Tibetan Royal Year of 2151 | Year of the Wood Dragon

རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་ཉུང་ཤོས་ཅན་གྱི་ས་མཚམས་ས་ཁུལ་དུའང་རྒྱ་ནག་གིས་དམག་སྒར་རྒྱ་ཆེར་འཛུགས་བཞིན་པ་མངོན་གསལ།

Tibetan News Headlines

  • Dalai Lama congratulates president Murmu on her 66th birthday
  • China places stringent restrictions on access to sacred Tibetan religious site in Golok
  • Tibetans worldwide hold prayer vigils for Dalai Lama’s successful knee surgery
  • Xi’s visit to Tibetan areas in Qinghai shows continuation of his Sinicization policy
  • Australian Tibetan protestor hospitalized after attack by China supporter during Li Qiang’s visit
  • US approves new $360 million arms sale to Taiwan for drones, related equipment

རེས་གཟའ་ཕུར་བུ། ༢༠༢༤།༠༦།༢༠

  • ༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ Murmu མཆོག་གི་སྐྱེས་སྐར་ཉིན་འཚམས་འདྲི་སྩལ་བ། མགོ་ལོག་ཁུལ་གྱི་གནས་ཆེན་གཉན་པོ་གཡུ་རྩེ་རུ་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས།
  • བོད་མི་ཚོས་༸གོང་ས་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུ་བཞིན་འདུག
  • ཞི་ཅིན་ཕིང་གི་མཚོ་སྔོན་ལྟ་སྐོར་དེ་ནི་རྒྱ་གཞུང་གིས་བོད་མིའི་ཐོག་རྒྱ་བསྒྱུར་གྱི་སྲིད་བྱུས་དེ་མུ་མཐུད་ལག་བསྟར་མཁྲེགས་འཛིན་བྱེད་བཞིན་པའི་རྣམ་པ་རེད།
  • ཨོ་གླིང་བོད་མི་ཞི་རྒོལ་བར་རྒྱ་ནག་རྒྱབ་སྐྱོར་བས་ཉེས་རྡུང་གིས་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག
  • ཨ་རིས་ཐའེ་ཝན་ལ་ཨ་སྒོར་ས་ཡ་ ༣༦༠ ལྷག་གི་གོ་ལག་ཚོང་འགྲེམས་བྱ་རྒྱུ།

རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་ཉུང་ཤོས་ཡོད་སའི་ Uttrakhand ཁུལ་གྱི་འཕགས་བོད་ས་མཚམས་ས་ཁུལ་དུའང་དམག་སྒར་རྒྱ་ཆེར་གསར་རྒྱག་བྱེད་བཞིན་པ་མངོན་གསལ་གནང་འདུག

གཞི་རྩའི་རྒྱ་ནག་གིས་ཉེ་བའི་ལོ་ཤས་ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་དང་འབྲས་ལྗོངས། དེ་བཞིན་བྱང་ཤར་ཁུལ་གྱི་ཨ་རུ་ན་ཅལ་བཅས་སུ་ཆགས་པའི་འཕགས་བོད་ས་མཚམས་ས་ཁུལ་དུ་གྲོང་ཚོ་གསར་རྒྱག་གི་ལས་གཞི་ཙམ་མ་ཟད། དམག་སྒར་དང་ཟམ་ཆེན་གསར་འཛུགས་སོགས་ཀྱི་འཛུགས་སྐྲུན་ལས་གཞི་རྒྱ་ཆེ་སྤེལ་བའི་ཁྲོད། རྒྱ་ནག་བཅིངས་གྲོལ་དམག་མིས་རྒྱ་གར་གྱི་ས་ཁོངས་ནང་སིམ་འཛུལ་བྱས་པ་སོགས་ཀྱི་རྩོད་རྙོག་མང་དག་ཅིག་འབྱུང་བཞིན་པ་དང་། ལྷག་པར་ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་གལ་ཝན་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་མིའི་དབར་གདོང་ཐུག་ཤུགས་ཆེ་བྱུང་བའི་འོག་རྒྱལ་ཁབ་ཕྱོགས་གཉིས་ཀའི་དམག་མི་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།

ཁ་ས་ India Today བརྒྱུད་ལམ་གིས་ཟུང་སྐར་བརྒྱུད་བླངས་བའི་འདྲ་པར་དང་བཅས་པའི་གནས་ཚུལ་སྤེལ་བ་ནང་གསལ་ལྟར་ན། རྒྱ་ནག་གཞུང་གིས་སྔ་ལོའི་ཕྱི་ཟླ་ ༤ དང་ ༥ བར་ཕྱོགས་གཉིས་ས་མཚམས་ཀྱི་རྩོད་རྙོག་ཉུང་ཤོས་ཡོད་སའི་ Uttrakhand མངའ་སྡེའི་ Uttarkashi ས་མཚམས་ས་ཁུལ་གྱི་སྤྱི་ལེ་ ༤༠ ཙམ་གྱི་སར་གྲོང་ཚོ་གསར་འཛུགས་བྱས་ཡོད་པ་མ་ཟད། དེ་སྔ་གདོང་ཐུག་གི་གནད་དོན་རེ་བཟུང་བྱུང་སའི་ Barahoti ས་མཚམས་ཀྱི་ཉེ་འགྲམ་དུའང་རྒྱ་གཞུང་གིས་དམག་དོན་ལས་གཞི་མང་དག་ཅིག་སྤེལ་ཡོད་པ་མངོན་གསལ་གནང་འདུག

སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནང་དུ་མང་ཚོགས་གནས་སྡོད་བྱ་ཡུལ་ཡིན་ཚུལ་བཤད་པའི་འོག་འཕགས་བོད་ས་མཚམས་ཀྱི་ཉེ་འགྲམ་དུ་གྲོང་ཚོ་གསར་རྒྱག་དང་རྩེད་ཐང་སོགས་ཀྱི་འཛུགས་སྐྲུན་ལས་གཞི་རྒྱ་ཆེ་སྤེལ་ཡོད་ཀྱང་། གྲོང་ཚོ་དེ་དག་མང་ཆེ་བ་སྟོང་པ་ཡིན་པ་དང་། རྒྱ་གར་དམག་མིས་གསང་བའི་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ས་མཚམས་ས་ཁུལ་དུ་གནས་སྤོ་བྱེད་མཁན་མང་ཚོགས་མང་པོ་མེད་པའི་ཁྲོད། འཛུགས་སྐྲུན་དེ་དག་གཙོ་བོ་དམག་དོན་ཆེད་དུ་ཡིན་པ་མངོན་རྒྱུ་ཡོད་པ་དང་འབྲེལ། གྲོང་ཚོ་དེ་དག་གི་ནང་མངོན་གསལ་དོད་པོ་མ་ཡིན་པའི་ཐོག་དམག་མི་ཕོན་ཆེན་འགྲེམས་འཇོག་བྱེད་ཐུབ་རྒྱུ་ཡིན་པ་དང་། ས་ཁུལ་དེ་དག་ཐབས་བྱུས་ཀྱི་གལ་གནད་དང་འབྲེལ། མ་འོངས་པར་རྒྱ་ནག་གིས་ས་ཁུལ་དེ་དག་ནང་དམག་དོན་ལས་གཞི་སྤེལ་རྒྱུ་ལས་སླ་པོ་ཆགས་རྒྱུ་ཡིན་པ་གསུངས་འདུག

ཁ་སང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Subrahmanyam Jaishankar ལགས་ཀྱིས་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་འདས་པའི་ལོ་དུས་ནང་རྒྱ་གར་དང་ལྷན་དུ་འབྲེལ་ལམ་བཟང་དུ་ཕྱིན་མེད་སྐོར་དང་། དེའང་རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་རྒྱལ་ཁབ་ཕྱོགས་གཉིས་དབར་ས་མཚམས་ཀྱི་གྲོས་མཐུན་ལ་རྩིས་མེད་བཏང་སྟེ་དམག་མི་ཕོན་ཆེན་འགྲེམས་འཇོག་གིས་བཙན་འཛུལ་བྱེད་ཐབས་རྐྱེན་གྱི་ཡིན་པ་གསུངས་སྟེ། གནད་དོན་དེའི་རྐྱེན་པས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཕྱིན་པའི་ཁྲོད། རྒྱ་ནག་གཞུང་ཕྱོགས་ནས་ས་མཚམས་ཀྱི་རྙོག་གླེང་ལ་མ་ལྟོས་པར་ཕྱོགས་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་ཡོང་བའི་རེ་བ་བྱེད་ཚེ། དེ་ནི་རེ་བ་སྟོང་ཟད་ཡིན་པར་འགྲེལ་བརྗོད་ནན་པོ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།