ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་ཐོག་རྒྱ་གཞུང་གིས་ཡང་སྲིད་ཕེབས་ཕྱོགས་གཙོས་པའི་བོད་བརྒྱུད་ནང་བསྟན་ལ་ཐེ་བྱུས་བྱེད་བཞིན་པར་སེམས་འཚབ་ཆེད་འདོན་གནང་བ།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

ཉེ་ཆར་ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག བོད་ནང་བོད་མིའི་ཆོས་དད་རང་དབང་རྩིས་མེད་རྡོག་རོལ་དང་། རྒྱ་གཞུང་གིས་༸རྒྱལ་བའི་ཡང་སྲིད་འདེམས་ཕྱོགས་ལ་ཐེ་བྱུས་གཙོ་བོར་འགྱུར་བའི་བོད་མིའི་ཆོས་ཕྱོགས་ཀྱི་རིག་གཞུང་སྤྱི་ལ་ཐེ་བྱུས་བྱེད་བཞིན་པར་སེམས་འཚབ་ཆེད་འདོན་གནང་འདུག

དེ་ཡང་ཉེ་ཆར་ཚེས་ ༨།༩ ཉིན་ཡུ་རོབ་རྒྱལ་ཁབ་ Belgium གྱི་རྒྱལ་ས་ Brussels ནང་གི་ Saint-Gilles ཚོགས་ཁང་ནང་དུ་ཡུ་རོབ་ཏུ་ནང་པའི་ཆོས་དད་རང་དབང་ལ་གུས་བརྩི་ཞེས་པའི་བརྗོད་གཞིའི་ཐོག་ནས་ European Buddhist Union འམ་ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དེ་འཚོགས་འདུག་པ་དང་། དེའི་ཐོག་ Brussels བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ནས་མཉམ་ཞུགས་གནང་སྟེ། བོད་ནང་བོད་མིའི་ཆོས་དད་རང་དབང་གི་གནས་སྟངས་དང་སྒོས་སུ་རྒྱ་ནག་གཞུང་གིས་༸རྒྱལ་བའི་ཡང་སྲིད་གཙོ་བོར་གྱུར་བའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་ཐེ་བྱུས་བྱས་ཏེ་བོད་མིའི་ཆོས་དད་རང་དབང་དབང་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་བཅས་ཀྱི་སྐོར་ལ་སྙན་སེང་ཞུས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གིས་བོད་པའི་ཆོས་ཕྱོགས་ཀྱི་རིག་གཞུང་ལ་ཐེ་བྱུས་དང་སྟངས་འཛིན་བྱ་ཐབས་བྱེད་བཞིན་པར་གདོང་ལེན་གྱིས་བོད་མིའི་ལྷན་དུ་བཞེངས་དགོས་པ་གསུངས་འདུག

སྐུ་ཚབ་དོན་གཅོད་ཀྱིས་ད་དུང་རྒྱ་ནག་གཞུང་གིས་ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་སྒྲིག་སོགས་ཀྱི་བརྒྱུད་ནས་མ་འོངས་༸རྒྱལ་བའི་ཡང་སྲིད་འདེམས་ཕྱོགས་ཐད་ལ་ཐེ་བྱུས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་སྐོར་དང་འབྲེལ། ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་རྒྱུ་དེ་ནི་ཆབ་སྲིད་ཀྱི་ཐེ་བྱུས་དང་གནོན་ཤུགས་རིགས་མེད་པའི་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ཡིན་པ་ནན་བརྗོད་གནང་ཡོད་འདུག

རྩ་བའི་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Stefano Bettera ལགས་དང་། ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང་སྦེལ་ཇམ་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Carlo Luyckx ལགས་རྣམ་གཉིས་ཀྱིས་མགྲོན་འབོད་ཐོག་ཚོགས་འདུ་དེའི་ནང་མཉམ་ཞུགས་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་ Saint Gilles གྲོང་སྡེ་སྤྱི་ཁྱབ་པ་ Jean Spinette ལགས་དང་། ཡུ་རོབ་གྲོས་ཚོགས་ཀྱི་དོན་ཚན་ ༡༧ པའི་འབྲེལ་མཐུད་པ་ Nicola Censini ལགས་གཉིས་དངོས་སུ་ཕེབས་པ་དང་། དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་ Antonella Sberna ལགས་ཀྱིས་བརྙན་འཕྲིན་བརྒྱུད་ནས་མཉམ་ཞུགས་ཀྱིས་ཆོས་དད་རང་དབང་གི་ཐོབ་ཐང་ཐོག་གཏམ་བཤད་དང་གྲོས་མོལ་གནང་ཡོད་འདུག

སྐབས་དེར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་ Antonella Sberna ལགས་ཀྱིས་དྲྭ་ཐོག་གཏམ་བཤད་སྤེལ་བའི་ཁྲོད། ཡུ་རོབ་ནང་པའི་མཐུན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བར་འཚམས་འདྲི་དང་སྦྲགས། ཡུ་རོབ་ནང་པའི་མཐུན་ཚོགས་ཀྱིས་ཡུ་རོབ་ནང་གི་ཆོས་ལུགས་ཐོག་ཡུན་རིང་ཞབས་འདེགས་སྒྲུབ་པར་བསྔགས་བརྗོད་དང་། གྲོས་ཚོགས་ངོས་ནས་ཆོས་ལུགས་དང་ཆོས་ལུགས་མ་ཡིན་པའི་ཚོགས་པ་ཁག་དང་ལྷན་ཕྱི་གསལ་ནང་གསལ་དང་གྲོས་མོལ་གནང་དགོས་པ་ནན་བརྗོད་གནང་འདུག

དེ་བཞིན་ཐེངས་འདིའི་ཚོགས་འདུའི་ཐོག་དབང་ཆ་སྒེར་གཅོད་རིང་ལུགས་ཀྱི་གཞུང་འཛིན་ཚོས་མང་ཚོགས་ཀྱི་ཆོས་དད་རང་དབང་དང་ཆོས་ཕྱོགས་ཀྱི་རིག་གཞུང་ལ་ཐེ་བྱུས་མཚམས་འཇོག་བྱེད་དགོས་པ་དང་། ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་སྐོར་ལ་གྲོས་བསྡུར་ལྷུག་པོ་གནང་རྗེས། ཡུ་རོབ་ནང་པའི་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གི་འདེམས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ལ་ངོས་ལེན་བྱེད་རྒྱུ་མེད་པ་དང་། ཡུན་རིང་ནས་ཡོད་པའི་བོད་རྒྱའི་དཀའ་རྙོག་དེ་བཞིན་ཞི་བའི་ངང་སེལ་བར་རྒྱབ་སྐྱོར་གནང་དགོས་པའི་སྐུལ་འདེབས་ཞུས་གནང་འདུག

རྩ་བའི་ཉེ་ཆར་ཡུ་རོབ་གྲོས་ཚོགས་ནང་དུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གསར་པ་དེའི་སྐོར་གྲོས་བསྡུར་དང་དེ་རྗེས་ཉན་ཞིབ་ལས་རིམ་འཚོགས་པའི་ཐོག་ཡུ་རོབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ Hadja Lahbib མཆོག་གིས་རྒྱ་ནག་གི་ཁྲིམས་དེས་རྒྱལ་མཚམས་ལས་བརྒལ་བའི་ཤུགས་རྐྱེན་ཡོང་སྲིད་པའི་སེམས་འཚབ་དང་འབྲེལ་ནས། ཡུ་རོབ་མཐུན་ཚོགས་ཁོངས་ཀྱི་རྒྱལ་ཁབ་རྣམས་ནས་ཁྲིམས་དེ་ལག་བསྟར་བྱེད་པར་མཐུན་སྦྱོར་བའི་མཉམ་ལས་རིགས་ལ་དགག་པ་རྒྱག་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།