འཕགས་བོད་ས་མཚམས་ཉེ་འགྲམ་དུ་རྒྱ་ནག་གིས་ཚད་མཐོའི་ J-20 མཁའ་དམག་གནམ་གྲུ་ཕོན་ཆེ་འགྲེམས་འཇོག་བྱས་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

བར་ལམ་རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་བ་ཞི་འཇམ་དུ་འགྲོ་བཞིན། ཕྱོགས་གཉིས་ཀས་གྲོས་མོལ་གྱི་ལམ་ནས་ས་མཚམས་ཀྱི་གནད་དོན་སེལ་ཐབས་བྱེད་བཞིན་ཡོད་ནའང་། ཕྱི་ལོ་ ༢༠༢༦ ལོའི་ཟླ་བ་ ༦ སྨད་དང་ཟླ་བ་ ༧ པའི་འགོ་སྟོད་དུ་དཔར་བརྒྱབ་པའི་ཟུང་སྐར་དཔར་རིས་(satellite imagery)ནང་དུ་གསལ་བ་ལྟར་ན། རྩོད་གཞི་ཅན་གྱི་འཕགས་བོད་ས་མཚམས་ཀྱི་ཉེ་འགྲམ་ཤིན་ཅང་གི་ཧོ་ཏན་དམག་མིའི་གནམ་ཐང་དང་། བོད་ཀྱི་འདམ་གཞུང་དམག་མིའི་གནམ་ཐང་དུ་རྒྱ་ནག་གཞུང་གིས་ཁྲེན་ཏུའུ་ J-20 (Chengdu J-20 stealth fighter jets) ཟེར་བའི་སྦས་ཐབས་གནམ་གྲུ་གྲངས་ཉུང་མཐར་ ༡༡ འགྲེམས་འཇོག་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད།

དེ་ཡང་ Defence Security Asia ཞེས་ཨེ་ཤི་ཡའི་བདེ་སྲུང་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་ལ་དྭགས་ནུབ་རར་ཡོད་པའི་དའུ་ལཊ་བེཀ་ཨོལ་ཊི་དམག་མིའི་གནམ་ཐང་(Daulat Beg Oldie airfield) ནས་རྒྱང་ཐང་ཀི་ལོ་མི་ཊར་ ༢༤༥ ཕ་རོལ་ན་ཡོད་པའི་ཧོ་ཊན་དམག་མིའི་གནམ་ཐང་དུ་ཁྲེན་ཏུའུ་J-20 སྦས་ཐབས་གནམ་གྲུ་བདུན་དང་། རྒྱ་གར་བྱང་ཤར་རྟ་དབང་ནས་རྒྱང་ཐང་ཀི་ལོ་མི་ཊར་ ༣༤༤ ཕ་རོལ་ན་ཡོད་པའི་བོད་འདམ་གཞུང་དམག་མིའི་གནམ་ཐང་དུ་གནམ་གྲུ་བཞི་བཅས་ཁྱོན་བསྡོམས་ཚད་མཐོའི་དམག་འཐབ་གནམ་གྲུ་ J-20 བཅུ་གཅིག་འགྲེམས་འཇོག་བྱས་ཡོད་པའི་གནས་ཚུལ་ཟུང་སྐར་དཔར་རིས་ཀྱི་ལམ་ནས་ཁུངས་སྐྱེལ་ར་སྤྲོད་བྱས་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། “འཕགས་བོད་ས་མཚམས་སུ་རྒྱ་ནག་གི་མཁའ་དམག་གནམ་གྲུ་ཐོན་གསར་ཤོས་ J-20 ཟེར་བ་དེ་འགྲེམས་འཇོག་བྱས་པ་དེས། རྒྱ་ནག་གིས་གྲོས་མོལ་སྐབས་སྐད་ཆ་བཤད་པ་དེ་དོན་དངོས་ལ་གནས་ཀྱི་མེད་པ་མཚོན་ཐུབ། དཔེར་ན། ཉེ་ཆར་རང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་འབྲིང་བའི་བར་ཆེས་མཐོའི་གྲོས་མོལ་གནང་བའི་སྐབས། འཕགས་བོད་ཀྱི་ས་མཚམས་ལ་ཞི་བདེ་ཡོང་བར་ཕྱོགས་གཉིས་ཀས་འབྲེལ་བ་བྱ་རྒྱུའི་སྐོར་བཤད་ཡོད།” ཅེས་འགྲེལ་བརྗོད་གནང་གི་འདུག

སྤྱིར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝིཀ་རམ་མི་སི་རི་ (Vikram Misri)ལགས་ཟླ་བ་འདིའི་ཚེས་ ༢༦ དང་ ༢༧ བཅས་ཉིན་གྲངས་གཉིས་རིང་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ཕེབས་ཏེ། རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་ཐུག་འཕྲད་ཀྱིས་དཔལ་འབྱོར་དང་། རིག་གཞུང་། མི་དང་མིའི་འབྲེལ་ལམ་སོགས་ཀྱི་གནད་དོན་སྐོར་གྲོས་མོལ་གནང་ཡོད་པ་དང་། དེའི་ནང་ནས་གལ་གནད་ཆེ་ཤོས་སུ་ཕྱོགས་གཉིས་ཀས་ས་མཚམས་ཀྱི་བདེ་འཇགས་གལ་གནད་ཆེན་པོར་ངོས་འཛིན་བྱས་ཡོད།

རྒྱ་གར་ཕྱི་སྲིད་དྲུང་ཆེའི་ཕྱོགས་བསྐྱོད་དེའི་སྔོན་དུ། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇེ་ཤང་ཀར་ལགས་(Subrahmanyam Jaishankar)ཀྱིས་ཀྱང་ཟླ་བ་འདིའི་ཚེས་ ༢༢ ཉིན་ཧྥི་ལི་ཕིན་དུ་ཨཱ་སེན་(ASEAN)གྱི་ཚོགས་འདུ་ཞིག་གི་སྐབས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཟུར་དུ་འཕྲད་དེ། རྒྱ་གར་དང་རྒྱ་ནག་བར་གྱི་འབྲེལ་བ་ཞི་འཇགས་ཡོང་བར་སྔོན་ལ་ས་མཚམས་ཁུལ་དུ་ཞི་བདེ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་ཡོད།

གཞན་ཡང་གོང་གསལ་ Defence Security Asia ཡི་གནས་ཚུལ་དེའི་ནང་དུ། ས་མཚམས་ཁུལ་དུ་ཚད་རིམ་ལྔ་པའི་མཁའ་དམག་གནམ་གྲུ་ J-20 འགྲེམས་འཇོག་བྱས་པ་དེ་ཡིས། རྒྱ་ནག་ལ་དམག་འཐབ་ནུས་པ་དང་། ས་བབ་མཐོ་སའི་ཁུལ་དུ་དམག་རྩལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་བསྟན་རྒྱུའི་ཆེད་ཡིན་པ་དང་། དེ་ལ་ལྟོས་ཏེ་རྒྱ་གར་ལ་ཚད་མཐོའི་རིམ་པ་ལྔ་པའི་མཁའ་དམག་གནམ་གྲུ་མེད་པ་དང་། རྒྱ་གར་གྱི་མཁའ་དམག་དེ་ Rafales དང་། Su-30MKIs, Mirage 2000s,  MiG-29s ལ་བརྟེན་ཡོད་པ་གསལ་སྟོན་བྱས་འདུག

རྩོད་གཞི་ཅན་གྱི་འཕགས་བོད་ཀྱི་ས་མཚམས་དེ། ཕལ་ཆེ་བ་བགྲོད་དཀའ་བའི་རི་བོ་ཧི་མ་ལ་ཡའི་རྒྱུད་ལ་ཁེལ་ཡོད་དུས། ས་ཁུལ་དེ་རུ་གནམ་གྲུ་འགྲེམས་འཇོག་བྱེད་པ་དེ་འཐབ་བྱུས་ཐོག་ནས་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་ས་ཐོག་ནས་མདུན་སྐྱོད་བྱེད་བདེ་པོ་མེད་པའི་ས་ཁུལ་དེར་འཐབ་འཁྲུག་རིགས་བྱུང་ཚེ། མཁའ་དམག་གནམ་གྲུའི་སྤུས་ཚད་དང་། མགྱོགས་ཚད་སོགས་ཀྱིས་ཁྱད་པར་ཆེན་པོ་བཟོ་གི་ཡོད། ཅེས་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་གསལ་བཤད་གནང་གི་འདུག

གཞི་རྩའི་རིམ་པ་ལྔ་པའི་J-20 གནམ་གྲུ་འགྲེམས་འཇོག་བྱས་པ་དེས་རྒྱ་ནག་གིས་རྒྱ་གར་ས་ཐོག་ལ་དམག་གི་བཙན་འཇུག་བྱེད་སྲིད་པའི་ཉེན་ཁ་ཡོད་པའི་སྔོན་བརྡ་གང་ཡང་མེད་ནའང་། བདེ་སྲུང་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་ལ་ཚད་མཐོའི་ནུས་པ་ལྡན་པའི་མཁའ་དམག་གནམ་གྲུ་འགྲེམས་འཇོག་བྱས་པ་ལ་བརྟེན་ནས། མ་འོངས་པར་རྒྱལ་ཁབ་གཉིས་བར་མི་མཐུན་པའི་རྩོད་རྙོག་རིགས་བྱུང་ན། རྒྱ་ནག་ལ་སྐབས་དེར་དམག་འཐབ་ཐོག་ནས་ཁེ་ཕན་ཆེ་བ་རག་རྒྱུ་ཡིན་དང་། དེ་ལ་ལྟོས་ནས་རྒྱ་གར་ལ་བདེ་སྲུང་ཐོག་ནས་དཀའ་ངལ་ཆེ་རུ་འགྲོ་ངེས་ཡིན་པ་འགྲེལ་བརྗོད་གནང་གི་འདུག །

འབྲེལ་ཡོད་གསར་གནས།

གསར་གནས།