Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བར་རྒྱ་ནག་ནང་པའི་མཐུན་ཚོགས་ལག་ཆ་ལྟ་བུར་བེད་སྤྱོད་གཏོང་བཞིན་པ་མངོན་གསལ།

Tibetan News Headlines

  • More than 1700 Tibetan monks in Ngaba forced to attend boarding school
  • Uzra Zeya, Pema Khandu join well-wishers in wishing the Dalai Lama a speedy recovery
  • Dharamshala hosts Tibetan youth convention to foster Tibetan democracy
  • Uttarakhand CM visits Dhondupling Clement town to hear Modi’s ‘Mann Ki Baat’
  • China’s Panchen visits Jokhang Temple in ‘Chinese city of Lhasa’
  • Potala XI Odisha wins first-Ever APFA gold cup tournament

རེས་གཟའ་ཟླ་བ། ༢༠༢༤།༠༧།༠༡

  • རྔ་བ་ཁུལ་གྱི་གྲྭ་ཕྲུག་ ༡༧༠༠ ལྷག་བཙན་དབང་གི་སློབ་འཇུག་བྱས་པ་སོགས་ཀྱི་བོད་མིའི་ཐོག་ཕྱོགས་གང་ས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ།
  • ༸གོང་ས་མཆོག་གི་ཞབས་པུས་བརྗེ་འགྱུར་གྱི་གཤག་བཅོས་ལེགས་གྲུབ་བྱུང་བ།
  • བོད་རིགས་ན་གཞོན་འདུ་འཛོམས་ཐེངས་དང་པོ་དབུ་འཛུགས།
  • ཨུ་ཏྟར་ཁན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་གནང་བ།
  • རྒྱ་དམར་གྱི་པཎ་ཆེན་རྒྱལ་མཚན་ནུར་བུ་ལྷ་སའི་ཇོ་ཁང་དུ་གནས་གཟིགས།
  • ཨོ་རི་ས་གཞིས་ཆགས་ལ་ཨ་ཕ་གསེར་གྱི་ཕོར་པའི་རྐང་སྤོལ་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ་ཐོབ་པ།

ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་ International Campaign for Tibet འམ་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་གསར་པ་ཞིག་འདོན་སྤེལ་བརྒྱུད། རྒྱ་ནག་གཞུང་གིས་རྒྱ་ནག་གི་ནང་པའི་མཐུན་ཚོགས་དེ་བཞིན་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་ལག་ཆ་ལྟ་བུར་བེད་སྤྱོད་གཏོང་བཞིན་པ་མངོན་གསལ་གནང་འདུག

Photo: save tib org

དེ་ཡང་ཁ་ཉིན་ཚེས་ ༢༩ ཉིན་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་དྲ་གནས་ཐོག་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། ཕྱི་ལོ་ ༡༩༥༣ ལོར་རྒྱ་ནག་ནང་པའི་མཐུན་ཚོགས་དེ་ཐོག་མ་གསར་འཛུགས་གནང་སྐབས་སུ། ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་དེ་རྒྱ་ནག་དམར་ཤོག་གཞུང་གི་སྣེ་ཁྲིད་འོག རྒྱ་ནག་ནང་གི་ནང་པ་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་གྱིས། རྒྱལ་ཁབ་དང་འཛམ་གླིང་ཞི་བདེ། དེ་བཞིན་མང་ཚོགས་ཀྱི་ཆོས་དད་དང་བསམ་བློའི་རང་དབང་སྲུང་སྐྱོབ་དང་། མི་དམངས་ཀྱི་གཞུང་ལ་དབུ་འོག་དཔུང་འདེགས་ཞུས་པའི་ཐོག་ནས། རྒྱ་ནག་ཕྱོགས་ཡོངས་ཀྱི་ནང་པའི་ཆོས་ཀྱི་རིག་གཞུང་རྒྱུན་སྐྱོང་བྱ་རྒྱུ་ཡིན་པ་འཁོད་ཡོད་པ་ལུང་འདྲེན་དང་སྦྲགས།

photo: tribune india

འདས་པའི་ལོ་ཤས་ནང་དུ་སྲིད་འཛིན་ཞི་ཅིན་ཕིང་གིས། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཆོས་དང་སྤྱི་ཚོགས་ཞེས་པའི་མི་རིགས་བསྒྱུར་བཀོད་ཀྱི་སྲིད་བྱུས་ལག་བསྟར་འོག ཕྱི་ལོ་ ༢༠༢༠ ལོར་ཚོགས་པའི་དམིགས་ཡུལ་ལ་འགྱུར་བ་བཏང་སྟེ། རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ནང་པའི་ཆོས་དང་སྤྱི་ཚོགས་གོང་འཕེལ་གཏང་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབ་གསར་པའི་བསམ་བློའི་སློབ་གསོ་ཞེས་པ་གོང་འཕེལ་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་ནང་པའི་ཆོས་ཀྱི་སྲིད་བྱུས་གཞིར་བཟུང་ལས་དོན་སྤེལ་རྒྱུ་བཅས། དེ་གའི་དམིགས་ཡུལ་གཙོ་བོའི་གྲས་སུ་བཀོད་དེ། ཆབ་སྲིད་དང་འབྲེལ་བ་མེད་ཟེར་བའི་རྒྱ་ནག་གི་ནང་པའི་མཐུན་ཚོགས་དེས། ཆབ་སྲིད་ཀྱི་ལས་དོན་རྣམས་མངོན་གསལ་དོད་པོའི་ཐོག་སྤེལ་འགོ་བཙུགས་ཡོད་པ་མངོན་གསལ་གནང་འདུག  ཕྱོགས་མཚུངས་ཕྱི་ལོ་ ༢༠༡༢ ལོར་སྲིད་འཛིན་ཞི་ཅིན་ཕིང་གིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆོས་ལུགས་ཁག་རྒྱ་ནག་ཅན་ཏུ་བསྒྱུར་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་རྗེས་སུ། ཆབ་སྲིད་དང་འབྲེལ་བ་མེད་ཟེར་བའི་རྒྱ་ནག་གི་ནང་པའི་མཐུན་ཚོགས་ངོས་ནས། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་ལས་དོན་དབུས་པའི། བོད་ཀྱི་དགོན་སྡེ་ཁག་གི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་དང་བཀོད་ཁྱབ་ལག་ལྟར་སླད་དམིགས་བསལ་ལས་དོན་ཚོགས་ཆུང་བཙུགས་པ་དང་། བོད་ནང་དུ་བོད་བརྒྱུད་ནང་བསྟན་སློབ་གཉེར་དང་འབྲེལ་བའི་སྒྲིག་འཛུགས་མང་དག་ཅིག་གསར་བཙུགས་པའི་བསླབ་གཞི་གཙོ་བོ་དེ། རྒྱལ་གཅེས་ཆོས་བྱས་ཀྱི་སློབ་གསོ་ཡིན་པ། དེ་བཞིན་རྒྱ་ནག་གི་ནང་པའི་མཐུན་ཚོགས་དེ་བཞིན་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡངས་སྲིད་འདེམས་སྒྲུག་དང་། དེ་དག་ལ་སློབ་གཉེར་གྱི་ལས་དོན་སྤེལ་མཁན་གཙོ་གྲས་ཤིག་ཡིན་པ་བཅས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་ཐབས་ཐད། རྒྱ་ནག་གི་ནང་པའི་མཐུན་ཚོགས་དེ་ལག་ཆ་ལྟ་བུར་བེད་སྤྱོད་གཏོང་བཞིན་ཡོད་པ་མངོན་གསལ་གནང་འདུག

ཕྱོགས་མཚུངས་སྙན་ཐོའི་ནང་། རྒྱ་ནག་གི་བདམས་པའི་༸པན་ཆེན་རྒྱལ་ཚན་ནོར་བུ་གཙོས་པའི་རྒྱ་ནག་གཞུང་གིས་གོ་གནས་སྤྲད་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཁག་གཅིག་གི་མཚན་གཞུང་འདོན་སྤེལ་དང་འབྲེལ། རྒྱ་ནག་ནང་པའི་མཐུན་ཚོགས་ངོས་ནས་བླ་སྤྲུལ་དེ་དག་གི་བརྒྱུད་དེ་གའི་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་བཞིན་པའི་ཁྲོད། མ་འོངས་༸རྒྱལ་བའི་ཡངས་སྲིད་ཡང་འདེམས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག

སྙན་ཐོའི་ནང་ད་དུང་། རྒྱ་གཞུང་གིས་རྒྱ་ནག་སྐམ་སའི་ནང་དུ་དར་ཁྱབ་ཆེ་བའི་ Taoism ཞེས་པའི་རྒྱ་ནག་གི་གནའ་བོའི་ཆོས་ལུགས་ཀྱང་མི་རིགས་བསྒྱུར་བཀོད་ཀྱི་བརྒྱུད་རིམ་ནང་འགྲོ་དགོས་པ་དང་། དེའང་རྒྱ་ནག་གི་ཏའོ་ཆོས་ཚོགས་ཀྱི་སྣེ་ཁྲིད་དགོས་པ་བཟོས་ཡོད་པ་མངོན་གསལ་གྱིས། རྒྱ་ནག་དམར་ཤོག་ཚོགས་པའི་མི་རིགས་བསྒྱུར་བཀོད་ཀྱི་ཐབས་བྱུས་དེ་ནི། སྤྱི་ཚོགས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་ཙམ་མ་ཡིན་པར།  མི་རིགས་བསྒྱུར་བཀོད་ཀྱིས་སྲིད་བྱུས་ཤིག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་དེ་ཉིད་དམར་ཤོག་ཚོགས་པའི་ལྟ་བ་དང་མཐུན་པར་བཟོ་རྒྱུ་མ་ཟད། རྒྱ་གཞུང་གིས་ལྟ་བ་ཁྱབ་སྤེལ་དང་ལག་བསྟར་བྱེད་མཁན་ཞིག་ཏུ་སྒྱུར་བཞིན་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།