Tibetan Royal Year of 2151 | Year of the Wood Dragon

གཞིས་རྩེའི་འབྲོག་སྡེ་གསུམ་ས་བབ་དམའ་སར་གནས་སྤོས།

Tibetan News Headlines

  • Anyone who cares about  human rights and democracy must work together to fight authoritarian regime: Chemi Lhamo at Geneva Summit
  • Tibetan Schools achieve outstanding result in CBSE board, 2 makes it for Excellence award
  • China’s greed for Lithium is killing the Tibetan plateau
  • Dharamshala holds 24th regional Tibetan freedom movement election
  • MPs rebuke AFP for allowing Chinese police into Australia

རེས་གཟའ་ལྷག་པ། ༢༠༢༤།༠༥།༡༥

  • རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་ཡོངས་རྫོགས་མཉམ་རུབ་གནང་དགོས་པའི་སྐུལ་མ་གནང་འདུག
  • འདི་ལོའི་བོད་པའི་སློབ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཆེས་བཟང་ཤོས་དེ་ཡིན་པ་གསུངས་སོང་།
  • རྒྱ་ནག་གིས་གཞི་རྒྱ་ཆེ་བའི་ Lithium གཏེར་ལས་བསྔོག་འདོན་རྐྱེན་པས་བོད་ཀྱི་ཁོར་ཡུག་གཏོར་བཤིག་འགྲོ་བཞིན་པ།
  • སྐབས་ ༢༤ པའི་རྡ་ས་ས་གནས་རང་བདེ་ཚོགས་ཆུང་གི་དངོས་གཞིའི་འོས་བསྡུ་གནང་འདུག
  • རྒྱ་ནག་ཉེན་རྟོག་པས་ཨོསྟྲེ་ལི་ཡར་ཆེད་བསྐྱོད་ཀྱིས་རྒྱ་རིགས་མི་སེར་ཞིག་འཛིན་བཟུང་བྱས་པར་སེམས་འཚབ།

ཉེ་ལམ་རྒྱ་ནག་གི་ཉིན་རེའི་གསར་ཤོག་ཐོག་གནས་ཚུལ་སྤེལ་གསལ་ལ། རྒྱ་གཞུང་གིས་རྒྱ་མཚོ་ལས་མཐོ་ཚད་མི་ཀྲར་ ༤༩༠༠ ཐོག་ཆགས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ལྷ་རྩེ་རྫོང་འཇིགས་སྐྱོབ་གྲོང་ཚོའི་ཁྱིམ་ཚང་ ༣༧ གྲོང་མི་ ༡༤༣ ཆ་ཚང་ས་བབ་དམའ་ས་དང་སྤྱི་ཚོགས་འབྲེལ་མཐུད་སྟབས་བདེ་ཡོད་པའི་ས་ཁུལ་དུ་གནས་སྤོའི་ལས་གཞི་ཡོངས་རྫོགས་མཇུག་སྒྲིལ་ཟིན་ཡོད་སྐོར་བཤད་འདུག

རྒྱ་གཞུང་གིས་ལོ་རེ་བཞིན་བོད་ནང་གི་སྲིད་བྱུས་དམ་བསྒྲགས་ཆེས་ཆེར་བྱེད་བཞིན་པའི་ཁྲོད་ཉེ་ཆར་ཟླ་ ༡༢ ཚེས་ ༡ ཉིན་ལྷ་རྩེ་རྫོང་འཇིགས་སྐྱོབ་གྲོང་ཚོའི་ཁྱིམ་ཚང་ ༣༧ དང་གྲོང་མི་  ༡༤༣ ས་བབ་དམའ་ས་དང་སྤྱི་ཚོགས་འབྲེལ་འདྲིས་སྟབས་བདེ་བའི་ས་ཁུལ་དུ་གནས་སྤོས་ཟིན་སྐོར་བཤད་ཡོད་ཀྱང་། གནས་སྤོ་བྱ་ཡུལ་དང་གནས་སྤོས་ཟིན་པའི་བོད་མི་རྣམས་ཀྱི་འཚོ་བའི་གནས་སྟངས་སོགས་ཀྱི་སྐོར་ལ་འགྲེལ་བརྗོད་ཁ་གསལ་གང་ཡང་བྱས་མི་འདུག

བོད་མི་ཞིག་གིས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བར་རྒྱ་གཞུང་གིས་འཇིགས་སྐྱོབ་ཀྱི་གྲོང་ཚོ་ ༣༧ གནས་སྤོས་བྱས་ཡོད་སྐོར་བཀོད་ཀྱང་གནས་སྤོས་བྱས་པའི་ཁྱིམ་ཚང་ཆ་ཚང་འཇིགས་སྐྱོབ་ཀྱི་གྲོང་པ་ཁོ་ན་མིན་པར་གྲོང་པ་ཁ་ཤས་ངམ་རིང་རྫོང་ཉེ་འཁོར་གི་ཟང་ཟེང་འབྲོག་སྡེ་དང་། ཁག་གཅིག་ནི་རྒྱ་མཚོ་ལ་གྲོང་པ་ནས་ཡིན་པ། འབྲོག་སྡེ་གསུམ་པོ་དེ་དག་གི་འབྲོག་མི་རྣམས་ལྕགས་ཤོག་དང་ཤིང་ལེབ་ཀྱིས་བཟོས་པའི་ཁང་པ་མང་པོ་བརྒྱབ་པའི་ས་གནས་གྲོ་མོར་གནས་སྤོས་བྱས་ཡོད་སྐོར་གསུངས་ཡོད།

རྩ་བའི་རྒྱ་ནག་གི་མི་མང་ཉིན་རེའི་གསར་ཤོག་ཐོག་བཀོད་པའི་གནས་ཚུལ་ནང་གསལ། རྒྱ་གཞུང་གིས་ལྷ་རྩེ་རྫོང་གི་འཇིགས་སྐྱོབ་གྲོང་ཚོའི་འབྲོག་མི་གནས་སྤོ་བྱས་པའི་ལས་གཞི་དེ་ཐོག་མར་ཕྱི་ལོ་ ༢༠༡༦ ལོར་གཉེར་ཡོད་པ་དང་། ལས་གཞི་དེའི་སྡེ་ཚན་དང་པོར་འཇིགས་སྐྱོབ་གྲོང་ཚོའི་ཆེས་དབུལ་ཕོངས་ཅན་གྱི་འབྲོག་མི་ཁྱིམ་ཚང་ ༦༥ གནས་སྤོས་བྱས་ཡོད་པ་དང།  གཞིས་གྲོང་གསར་པ་དེ་ནི་རྒྱ་མཚོ་ངོས་ལས་མཐོ་ཚད་མི་ཊ་ ༤༠༡༢ མཚམས་སུ་ཆགས་ཡོད་པ་བཤད་འདུག

བོད་མི་དེས་རྒྱ་གཞུང་གིས་གཞིས་རྩེའི་གྲོང་སྡེ་གསུམ་གྱི་འབྲོག་མི་ཁྱིམ་ཚང་ ༣༧ གནས་སྤོས་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་ཁོང་རྣམས་རྒྱུན་དུ་འབྲོག་པའི་འཚོ་བར་རོལ་ཡང་ཁུལ་དེར་ས་ཞིང་དང་ཚལ་སོགས་འདེབས་ལས་བྱ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། ས་བབ་དམའ་སར་གནས་སྤོ་བྱེད་དགོས་ལུགས་བཤད་པ་དང་། ཉིན་ཤས་ནས་བཟུང་ལྷ་རྩེ་རྫོང་གི་འཇིགས་སྐྱོབ་དང་ངམ་རིང་རྫོང་གི་ཟང་ཟིང་། དེ་བཞིན་རྒྱ་མཚོ་ལ་བཅས་ཀྱི་ཁྱིམ་ཚང་ ༣༧ ཡོད་པ་དེ་དག་ཁྲོད་སྐྱེལ་འདྲེན་རླངས་འཁོར་ཆེན་པོ་ཁྱོན་ ༨༠ ཙམ་ཆེད་གཏོང་བྱས་ཏེ་འབྲོག་མི་རྣམས་གནས་སྤོ་བྱས་པ་མངོན་རྒྱུ་ཡོད་པ་མ་ཟད་ཉིན་ལྟར་བྱང་ཐང་གི་འབྲོག་པའི་ས་ཁུལ་ནས་རླངས་འཁོར་ ༤༠ ནས་ ༨༠ ཙམ་འགྲུལ་སྐྱོད་བྱེད་ཀྱི་ཡོད་པ་མངོན་གསལ་རེད་ཅེས་གསུངས་ཡོད། པར་བདག་དབང་བོད་ཀྱི་དུས་བབ།

འབྲེལ་ཡོད་གསར་གནས།

གསར་གནས།