Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཤིག་ཡིན་པ་ཐེར་འདོན།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་བྱེད་ཟུར་པ་དང་གྲངས་ཉུང་མི་རིགས་གནད་དོན་ཐོག་དམིགས་བསལ་ཆེད་མཁས་པ་སྐུ་ཞབས་ Fernand de Varennes ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཤང་སོགས་སུ་སྤེལ་བཞིན་པའི་བྱ་སྤྱོད་ཁག་ནི་སྤྱིར་བཏང་བ་ཞིག་མ་ཡིན་པར་འཆར་གཞི་ལྡན་པའི་ཐོག་ནས་མི་རིགས་རྩ་གཏོར་གཏོང་ཐབས་ཀྱི་སྲིད་བྱུས་ཡིན་ཞེས་སྐྱོན་འཛུགས་གནང་འདུག

fernand-De-Varennes
fernand-De-Varennes

ཁ་སང་ཕྱི་ཚེས་ ༡༨ ཉིན་ ANI གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། The Elie Wiesel Foundation for Humanity དང་རྒྱལ་སྤྱིའི་ཡུ་གུར་ཚོགས་པ། དེ་བཞིན་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ལས་འཆར་ Uyghur Human Rights Project བཅས་མཉམ་སྦྲེལ་གྱིས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ ‘Beyond Concentration Camps: Forced Assimilation and China’s Colonial Boarding Schools” ཞེས་བཀག་སྐྱིལ་ཁང་ལས་འདས་པའི་མི་སེར་སྤེལ་ཡུལ་དང་རྒྱ་ནག་གི་གཏན་འཇགས་སློབ་གྲྭ་ཞེས་པའི་བརྗོད་གཞི་ཐོག་ཚོགས་འདུ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ཚོགས་འདུ་དེའི་ཐོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་བྱེད་ཟུར་བ་དང་གྲངས་ཉུང་མི་རིགས་གནད་དོན་ཐོག་དམིགས་བསལ་ཆེད་མཁས་པ་སྐུ་ཞབས་ Fernand de Varennes ལགས་ཀྱིས་རྒྱ་ནག་ནས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ཁག་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ཙམ་མ་ཡིན་པར། བོད་དང་ཤིན་ཅང་མི་རིགས་ཀྱི་དཔལ་ཡོན་དང་ངོ་བོ་བཅས་པ་འཆར་གཞི་ལྡན་པའི་སྒོ་ནས་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་གསུངས་འདུག

མ་ཟད་ཁོང་གིས་རྒྱ་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ལ་རྩིས་མེད་རྡོག་རོལ་ཤུགས་ཆེ་བཏང་བའི་ཐོག་བོད་མི་དང་ཡུ་གུར་མི་རིགས། དེ་བཞིན་གྲངས་ཉུང་མི་རིགས་གཞན་ཁག་གཅིག་ཐོག་སྤེལ་བཞིན་པའི་བྱ་སྤྱོད་དེ་རིགས་ནི་རྒྱ་ནག་མི་རིགས་རིང་ལུགས་ཀྱི་ཆ་ཤས་ཞིག་ཀྱང་ཡིན་སྐོར་གསུངས་འདུག

ernand-De-Varennes་2

ཁོང་གིས་ད་དུང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ཟུར་པ་གཙོས་པའི་རང་དབང་གི་ཆེད་ལས་མཁས་པ་རྣམས་ཀྱིས་དེ་སྔ་རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་མངོན་གསལ་གྱིས་སྙན་ཐོ་ཐེངས་མང་འདོན་སྤེལ་དང་འབྲེལ་རྒྱ་ནག་གི་སྤེལ་བཞིན་པའི་བྱ་སྤྱོད་དེ་དག་ཐད་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་ཡོད་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གིས་ཤིན་ཅང་གཙོས་པའི་གྲངས་ཉུང་མི་རིགས་ས་ཡ་མང་པོ་བཙོན་འཇུག་གིས་བཀག་སྐྱིལ་ཁང་དུ་བཅུག་བཞིན་ཡོད་པ་དེ་ནི་འཛམ་གླིང་དམག་ཆེན་གཉིས་པ་རྗེས་སུ་མི་སེར་དཀྱུས་མའི་གྲངས་འབོར་ཕོན་ཆེ་ཤོས་བཙོན་འཇུག་བྱས་པ་དེ་ཆགས་ཀྱི་ཡོད་པ་གསུངས་འདུག

དེ་བཞིན་ཁོང་གིས་དེང་དུས་ཀྱི་བྲན་གཡོག་རིང་ལུགས་ཐོག་དམིགས་བསལ་ཆེད་མཁས་  Tomoya Obokata ལགས་ཀྱིས་གསུངས་པ་ལུང་འདྲེན་གྱིས། རྒྱ་གཞུང་གིས་བོད་དང་ཤིན་ཅང་གི་མི་རྣམས་ལ་བཙན་དབང་གིས་ས་ཆ་ངེས་ཅན་ཞིག་གི་ཐོག་འདོད་པ་མེད་པར་ངལ་རྩོལ་བྱེད་བཅུག་པ་དེ་དག་ནི་དེང་དུས་ཀྱི་བྲན་གཡོག་རིང་ལུགས་ཀྱི་ཁོངས་སུ་གཏོགས་པ་ཡིན་པ་དང་། དེང་གི་དུས་སུ་དེ་ལྟར་བྱ་སྤྱོད་ཤུགས་ཆེ་སྤེལ་བཞིན་པ་ནི་སེམས་འཚབ་དགོས་པ་ཞིག་ཡིན་པ་གསུང་འདུག ལྷག་པར་ཁོང་གིས་རྒྱ་གཞུང་གིས་ཤིན་ཅང་སློབ་ཕྲུག་རྣམས་རང་ཉིད་ཀྱི་སྐད་ཡིག་སྦྱང་རྒྱུར་བཀག་སྡོམ་ཆེད་གཏན་འཇགས་སློབ་གྲྭ་གསར་བཙུགས་ཀྱིས་ཕྲུ་གུ་འབུམ་བརྒྱད་ལྷག་རང་ཉིད་ཀྱི་ནང་མི་ནས་ཁ་བྲལ་གཏོང་བཞིན་པ་སོགས་ནི་སེམས་འཚབ་དགོས་པའི་གནས་སྟངས་ཤིག་ཡིན་ཞིང་། ལོ་ཤས་གོང་ནས་ང་ཚོས་མི་སྤྱོད་ལས་འདས་པའི་ཐབས་ལམ་གྱི་སྒོ་ནས་རིག་གཞུང་རྩ་གཏོར་གྱི་ལས་གཞི་རྣམས་མཇུག་སྒྲིལ་ཟིན་པ་དྲན་བཞིན་ཡོད་ཀྱང་། ད་ཆ་བྱ་སྤྱོད་དེ་དག་ཆེས་དེང་རབས་ཅན་དང་འཆར་གཞི་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་དངོས་སུ་མཐོང་རྒྱུ་ཡོད་པ་སོགས་མངོན་གསལ་གནང་འདུག

ལྷག་པར་ཁོང་གིས་རྒྱ་གཞུང་ནས་བོད་གཙོས་པའི་ཤིན་ཅང་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་མཉམ་ཆོས་དང་རིག་གཞུང་སློབ་སྦྱོང་བྱེད་རྒྱུར་དམ་དྲག་དང་། བུད་མེད་རྣམས་ཀྱི་སྐྱེ་སྐོ་འགོག་པའི་བྱ་སྤྱོད་ངན་པ་བསྟུད་མར་སྤེལ་བཞིན་ཡོད་པ་སོགས་མངོན་གསལ་གྱིས། དེ་ནི་སྤྱིར་བཏང་གི་བྱ་སྤྱོད་ཞིག་མ་ཡིན་པར་འཆར་གཞི་དང་ལྡན་པའི་མི་རིགས་རྩ་གཏོར་དང་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་ཡིན་པ་སོགས་ ཐེར་འདོན་གནང་འདུག

རྩ་བའི་ཐེངས་འདིའི་ Beyond Concentration Camps ཞེས་པའི་ཚོགས་འདུའི་ཐོག་གཏམ་བཤད་གནང་མཁན་ཁོངས་སུ་སྤྱི་ཚོགས་འཐབ་རྩོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ཞུ་གཏུག་མཁན། རྒྱལ་སྤྱིའི་ཡུ་གུར་ཚོགས་པ་དང་ the Elie Wiesel Foundation for Humanity  ཡི་འཐུས་མི། དེ་བཞིན་ཨ་རིའི་ཚོགས་སྡེ་ཁག་བཅས་ནས་མཉམ་ཞུགས་གནང་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།