རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཞེས་པ་ནི་དམག་ཆེན་གཉིས་པའི་རྗེས་མི་རིགས་དབྱེ་འབྱེད་ཀྱི་ཁྲིམས་ལུགས་གདུག་རྩུབ་ཆེ་ཤོས་ཤིག་ཡིན་པ་གསུངས་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

ཁ་སང་ཕྱི་ཚེས་ ༡ ཉིན་འཇར་མན་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་སེ་བྷ་སི་ཊི་ཡན་ཧིན་ཊར་སེ་ཧར་ Sebastian Hinterseher ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་གཞུང་གི་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བར་སེམས་འཚབ་མངོན་གསལ་དང་སྦྲགས། ཁྲིམས་ཡིག་འདིས་སྔར་ལྷག་བཙན་དབང་གི་མི་རིགས་མཉམ་བསྲེས་དང་གྲངས་ཉུང་མི་རིགས་ཀྱི་ངོ་བོར་རྩ་མེད་གཏོང་རྒྱུ་ཡིན་པ་མ་ཟད། ཡོ་རོབ་དང་འཇར་མན་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གི་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

མ་ཟད་ Sebastian Hinterseher ལགས་ཀྱིས་ཁྲིམས་ཡིག་འདིའི་བརྒྱུད་ནས་ད་ཡོད་རྒྱ་ནག་གཞུང་གི་གྲངས་ཉུང་མི་རིགས་ཐོག་བཟུང་བའི་སྲིད་བྱུས་ལ་ཁྲིམས་ལུགས་ཀྱི་གཞི་རྩ་རྒྱ་སྐྱེད་གཏོང་བ་དང་། ལྷག་པར་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལ་ཁྲིམས་མཐུན་བཟོ་བཞིན་ཡོད་པ་བརྗོད་འདུག་པ་མ་ཟད། ཁྲིམས་འདིའི་འོག་ནས་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་བྱ་འགུལ་ཤུགས་ཆེ་རུ་སྤེལ་ངེས་ཡིན་པ་ལྟར་ཁྲིམས་འདིའི་རྒྱ་ནག་རྒྱལ་ནང་ཙམ་མ་ཟད། རྒྱལ་ཁབ་གཞན་གྱི་མང་ཚོགས་ཀྱིས་གནས་བབས་ལའང་དོ་ཕོག་གཏོང་རྒྱུ་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་དང་སྦྲགས། འཇར་མན་གཞུང་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཇི་འདྲ་ཞིག་ཡིན་རུང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ་ནན་བརྗོད་གནང་འདུག

པར་དབང་། Tibet.net

སྤྱིར་ཁ་སང་ཕྱི་ཟླ་ ༧ ཚེས་ ༡ ཉིན་ཏེ་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་གཞི་དེ་རྒྱལ་ཡོངས་སུ་ལག་བསྟར་དངོས་སུ་འགོ་འཛུགས་བྱས་པ་དང་བསྟུན། རྒྱལ་སྤྱིའི་ཁྱོན་དུ་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་རྣམ་པ་འདྲ་མིན་བརྒྱུད་ནས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་མ་ཟད། ཨ་རི་དང་། ཉི་ཧོང། སུད་སི། ཨི་ཊ་ལི། དབྱིན་ཡུལ། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་སོགས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་ཀྱང་དྲྭ་ལམ་ཐོག་བརྙན་དང་བསྒྲགས་གཏམ་འདོན་སྤེལ་བརྒྱུད་རྒྱ་ནག་གི་ཁྲིམས་ཡིག་དེ་ཉིད་བོད་མི་གཙོ་བོར་འགྱུར་བའི་རྒྱ་ནག་གི་གྲངས་ཉུང་མི་རིགས་གཞན་རྣམས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པའི་སྐྱོན་བརྗོད་གནང་ཡོད། དེའི་ཁྲོད་འཇར་མ་ནིའི་གྲོས་ཚོགས་འཐུས་མི་ Michael Brand ལགས་ཀྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཞེས་པ་ནི་དམག་ཆེན་གཉིས་པའི་རྗེས་མི་རིགས་དབྱེ་འབྱེད་ཀྱི་ཁྲིམས་ལུགས་གདུག་རྩུབ་ཆེ་ཤོས་ཤིག་ཡིན་པ་གསུངས་པ་དང་སྦྲགས་རྒྱལ་སྤྱིའི་མང་ཚོགས་ནས་ངོ་རྒོལ་བརྒྱུད་རྒྱ་ནག་གི་འགོ་ཁྲིད་ཚོར་ཁྲིམས་ཡིག་དེ་ཕྱིར་འཐེན་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག

Michael Brand

ཕྱོགས་མཚུངས་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཉེ་ལམ་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་བཞི་ཡིས་རྒྱ་ནག་གཞུང་གིས་ཁྲིམས་གསར་པ་དེར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་ཆེད་འདོན་གནང་བ་དང་། གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་དམིགས་བསལ་བསྒྲགས་གཏམ་འདོན་སྤེལ་བརྒྱུད་རྒྱ་གཞུང་ལ་སྐྱོན་བརྗོད་དྲག་པོ་གནང་བ་མ་ཟད། ཁ་སང་ཨ་རིའི་གྲོས་ཚོགས་འཐུས་མི་ Jim McGovern དང་ Chris Smith དེ་བཞིན་ Khanna གསུམ་གྱིས་སྣེ་འཁྲིད་འོག གྲོས་ཚོགས་འོག་མའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་འཐུས་མི་ ༡༤ ཡིས་ཨ་རི་ཕྱི་སྲིད་བློན་ཆེན་ Marco Rubio མཆོག་ལ་དོན་ཚན་ལྔ་ཅན་གྱི་ཞུ་སྙན་ཞིག་ཕུལ་ཏེ་ཁྲིམས་ཡིག་དེ་ཉིད་ལ་ཡོང་གྲགས་སྒོ་ནས་སྐྱོན་བརྗོད་གནང་དགོས་པའི་ཞུ་སྐུལ་གནང་འདུག

དེ་ཡང་ཁ་ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ Jim McGovern ལགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་ཐོན་པར་གཞིགས་ན། ཞུ་སྙན་དེའི་ནང་རྒྱ་ནག་གི་ཁྲིམས་ཡིག་དེ་ནི་མི་རིགས་མཐུན་སྒྲིལ་གྱི་མིང་འོག་ནས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་དང་བསམ་བློར་བསྒྱུར་བཅོས། དེ་བཞིན་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་རྒྱུའི་ཆེད་དུ་ལག་ཆ་ལྟ་བུར་འགྱུར་ཡོད་པས་བློན་ཆེན་མཆོག་ནས་རྒྱ་ནག་གཞུང་འབྲེལ་མི་སྣ་མཇལ་འཕྲད་སྐབས་ཁྲིམས་དེའི་སྐོར་ཡོངས་ཁྱབ་གླེང་སློང་གནང་དགོས་པ་དང་། བློ་མཐུན་རྒྱལ་ཁབ་ཁག་དང་མཉམ་དུ་གནད་དོན་དེ་འབྲེལ་གླེང་སློང་གནང་དགོས་གལ་ཆེ་བ་ཡིན་པ་བརྗོད་འདུག

དེ་བཞིན་ཞུ་ཡིག་དེའི་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་དེའི་འོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་རྩ་བརླག་འགྲོ་སྲིད་པའི་ཉེན་ཁ་ཡོད་པ་བརྗོད་འདུག་པ་མ་ཟད། དེ་ནི་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ཙམ་མ་ཟད། གྲངས་ཉུང་མི་རིགས་ཀྱི་ཁྲིམས་དང་བརྒལ་ཡོད་པ་བརྗོད་འདུག

མ་ཟད་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་ཨ་རི་གཙོས་པའི་རྒྱལ་ཁབ་འདྲ་མིན་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་ལྟ་སྲུང་སོགས་བྱེད་བཞིན་པར་སྐྱོན་བརྗོད་དང་འབྲེལ། གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་དང་དམ་དྲག་གི་ལས་དོན་དེ་དག་སྤེལ་མཁན་གྱི་རྒྱ་ནག་གཞུང་འབྲེལ་མི་སྣ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པ་བརྗོད་འདུག

རྩ་བའི་ཁ་སང་ཟླ་ ༧ ཚེས་ ༡ ནས་རྒྱ་ནག་གཞུང་གི་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་དེ་དངོས་སུ་ལག་བསྟར་བྱས་ཡོད་པ་དང་འབྲེལ། རྒྱ་གར་དང་ཨ་རི། ཨོ་གླིང་། དེ་བཞིན་ཡོ་རོབ་ཀྱི་རྒྱལ་ཁབ་རིམ་པའི་ནང་མི་མང་བརྒྱ་ཕྲག་འདུ་འཛོམས་ཀྱིས་ཁྲིམས་ཡིག་དེར་སྐྱོན་བརྗོད་དང་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་གཙོས་པའི་རྒྱལ་སྤྱི་ཚོགས་སྡེ་ཁག་གི་དབུ་ཁྲིད་དང་མི་མང་སོགས་ནས་ཁྲིམས་ཡིག་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་དང་ངོས་ལེན་རྩ་བ་ནས་མེད་པ་ནན་བརྗོད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།