སྩལ་དང་འབྲེལ། དེ་ལྟ་བུའི་གནས་སྟངས་འོག་ད་བར་ཚེ་སྲོག་ཤོར་བ་དང་གོད་ཆགས་ཕོགས་པ་རྣམས་ལ་ཐུགས་སྨོན་མཚམས་སྦྱོར་དང་། ཞི་བའི་ཐབས་ལམ་ལ་བརྟེན་ནས་དཀའ་རྙོག་རྣམས་གཏན་དུ་ཞི་འགྲིག་ཡོང་བའི་ཐུགས་སྨོན་མཛད་འདུག

ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་ལྟ་གྲུབ་ནང་འཚེ་བ་མེད་པ་ཞེས་པ་དེ་སྙིང་རྗེའི་རྣམ་པ་གསལ་པོ་མཚོན་ཐུབ་ཀྱི་ཡོད་པ་དང་འབྲེལ། སྙིང་རྗེ་ནི་གཞན་གྱི་བདེ་སྡུག་ཁུར་ལེན་གྱི་འདུ་ཤེས་ཐོག་གཞན་ལ་ཤ་ཚ་བའི་གདུང་སེམས་ཤིག་ཀྱང་ཡིན་པར་དེ་ལྟ་བུའི་སྙིང་རྗེ་གོང་མཐོར་གཏོང་བ་ལ་གཞན་རྣམས་རང་ལྟར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་གཅིག་ཡིན་པར་སེམས་དགོས་ཞེས་དང་། ང་ཚོས་སྙིང་རྗེ་དང་འཚེ་བ་མེད་པའི་བསམ་བློའི་ཐོག་ནས་དཀའ་རྙོག་སེལ་ཐབས་འབད་བརྩོད་བྱ་དགོས་གལ་ཡིན་པའི་ལམ་སྟོན་བཀའ་དྲིན་དང་སྦྲགས། མཐར་མགོན་པོ་༸གང་ཉིད་མཆོག་གིས་འདི་ཕྱི་འགྲོ་བ་མིའི་རིགས་ཀྱི་བདེ་ཐབས་ལ་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

གཞི་རྩའི་དེ་སྔ་ཕྱི་ལོ་ ༡༩༤༨ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་ཞེས་ཡོངས་གྲགས་གཏན་འབེབས་དང་། འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་འཛམ་གླིང་ནང་གི་གཞུང་སྒེར་མང་ཚོགས་ནས་དོ་ཁུར་དང་དོ་སྣང་ཡོང་ཐབས་སུ། ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་འབོད་ཚིག་དང་བརྗོད་གཞི་བྱེ་བྲག་པ་ཆེད་སྒྲོག་སྒོ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་དང། འདི་ལོའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་འབོད་ཚིག་ནི། འགྲོ་བ་མི་ཡོངས་ལ་ཆེ་མཐོང་དང་རང་དབང་། སྤྱི་སྙོམ་དྲང་བདེན་ཞེས་པ་དེ་ཆགས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།