Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་ནང་གི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཐབས་བྱུས་ཚོགས་འདུ་དབུ་འཛུགས།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༦ པས་བོད་ཀྱི་དངོས་ཡོད་གནས་སྟངས་གོ་རྟོགས་དང་ཞུ་གཏུག་གི་ལས་འགུལ་སྔར་ལྷག་སྤེལ་རྒྱུར་དམིགས་ཏེ་ Voluntary Tibet Advocacy Groups དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཞེས་པ་ཞིག་ཆེད་འཛུགས་གནང་སྟེ། རྒྱལ་སྤྱིའི་རྒྱལ་ཁབ་མི་ཉུང་བ་ཞིག་ཏུ་ཞུ་གཏུག་དང་འབྲེལ་བའི་ལས་གཞི་ཁག་གཅིག་སྤེལ་བཞིན་ཡོད་པ་ལྟར། དེ་རིང་བཞུགས་སྒེར་གྱི་ཉེ་འདབས་སུ་ཆགས་པའི་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱ་གར་ནང་གི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཐབས་བྱུས་ཚོགས་འདུ་དང་ཟབ་སྦྱོང་དབུ་འཛུགས་གནང་སོང་།  

དེ་རིང་ཕྱི་ཚེས་ ༡༣ ཉིན་རྒྱབ་ཏུ་དབུ་འཛུགས་གནང་བའི་ཚོགས་འདུའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས Kishan Kapoor ལགས་དང་བཀའ་ཁྲི་ཟུར་པ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་དང་ཚོགས་བཅར་བ་སུམ་ཅུ་ཙམ་མཉམ་ཞུགས་གནང་འདུག

སྐབས་དེར་སྐུ་ཞབས་ Kishan Kapoor ལགས་ཀྱིས་བོད་མི་མང་ཚོགས་ཀྱི་ངོས་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་ཞུ་གཏུག་དང་དྲིལ་བསྒྲགས་གནང་རྒྱུ་ནི་ཧ་ཅང་གལ་གནད་ཆགས་ཡོད་སྐོར་དང་། ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་རྒྱ་ནག་དེ་ཉིད་ཁེར་རྐྱང་གི་གནས་སྟངས་ཐོག་ལུས་ཡོད་པ་སོགས་འགྲེལ་བརྗོད་དང་སྦྲགས་ཏེ་རིམ་པས་བོད་ཀྱི་བདེན་མཐའ་གསལ་ནས་བོད་མི་རྣམས་བོད་ལ་ཕྱིར་ཕེབས་རྒྱུའི་དུས་སྐབས་ཤིག་ཡོང་ངེས་ཡིན་པར་གསུངས་ཡོད།   

དེ་བཞིན་བཀའ་ཁྲི་ཟུར་པ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས། ང་ཚོའི་ངོས་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་དེ་ལས་སླ་པོ་ཞིག་ཆགས་ཡོད་པ་དང་། དེ་ཡང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་སྐོར་གསལ་བཟོ་མཛད་ཟིན་པའི་གནད་དོན་དེ་དག་ཐོག་ཤར་སྐྱོད་གནང་རྒྱུ་ཡིན་སྐོར་བཀའ་གནང་སོང་བ་དང་ཆབས་ཅིག ང་ཚོའི་འཐབ་རྩོད་ནི་ཡང་དག་པ་དང་ཡང་མ་དག་པ། དྲང་བདེན་དང་དྲང་བདེན་མ་ཡིན་པའི་དབར་གྱི་འགལ་ཟླ་ཞིག་ཡིན་པ་དང་། ང་ཚོའི་འཐབ་བྱུས་དེའང་བདེན་པ་དང་འཚེ་བ་མེད་པར་གཞིར་བཅོལ་གལ་ཡིན་པ་སོགས་བཀའ་གནང་ཡོད།

༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་དུང་ད་ལྟའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཕུགས་དམིགས་གཙོ་བོ་ནི་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་རག་ཐབས་གནང་རྒྱུ་དེ་ཡིན་པ་སོགས་གསུངས་སོང་།

གཞི་རྩའི་ V-TAG ཞེས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནི། བཀའ་ཤག་སྐབས་ ༡༦ པས་གནས་སྐབས་དང་དུས་ཀྱི་འགྱུར་འགྲོས་ལ་གཞིགས་ཏེ་འཛམ་གླིང་གི་ས་གནས་འདྲ་མིན་ཁག་ཏུ་བཞུགས་པའི་བོད་པའི་གཞོན་སྐྱེས་གཙོས་བོད་མི་མི་རེ་ངོ་རེས་ས་གནས་སོ་སོའི་ནང་གི་མི་མང་དང་ཚོགས་པ་དང་སྒྲིག་འཛུགས། དེ་བཞིན་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མི་སྣ་སོགས་ལ་བོད་ཀྱི་དངོས་ཡོད་གནས་སྟངས་གོ་རྟོགས་དང་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུར་དམིགས་ཏེ་ཕྱི་ལོ་ ༢༠༢༡ ལོར་སུད་སིད་ནང་དངོས་སུ་དབུ་འབྱེད་གནང་བའི་ལས་གཞི་ཞིག་ཆགས་ཀྱི་ཡོད་པ་དང་། ལས་གཞི་དེའི་ནང་ཕྱག་ལས་གནང་མཁན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ནས་འདས་པའི་ལོ་དུས་ནང་ཨ་རི་དང་ཡོ་རོབ་ཁུལ་གྱི་ས་གནས་བོད་མི་མི་ཉུང་བ་ཞིག་ལ་བོད་དོན་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་དང་ཞུ་གཏུག་གནང་ཕྱོགས་སོགས་ཀྱི་ཟབ་སྦྱོང་གནང་ཡོད་པ་རེད།  དེ་རིང་བཞུགས་སྒར་དུ་དབུ་འཛུགས་གནང་བའི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཐབས་བྱུས་ཚོགས་འདུ་འདི་ནི་རྒྱ་གར་ནང་ཡོད་པའི་བོད་མི་ཚོར་དམིགས་པའི་ཐབས་བྱུས་ཚོགས་འདུ་ཆེས་ཐོག་མ་དེ་ཆགས་ཡོད། 

ཐེངས་འདིའི་རྒྱ་གར་ནང་གི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཐབས་བྱུས་ཚོགས་འདུ་ཐོག་རྒྱ་གར་གྱི་ས་གནས་འདྲ་མིན་ ༡༠ ཙམ་ནས་ཁྱོན་ཚོགས་བཅར་པ་ ༣༠ ལྷག་མཉམ་ཞུགས་གནང་འདུག

ཚོགས་དུས་རིང་ལ་རྒྱ་གར་ནང་བོད་དོན་ཞུ་གཏུག་གནང་ཕྱོངས་ཐོག་གྲོས་བསྡུར་དང་ཐབས་བྱུས་འཚོལ་ཞིབ། དེ་བཞིན་བོད་དོན་སྐོར་ལ་གསུང་བཤད་ཀྱི་ལས་རིམ་སོགས་གོ་སྒྲིག་གནང་ཡོད་པ་རེད། པར་ཁག་གཅིག་གི་བདག་དབང་བོད་མིའི་སྒྲིག་འཛུགས་ལ་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།