Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་བུད་མེད་ཅིག་ལ་༸གོང་ས་མཆོག་གི་༸སྐུ་པར་བརྒྱུད་སྤེལ་གནང་བའི་ཉེས་མིང་འོག་འཛིན་བཟུང་།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

ཉེ་ལམ་ཕྱི་ཟླ་ ༡༠ ཚེས་  ༢༦ ཉིན་རྒྱ་གཞུང་གིས་མཚོ་སྔོན་ནས་ཡིན་པའི་བོད་པའི་བུད་མེད་དབང་ཕྱུག་མཚོ་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་བརྒྱུད་སྤེལ་གནང་བའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་འདུག

རྒྱ་གཞུང་ཉེན་རྟོག་པས་མཚོ་སྔོན་ཞིང་ཆེན་ཟེར་བའི་མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོ་ནས་ཡིན་པའི་དབང་ཕྱུག་མཚོ་ལགས་ཀྱིས་རྒྱ་ནག་ཏུ་དར་ཁྱབ་བམ་སྤྱོད་ཤུགས་ཆེ་བའི་སྤྱི་ཚོགས་བརྒྱུད་ལམ་དོ་ཡེན་ནམ་ཡོངས་གྲགས་སུ་ Tiktok  ཞེས་པ་དང་ Wechat འམ་སྐད་འཕྲིན་ཚོགས་པ་ཞིག་ཏུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་བརྙན་ཅན་གྱི་༸སྐུ་པར་ཞིག་སྤྱི་ཚོགས་དྲ་ལམ་གྱི་ཚོགས་པ་འདྲ་མིན་ལ་བསྐུར་བར་བརྟེན་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་དང་མདོ་ལ་རྫོང་གི་ཉེན་རྟོག་པས་ཁོང་གློ་བུར་དུ་འཛིན་བཟུང་བྱས་ནས་ད་ཆ་ཉིན་གྲངས་བཅུ་བཞི་ལྷག་སོང་ཡོད་ཀྱང་། ནང་མི་དང་གྲོང་མི་སོགས་ནས་ཁོང་གི་གཟུགས་གཞིའི་གནས་སྟངས་དང་བཙོན་འཇུག་དང་འབྲེལ་བའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།

 བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་རྒྱ་གཞུང་ཉེན་རྟོག་པས་དབང་ཕྱུག་མཚོ་ལགས་འཛིན་བཟུང་གིས་ཁོང་གིས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸གོང་ས་མཆོག་གི་༸སྐུ་པར་བརྒྱུད་སྤེལ་གནང་བ་མ་ཚད་པར་བཙན་བྱོལ་དུ་ཡོད་པའི་བོད་མི་ཁག་གཅིག་ལ་ཡིག་ཐོག་ནས་འབྲེལ་ལམ་གནང་ཡོད་ཚུལ་གྱི་ཉེས་འཛུགས་བྱས་པ་དང་། ད་ཆ་ཁོང་འཛིན་བཟུང་བྱས་ནས་ཉིན་གྲངས་བཅུ་བཞི་ལྷག་སོང་བའི་ཁྲོད་ཁོང་གི་ནང་མི་དང་དགའ་ཉེ་སྤུན་མཆེད་རྣམས་ནས་ཐུགས་འཚབ་དང་བཅས་མདོ་ལ་རྫོང་ཉེན་རྟོག་ཁང་དུ་ཕེབས་ཏེ་དབང་ཕྱུག་མཚོ་ལགས་ཀྱི་གནས་སྟངས་ཇི་ཆགས་སྐོར་འདྲི་རྩད་དང་ལྷག་དོན་ཁོང་དང་ཐུག་འཕྲད་ཆོག་པའི་རེ་སྐུལ་ཇི་ལྟར་གནང་ཡང་། ཡ་ལན་གང་ཡང་མ་སྤྲད་པཱི་ཁར་བཟའ་ཟླའི་ཁ་པར་གློ་བུར་དུ་བཙན་འཕྲོག་བྱས་ནས་ཕྱིར་སྤྲད་མེད་པ་སོགས་ངོ་སྤྲོད་གནང་སོང་།

 རྩ་བའི་རྒྱ་ནག་ཏུ་དར་ཁྱབ་ཆེ་བའི་སྤྱི་ཚོགས་དྲྭ་ལམ་དོ་ཡེན་ནང་༸གོང་ས་མཆོག་གི་༸སྐུ་པར་བརྒྱུད་སྤེལ་ཤུགས་ཆེར་འགྲོ་སྐབས་སུ་༸སྐུ་པར་དེའི་གཤམ་དུ་རྒྱ་ཡིག་ཐོག་མཆན་འདེབས་མཁན་མང་པོ་བྱུང་འདུག་པ་ལྟར་མཆན་འབྲི་མཁན་ཞིག་གིས་ནམ་ལངས་མ་ཐག་ཏུ་འཛམ་གླིང་གི་ཉི་མ་སེར་པོ་མཇལ་བྱུང་ཞེས་པ་དང་། གང་ཟག་གཞན་ཞིག་གིས་ཁོང་ང་ཚོའི་རྩ་བའི་བླ་མ་མ་རེད་དམ་ཞེས་དོགས་འབྲི་དང་བཅས་མཆན་བཀོད་འདུག་ལ། ཁག་གཅིག་གིས་༸གོང་ས་མཆོག་གི་ཞལ་མཇལ་བ་དང་བོད་མཐོང་བ་གཅིག་མཚུངས་རེད་ཅེས་སོགས་མཆན་མང་དག་ཅིག་བཀོད་པ་མཇལ་རྒྱུ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།