Tibetan Royal Year of 2151 | Year of the Wood Dragon

  རྒྱ་ནག་གི་བཟོ་གྲྭ་མེར་བསྲེགས་པའི་དོན་རྐྱེན་ཁྲོད་འབར་མའི་མི་སེར་བཞི་ཅུ་བསད་འདུག

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འབར་མའི་ནང་དུ་མང་གཙོ་དང་དམག་གཞུང་གཉིས་ཀྱི་བར་དུ་འགལ་འདུ་ཆེ་རུ་འགྲོ་བཞིན་པའི་དུས་སྐབས་སུ། ཁ་སང་གཟའ་ཉི་མའི་ཉིན་འབར་མའི་ནང་གི་ Hlaingthaya གྲོང་ཁྱེར་ནང་དུ་རྒྱ་ནག་གི་བཟོ་གྲྭ་ཁག་ཅིག་ལ་ངོ་རྒོལ་གྱིས་མེར་བསྲེགས་བཏང་བའི་སྐབས།  འབར་མའི་དམག་མི་རྣམས་ཀྱིས་ངོ་རྒོལ་བའི་ཁྲོད་མེ་མདའ་བརྒྱབ་ཏེ་མི་༢༢ དམར་གསོད་བཏང་ཡོད་པ་དང་།  དེ་མིན་གྱི་ས་གནས་གཞན་ཞིག་ཏུ་ཡང་ངོ་རྒོལ་གྱི་དོན་རྐྱེན་ཁྲོད་མི་ ༡༦ དམར་གསོད་ཀྱིས་ཁྱོན་མི་ ༣༩ རྐྱེན་ལམ་དུ་བཏང་འདུགརྒྱ་ནག་གཞུང་གིས་འབར་མའི་དམག་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་ངོས་འཛིན་ཁྲོད་ཁ་སང་བྱུང་བའི་དོན་རྐྱེན་དེའི་རྗེས་ Hlaingthaya གཙོས་པའི་འབར་མའི་ས་གནས་ཁག་གཅིག་ཏུ་དྲག་པོའི་བཀའ་རྒྱ་བཏང་འདུག

འབར་མའི་དྲག་པོའི་གཞུང་གིས་གཉེར་བའི་ Myawadday ཞེས་པའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བར་ངོ་རྒོལ་བ་རྣམས་ཀྱིས་རྒྱ་ནག་གི་གྱོན་གོས་ཀྱི་བཟོ་གྲྭ་བཞི་དང་ལུད་རྫས་ཀྱི་བཟོ་གྲྭ་གཅིག་བཅས་མེར་བསྲེགས་བཏང་བའི་ཁྲོད་འབར་མིའི་མི་སེར་ ༢༠༠༠ ལྷག་གིས་མེ་གསོད་རུ་ཁག་ཡུལ་དངོས་སུ་འབྱོར་རྒྱུར་འགོག་རྐྱེན་བཟོས་ཡོད་ཚུལ་འཁོད་འདུག

རྒྱ་ནག་གཞུང་ཚབ་ཁང་གིས་དོན་རྐྱེན་དེའི་ཁྲོད་རྒྱ་ནག་གི་ལས་བྱེད་ཁག་ཅིག་ལ་རྨས་སྐྱོན་ཕོག་ཡོད་པར་འགྲེལ་བརྗོད་ཀྱིས་འབར་མའི་ངོས་ནས་རྒྱ་ནག་གི་མི་སེར་དང་དངོས་ཟོག་ལ་གཅེས་སྲུང་བྱེད་དགོས་པའི་འབོད་སྐུལ་བྱས་འདུག

རྒྱ་ནག་གིས་གཞུང་ཚབ་ཁང་གིས་ད་དུང་ངོ་དེབ་བརྒྱུད་ནས་ཐེངས་འདིའི་དྲག་སྤྱོད་ཀྱི་ལས་འགུལ་ཡོད་ཚད་འཕྲད་དུ་མཚམས་འཇོག་བྱེད་དགོས་པ་དང་འབྲེལ་ཁུལ་དེར་ཡོད་པའི་རྒྱ་ནག་གི་མི་སེར་རྣམས་དང་དངོས་ཟོག་ལ་དོ་ཕོག་མི་འགྲོ་རྒྱུའི་འབོད་སྐུལ་བྱས་ཡོད་ཀྱང་། འབར་མིའི་ཡུལ་མི་སྟོང་ཕྲག་མང་པོའི་དེར་ལན་འདེབས་ཀྱི་མཆན་བྲིས་བ་མ་ཟད། མི་མང་པོ་ཞིག་གིས་གད་མོ་ཤོར་བཞིན་ཡོད་པའི་བརྡ་སྟོན་གྱི་འགུལ་རིས་བརྒྱུད་ནས་མཆན་བཏབ་ཏེ་ད་ཆ་ཡུལ་དེའི་ནང་རྒྱ་ནག་ལ་སྡང་འཛིན་གྱི་བསམ་བློ་ཇེ་ཆེར་སོང་ཡོད་པ་ཕྱིར་མངོན་བཞིན་ཡོད་པ་རེད།

དེ་བཞིན་ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་གྱི་མགོ་ཁྲིད།  Ei Thinzar ཟེར་བས་ངོ་དེབ་དུ་རྒྱ་ནག་གསལ་བརྡ་བཏང་བ་ལྟར་ན། བཟོ་ལས་ཁང་གཉིས་མེར་བསྲེགས་བཏང་ཟིན། གལ་ཏེ་ཁྱེད་ཀྱི་འབར་མའི་ནང་དུ་བརྟན་བརླིང་གི་ཐོག་ནས་ཚོང་ལས་གཉེར་འདོད་ན། འབར་མིའི་མི་མང་ལ་བརྩི་བཀུར་ཞུ་དགོས་ཞེས་པའི་ཉེན་བརྡ་བཏང་ཡོད་འདུག

ཐེངས་འདིའི་འབར་མའི་མི་མང་གིས་དམག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གྱི་ནང་ངོ་རྒོལ་ལས་འགུལ་སྤེལ་མཁན་ཁོ་ན་མ་ཡིན་པར་དམག་མི་གཉིས་ཀྱང་རྐྱེན་འདས་སུ་ཕྱིན་ཡོད་འདུག དོན་རྐྱེན་དེ་བྱུང་མཚམས་སུ་འབར་མའི་ནང་གི་དབྱིན་ཡུལ་གཞུང་ཚབ་ངོས་ནས་མང་ཚོགས་ལ་དྲག་སྤྱོད་ཀྱི་ལས་འགུལ་རིགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག འབར་མའི་དྲག་པོའི་གཞུང་ནས་འཕྲལ་དུ་མང་ཚོགས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ཡུལ་དེའི་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།