Tibetan Royal Year of 2151 | Year of the Wood Dragon

ཕྱི་དྲིལ་བཀའ་བློན་མཆོག་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལེནྜ་ནང་ཕྱོགས་བསྐྱོད།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་སང་ཉིན་ཕྱི་ཚེས་ ༡༤ ནས་ ༢༡ བར་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛི་ལེནྜ་ནང་བོད་རྒྱའི་དཀའ་རྙོག་སེལ་བར་རྒྱབ་སྐྱོར་ཐོབ་ཆེད་ཕྱོགས་ཕེབས་གནང་གི་འདུག

ཐེངས་འདིའི་ལས་རིམ་དེ་ཨོ་སི་ཊོ་ལི་ཡ་བོད་ཀྱི་དོན་གཅོད་ཁང་དང་། Australia Tibet Council ཞེས་ཨོ་སི་ཊོ་ལི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་ཅིང་། ཕྱི་དྲིལ་བཀའ་བློན་མཆོག་ས་ཉིན་ནས་ཕྱི་ཚེས་ ༡༨ བར་ཉིན་གྲངས་ ༥ རིང་ཨོ་སི་ཊོ་ལི་ཡ་ནང་ཕྱོགས་ཕེབས་ཀྱིས་བོད་ནང་གི་ཛ་དྲག་གནད་དོན་གླེང་སློང་ཙམ་མ་ཟད། བོད་རྒྱའི་དཀའ་རྙོག་སེལ་བར་རྒྱབ་སྐྱོར་ཐོབ་ཆེད་ཁུལ་དེའི་གྲོས་ཚོགས་འཐུས་མི་དང་། ཆབ་སྲིད་མི་སྣ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་སྐུ་ཚབ་སོགས་མཇལ་འཕྲད་གནང་གི་ཡོད་པ་དང་། དེའི་རྗེས་ཕྱི་ཚེས་ ༢༡ བར་ནིའུ་ཛི་ལེནྜ་ནང་ཕྱོགས་ཕེབས་ཀྱིས་ཁུལ་དེའི་རྒྱལ་ས་ Wellington ཝེ་ལིང་ཊོན་དུ་ Asia Pacific Security Innovation Forum ཞེས་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ཚོགས་ཆེན་ཐོག་ལྷན་ཞུགས་གནང་གི་འདུག

རྩ་བའི་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འདོན་སྤེལ་གནང་བའི་གསར་འགོད་བསྒྲགས་གཏམ་དེའི་ནང་། ཚོགས་པའི་འཛིན་སྐྱོང་འགན་འཛིན་ Dr Zoe Bedford ལགས་ཀྱིས། ད་ལྟའི་ཆར་རྒྱ་ནག་དང་ཨོ་སི་ཊོ་ལི་ཡའི་བར་ཚོང་གི་འབྲེལ་ལམ་སླར་གསོ་བྱེད་བཞིན་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་མཆོག་ཁུལ་དེར་ཕེབས་རྒྱུ་དེས་བོད་དང་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་དེ་དག་བརྗེད་མེད་པར་མཚོན་གྱི་ཡོད་པ་མ་ཟད། རྒྱ་ནག་དང་ཨོ་ས་ཊོ་ལི་ཡའི་འབྲེལ་ལམ་ཁྲོད་གནད་དོན་དེ་དག་མུ་མཐུད་བགྲོ་གླེང་གི་ཆ་ཤས་སུ་གནས་དགོས་གལ་ཡིན་པ་གསུངས་འདུག
དེ་བཞིན་ཕྱི་དྲིལ་བཀའ་བློན་མཆོག་གིས་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བཙན་ཤུགས་དང་བདག་དབང་ཡོད་ཚུལ་ཤུགས་ཆེར་རྩོད་བཞིན་པ་དེ་ནི་ཡུལ་ལུང་བྱེ་བྲག་པའི་ཞི་བདེ་དང་བདེ་འཇགས་ལ་ཉེན་འཚབ་ཙམ་མིན་པར་རྒྱལ་སྤྱིའི་ཁྲིམས་ལུགས་དང་མང་གཙོའི་ལམ་ལུགས་སོགས་ལའང་ཉེན་འཚབ་ཆེན་པོ་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག་པ་མ་ཟད། བོད་ཀྱི་མ་འོངས་འཐབ་རྩོད་རྒྱུན་སྐྱོང་གི་གནད་དོན་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་གཞོན་སྐྱེས་རྣམས་འགོ་ཁྲིད་དུ་གསོ་སྐྱོང་བྱ་རྒྱུ་ནི་སྔར་ལྷག་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསུངས་འདུག

མ་ཟད་ཨོ་སི་ཊོ་ལི་ཡའི་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་རྒྱ་ནག་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་ཀྱི་ངོ་བོ་དེ་རྩ་མེད་དུ་འགྲོ་རྒྱུའི་ཉེན་འཚབ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་བོད་རྒྱ་སྒྱུར་གྱི་སྲིད་བྱུས་དེ་འཆར་གཞི་དང་ལྡན་པའི་ཐོག་ནས་ལག་བསྟར་བྱེད་བཞིན་ཡོད་པ་གསུངས་འདུག

འདི་ག་རླུང་འཕྲིན་ཁང་གི་ཨོ་སི་ཊོ་ལི་ཡའི་བོད་ཀྱི་དོན་གཅོད་ཀརྨ་སེང་གེ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གཞན་ཡང་ཕྱི་ཚེས་ ༡༧ ཉིན་ཕྱི་དྲིལ་ལས་ཁུངས་དང་དོན་གཅོད་ལས་ཁུངས་གཉིས་ཀྱིས་གོ་སྒྲིག་ཞུས་པའི་ཨོ་སི་ཊོ་ལི་ཡའི་ཁུལ་གྱི་དྭངས་བླངས་བོད་དོན་ཞུ་གཏུགས་ལས་འགུལ་གྱི་འཐབ་བྱུས་ཚོགས་འདུ་དང་ཟབ་སྦྱོང་ཐོག་ལ་དབུ་བཞུགས་གནང་གི་ཡོད་པ་དང་འབྲེལ། ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན། ཁུལ་དེའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་དང་མཇལ་འཕྲད་ཙམ་མ་ཟད། བོད་དོན་ངོ་སྤྲོད་ཀྱི་གསུང་བཤད་རྒྱུ། དེ་བཞིན་བོད་རྒྱའི་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་། Think Tank ཞེས་བློ་མཛོད་བསྟི་གནས་ཁང་གི་ཚོགས་མི་ཁག་གཅིག་དང་མཇལ་མོལ་གནང་གི་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

གཞན་ཡང་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་ཐོག་ལའང་ལྷན་ཞུགས་གནང་གི་ཡོད་པ་མ་ཟད། ཁུལ་དེའི་བོད་རིགས་མི་མང་དང་ལྷན་དུའང་ཐུག་འཕྲད་གནང་གི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།