རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ལ་བོད་མི་ཁེར་རྐྱང་གིས་ངོ་རྒོལ།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

རྒྱ་ནག་གཞུང་གིས་ཉེ་ལམ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ལ་ངོ་རྒོལ་བྱ་ཆེད་ཨ་རིར་གནས་སྡོད་བོད་དོན་ལས་འགུལ་བ་བསྟན་པ་འཇམ་དབྱངས་ལགས་ཀྱིས་ཁ་སང་རེས་གཟའ་ལྷག་པ་དང་བསྟུན། རྒྱ་ནག་གཞུང་ཚབ་ཁང་མདུན་ཐང་དུ་ཁྲིམས་སྒྲིག་དེའི་འོག་རྒྱ་གཞུང་གིས་བོད་མི་གཙོས་པའི་གྲངས་ཉུང་མི་རིགས་ཐོག་ཁྲིམས་མཐུན་གྱི་རྣམ་པའི་ཐོག་ནས་རྒྱ་བསྒྱུར་གྱི་སྲིད་བྱུས་ཇེ་ཤུགས་ཆེ་རུ་གཏོང་ངེས་ཡིན་པས་མི་རིགས་བཙན་བསྒྱུར་གྱི་ཁྲིམས་ཡིག་དེ་བཞིན་འཕྲལ་དུ་མཚམས་འཇོག་དགོས་ཞེས་འབོད་ཚིག་འཁོད་པའི་ཤོག་བྱང་འཕྱང་ནས་བོད་མི་ཁེར་རྐྱང་གིས་བོད་དོན་ལས་འགུལ་སྤེལ་བཞིན་འདུག

དེ་ཡང་ཨ་རིར་བཅའ་བཞུགས་བོད་དོན་ལས་འགུལ་བ་བསྟན་པ་འཇམ་དབྱངས་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་རེས་གཟའ་ལྷག་པ་བསྟུད་མར་རྒྱ་ནག་གཞུང་ཚབ་ཁང་དུ་སོང་ནས་བོད་དོན་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། དེ་རིང་འདི་གའི་གསར་འགོད་པས་ཁ་པར་གྱི་ལམ་ནས་ཁོང་གི་ལས་འགུལ་གྱི་སྐོར་ལ་བཅར་འདྲི་བྱས་པར་ཁོང་གིས། ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་རེས་གཟའ་ལྷག་པ་འཆར་ཅན་ཁོང་ནས་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ། སྐབས་རེ་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་ཉིད་མཚམས་འཇོག་དགོས་པ་དང་། མཚམས་རེ་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བཙན་ཁྲིད་བྱས་པའི་༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་གཏོང་དགོས་པ། ཡང་མཚམས་རེ་རྒྱ་གཞུང་གིས་བོད་མིའི་ངོ་བོ་དང་འབྲེལ་བའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་བཟོ་རྒྱུར་དམིགས་ཏེ་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱའི་བཅའ་སྡོད་སློབ་གྲྭར་བཙན་གྱིས་སློབ་འཇུག་བྱེད་མུས་ཡིན་པ་སོགས་ཁོར་ཡུག་དང་དུས་ཚོད། བོད་ཕྱི་ནང་གི་གནས་སྟངས་སོགས་ལ་གཞིགས་ནས་ལས་འགུལ་སྣ་ཚོགས་ཤིག་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད། ལྷག་པར་དུ་ད་བར་ཁོང་ནས་ཁྱོན་ལས་འགུལ་ ༧༡༡ ལྷག་སྤེལ་ཟིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

མ་ཟད། རྒྱ་ནག་གཞུང་གིས་ཉེ་ལམ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་སྐུལ་འདེད་ཀྱི་ཁྲིམས་ལ་ངོ་རྒོལ་བྱ་ཆེད་བོད་མིའི་སྒྲིག་འཛུགས་དབུས་པའི་ཚོགས་སྒེར་ཁག་གིས་ཁྲིམས་གསར་པ་དེར་སེམས་འཚབ་ཀྱི་རྣམ་པ་མངོན་གསལ་གནང་སྟེ། ཁྲིམས་སྒྲིག་གསར་པ་དེས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་ལུགས་རིག་གཞུང་བཅས་པར་སྔར་ལྷག་བཙན་གནོན་ཤུགས་ཆེན་ཐེབས་རྒྱུ་ཡིན་པའི་སྐོར་ཉེན་བརྡ་ཤུགས་ཆེ་གཏོང་བཞིན་པའི་ཁྲོད། ཉེ་ཆར་ཟླ་ ༣ ཚེས་ ༢༡ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཀྱི་ཁྲིམས་ཡིག་ལ་ངོ་རྒོལ་གྱིས་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་མ་ཟད། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཆུ་ཚོད་ ༩༠ རིང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བཞིན་པ་ལྟར། ཁོང་ནས་བདུན་ཕྲག་སྔོན་མའི་རེས་གཟའ་ལྷག་པ་དེ་དང་ཁ་སང་རེས་གཟའ་ལྷག་པའི་ཉིན། མི་རིགས་བཙན་བསྒྱུར་གྱི་ཁྲིམས་ཡིག་དེ་བཞིན་འཕྲལ་དུ་མཚམས་འཇོག་དགོས་ཞེས་འབོད་ཚིག་འཁོད་པའི་ཤོག་བྱང་འཕྱང་ནས་རང་ནུས་གང་ལྕོགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་གསུངས་སོང་།

དེ་བཞིན་ཁོང་གིས། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་དོན་ལས་འགུལ་མ་སྤེལ་བ་ཡིན་ན་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་རྫུན་བསྒྲགས་བྱེད་བཞིན་པའི་བོད་ཀྱི་གནད་དོན་དེ་བདེན་པ་ལྟ་བུར་ཆགས་ཉེན་ཡོད་སྟབས། འཛམ་གླིང་གི་ས་ཕྱོགས་གང་སར་བཞུགས་པའི་བོད་མི་ཡོངས་ཀྱིས་རང་འགན་རང་འཁུར་གྱིས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་གྱི་རིགས་མང་ཙམ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།