རང་གཡེང་ Autism གི་དཀའ་ངལ་ཡོད་པའི་ཕྲུ་གུའི་ཨ་མ་ཞིག་གི་དཔེ་དེབ་གསར་པ་དབུ་འབྱེད།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

ཧྥ་རན་སི་ནང་གནས་བཞུགས་བསྟན་འཛིན་དཔལ་མོ་ལགས་ནི་ཕྲུ་གུ་གཉིས་ཀྱི་ཨ་མ་ཞིག་ཡིན་པ་དང་། ཁོང་གི་བུ་རྒན་པ་བསྟན་འཛིན་དམ་ཆོས་ལགས་ལོ་བཞི་ཙམ་ལ་སོན་སྐབས་ Autism འམ་རང་གཡེང་གི་དཀའ་ངལ་ཡོད་པ་ར་འཕྲོད་བྱུང་བ་ཞིག་རེད་འདུག

ཁོང་གིས་རང་ཉིད་དམིགས་བསལ་དགོས་མཁོ་ཅན་གྱི་ཕྲུ་གུའི་ཨ་མ་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་ཁྲོད་དེ་ལྟ་བུའི་གནས་སྟངས་ཐད་གོ་རྟོགས་སྤེལ་རྒྱུ་དང་། ལྷག་པར་རང་གཡེང་གི་དཀའ་ངལ་ཅན་གྱི་ཕྲུ་གུའི་ཕ་མ་རྣམས་ལ་རང་གི་ཕྲུ་གུའི་གནས་བབ་ཇི་ཡིན་སྔ་ས་ནས་ངོས་འཛིན་དགོས་པའི་སྐུལ་མ་སྤེལ་ཆེད་ Where He Leads I Follow ཁོང་གི་རྗེས་སུ་ངས་འགྲོ་ཞེས་པའི་དཔེ་དེབ་ཅིག་བྲིས་གནང་འདུག

དེ་རིང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བསྟན་འཛིན་དཔལ་མོ་ལགས་ཀྱི་ཕྱག་དེབ་དེ་ཉིད་དབུ་འབྱེད་གནང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་དང་ཡིག་ཚགས་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་གཙོས་པའི་དོན་གཉེར་ཅན་གྱི་ཕ་མ་སོགས་ཆེད་ཕེབས་གནང་སོང་།

སྐབས་དེར་བསྟན་འཛིན་དཔལ་མོ་ལགས་ཀྱིས་རང་ཉིད་ངོ་སྤྲོད་དང་འབྲེལ། བུ་བསྟན་འཛིན་དམ་ཆོས་ལགས་ཐོག་མར་རང་གཡེང་གི་དཀའ་ངལ་བྱུང་ཚུལ་དང་དེའི་བརྒྱུད་རིམ་འགྲེལ་བརྗོད་གནང་བ་མ་ཟད། རང་ཉིད་ཀྱི་བུ་ལ་ལྟ་རྟོག་གང་འདྲ་བྱེད་ཀྱི་ཡོད་མིན་སོགས་ཀྱི་སྐོར་ངོ་སྤྲོད་གནང་སོང་།

སྐུ་མགྲོན་གཙོ་བོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་སྤྱིར་བོད་མིའི་མི་འབོར་ཉུང་ཤས་ཤིག་ལས་མེད་པ་དེའི་ནང་། གཟུགས་གཞི་བདེ་ཐང་དགོས་གལ་ཆེ་བ་ཡིན་པ་ནན་བརྗོད་དང་སྦྲགས། Autism རང་གཡེང་གི་ན་ཚ་ལ་བཅོས་ཐབས་ཆེད་བོད་ཀྱི་སྨན་གཞུང་ནང་འགྲེལ་བརྗོད་གང་འདྲ་བྱེད་ཡོད་མིན་དང་། རྒྱ་སྨན་ནང་དེ་མཚུངས་འགྲེལ་བརྗོད་གང་འདྲ་བྱེད་ཡོད་མིན་སོགས་ཀྱི་ཐོག་དོ་སྣང་བྱེད་དགོས་གལ་ཆེ་བ་ཡིན་པ་གསུངས་བ་མ་ཟད། ཕ་མ་རྣམས་ཀྱིས་སོ་སོའི་ཕྲུ་གུ་ཆེད་དུ་འཕྲལ་ཕུགས་རྒྱང་གསུམ་གྱི་ཐོག་ནས་ལྟ་རྟོག་བྱེད་དགོས་གལ་ཆེ་བ་ཡིན་པ་གསུངས་སོང་།

སྤྱིར་བསྟན་འཛིན་དཔལ་མོ་ལགས་ཀྱི་དཔེ་དེབ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་གསུང་འཕྲིན་སྩལ་གནང་མཛད་འདུག་པ་དེའི་ནང་༸གོང་ས་མཆོག་གིས་ཨ་མའི་བྱམས་བརྩེའི་གལ་གནད་སྐོར་བཀའ་འགྲེལ་དང་སྦྲགས། དཔེ་དེབ་དེའི་བརྒྱུད་ནས་བསྟན་འཛིན་དཔལ་མོ་ལགས་དང་མཚུངས་པའི་ནང་མི་གཞན་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་བའི་ཐུགས་སྨོན་མཛད་འདུག

འདི་གའི་གསར་འགོད་པས་མཛད་སྒོ་གྲུབ་མཚམས་བསྟན་འཛིན་དཔལ་མོ་ལགས་སུ་བཅར་འདྲི་ཞུ་སྐབས། ཁོང་གིས་རང་ཉིད་ཀྱི་མྱོང་བའི་ཁྲོད་ད་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ Autism འམ་རང་གཡེང་གི་དཀའ་ངལ་ཅན་གྱི་ཕྲུ་གུ་མང་པོ་མཇལ་རྒྱུ་ཡོད་པ་འགྲེལ་བརྗོད་དང་འབྲེལ། དེ་ལྟ་བུའི་དམིགས་བསལ་དགོས་མཁོ་ཅན་གྱི་ཕ་མ་རྣམས་ལ་བློ་ཞུམ་རྒྱུ་མེད་པའི་སྐུལ་མ་དང་ལྷག་པར་རང་ཉིད་ཀྱི་ཕྲུ་གུའི་གནས་བབ་སྔ་ས་ནས་ངོས་འཛིན་ཐུབ་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུས་གནང་གི་འདུག

རྩ་བའི་བསྟན་འཛིན་དཔལ་མོ་ལགས་ནི་བཙན་བྱོལ་བོད་མིའི་གཞིས་ཆགས་མན་པཊ་ཏུ་སྐྱེས་ཤིང་། འཛིན་རིམ་བཅུ་པ་བར་ཅོན་ཏ་ར་བོད་ཁྱིམ་དུ་འགྲིམས་ཡོད་པ་དང་དེའི་རྗེས་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་རྡ་སྟེང་བོད་ཁྱིམ་ནས་སློབ་མཐར་སོན་ཡོད་པ་དང་། ད་ལྟའི་ཆར་ཧྥ་རན་སི་ནང་བཟའ་ཟླ་དང་ལྷན་དུ་གནས་སྡོད་གནང་གི་ཡོད་ཅིང་། ཁོང་ཉིད་ལ་ཕྲུ་གུ་བསྟན་འཛིན་དམ་ཆོས་དང་བསྟན་ཆོས་ལགས་གཉིས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

Previous article
Next article

གསར་གནས།