རྒྱ་ནག་གི་ས་ཁུལ་གཞན་དང་མི་འདྲ་བར་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་དམ་དྲག་ཆེ་བ་ཡོད་པ་མངོན་གསལ་གནང་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

ཨ་རི་གཞུང་གིས་ཕྱི་ལོ་ ༢༠༡༨ ལོར་གཏན་བེབས་གནང་བའི་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་ཁྲིམས་སྒྲིག་གི་འབྲུ་དོན་འོག་ནས་ཉེ་ཆར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ལས་དོན་སྡེ་ཚན་གྱི་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ཞིག་ཨ་རིའི་གྲོས་ཚོགས་ལ་འགོད་འབུལ་ཞུས་པའི་ནང་དུ། རྒྱ་ནག་གི་ས་ཁུལ་གཞན་ལས་བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་པའི་བོད་ཀྱི་ས་ཁུལ་གཞན་ཁག་ཏུ་འགྲུལ་བསྐྱོད་བྱ་རྒྱུར་དམ་དྲག་ཆེ་བ་ཡོད་པ་མངོན་གསལ་གནང་འདུག

US Report: Tibet Remains Closed to Foreigners Under Tight Chinese Controls, Cites Harassment and Surveillance

རྩ་བའི་ཕྱི་ལོ་ ༢༠༡༨ ལོར་ཨ་རི་གྲོས་ཚོགས་གོང་འོག་གཉིས་ཀྱིས་གཏན་འབེབས་རྗེས། ཨ་རིའི་སྲིད་འཛིན་གྱི་མཚན་རྟགས་བཀོད་པ་དང་འབྲེལ་ནས་ཨ་རིའི་ཁྲིམས་སུ་གྱུར་བའི་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་ཁྲིམས་སྒྲིག་འོག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་ལོ་ལྟར་ཨ་རིའི་གྲོས་ཚོགས་ལ་ཨ་རིའི་ངོས་ནས་རྒྱ་ནག་གི་དཔོན་རིགས་དང་གསར་འགོད་པ། དེ་བཞིན་མི་སེར་རྣམས་ལ་ཨ་རིའི་ནང་དུ་བཀག་སྡོམ་མེད་པའི་ཐོག་ནས་བསྐྱོད་རྒྱུའི་རང་དབང་སྤྲད་ཀྱི་ཡོད་པ་བཞིན། རྒྱ་ནག་གི་ངོས་ནས་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་ཨ་རིའི་མི་སེར་རྣམས་ལ་བོད་ནང་དུ་བསྐྱོད་རྒྱུར་རང་དབང་གཅིག་མཚུངས་སྤྲད་དགོས་པའི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ཞིག་འགོད་འབུལ་ཞུ་དགོས་ཀྱི་ཡོད་པ་རེད། སྙན་ཐོ་དེའི་ནང་དུ་རྒྱ་ནག་གི་ས་ཁུལ་གཞན་དང་བོད་ནང་དུ་འགྲུལ་བསྐྱོད་རང་དབང་གི་གནས་སྟངས་དང་། བོད་མི་གནས་སྡོད་ཡོད་པ་དང་མེད་པའི་ས་ཁུལ་ནང་དུ་འགྲུལ་བསྐྱོད་རང་དབང་གི་གནས་སྟངས། དེ་བཞིན་སྔ་ལོ་དང་བསྡུར་ན་གནས་སྟངས་ཡར་རྒྱས་ཕྱིན་ཡོད་མིན་བཅས་ལ་ཞིབ་བསྡུར་གྱི་འབྲུ་དོན་བཀོད་དགོས་ཀྱི་ཡོད་པ་རེད།

ཟླ་བ་འདིའི་ཚེས་ ༢༤ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་གནས་ཐོག ཨ་རིའི་གྲོས་ཚོགས་སུ་འགོད་འབུལ་ཞུས་པའི་སྙན་ཐོ་འདོན་སྤེལ་གནང་བའི་ནང་དུ། ཕྱི་ལོ་ ༢༠༢༤ ལོར་ཨ་རིའི་གཞུང་འབྲེལ་མི་སྣས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་བསྐྱོད་རྒྱུའི་གཞུང་འབྲེལ་སྙན་ཞུ་ཐེངས་ ༥ ཕུལ་བར་རྒྱ་ནག་གཞུང་གིས་དང་ལེན་བྱས་མེད་པ་མ་ཟད། ཕྱི་ལོ་ ༢༠༢༣ གྱི་ནང་དུའང་སྙན་ཞུ་ཐེངས་ ༣ ལ་ངོས་ལེན་བྱས་མེད་པ་བཅས། གང་ལྟར་ཕྱི་ལོ་ ༢༠༡༩ ནས་བཟུང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ཨ་རིའི་གཞུང་འབྲེལ་མི་སྣ་གཅིག་ཀྱང་བསྐྱོད་རྒྱུའི་ཆོག་མཆན་སྤྲད་མེད་པ་དང་། དེ་དག་གི་རྐྱེན་པས་ཨ་རིའི་གཞུང་ཚབ་ལས་བྱེད་པ་རྣམས་ལ་བོད་ནང་བསྐྱོད་མཁན་དེ་གའི་མི་སེར་རྣམས་ལ་ཕྱག་རོགས་ཆེད་དུ་བོད་ནང་བསྐྱོད་ཐུབ་མེད་པའི་ཁར། བོད་ནང་གཞུང་ཚབ་ཀྱི་ལས་དོན་སྤེལ་རྒྱུ་དང་ལྷག་པར་དུ་བོད་ནང་གི་གནས་སྟངས་རྟོག་ཞིབ་གནང་རྒྱུ་སོགས་ལ་འགོག་རྐྱེན་ཆེན་པོ་ཕྲད་ཡོད་པ་མངོན་གསལ་གནང་འདུག

དེའི་ཁྲོད་ཕྱི་རྒྱལ་ཡུལ་འགྲུལ་པ་རྣམས་ལ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་བསྐྱོད་རྒྱུར་རྒྱ་ནག་གཞུང་ནས་དམིགས་བསལ་ཆོག་མཆན་ཡིག་ཆ་ལེན་དགོས་པ་དང་། མི་རེ་བཟུང་ལ་ཆོག་མཆན་སྤྲད་པ་རྣམས་ལ་གཞུང་གིས་ངོས་ལེན་ཡོད་པའི་འགྲུལ་བཞུད་ལས་ཁུངས་བརྒྱུད་ནས་འགྲུལ་བཞུད་བྱེད་དགོས་པ་དང་། བོད་ནང་ཡོད་སྐབས་རྒྱ་ནག་གཞུང་གིས་བསྐོ་འཛུགས་བྱས་པའི་གནས་ཤན་པའི་ལྷན་དུ་མ་གཏོགས་རང་དབང་ཐོག་འགྲུལ་བསྐྱོད་ཆོག་གི་མེད་པ། ལྷག་པར་དུ་གསུམ་བཅུའི་དུས་དྲན་དང་༸རྒྱལ་བའི་འཁྲུངས་སྐར་ལྟ་བུའི་ཆབ་སྲིད་དང་འབྲེལ་བའི་ཚོར་བ་རྣོ་བའི་དུས་སྐབས་སུ་ཕྱི་མི་གཅིག་ཀྱང་གཏང་གི་མེད་པ། དེའི་ཁྲོད་ཕྱི་ཕྱོགས་ཀྱི་དྲྭ་རྒྱའི་ཐོག་ཤུགས་རྐྱེན་ཡོད་པའི་མི་སྣ་དང་ཁག་གཅིག་ལ་བོད་ནང་བསྐྱོད་བཅུག་པ་དེ་དག་དོ་དམ་ནན་པོའི་འོག་བསྐྱོད་ཡོད་སྟབས། ཁོང་ཚོའི་བཟོ་བསྐྲུན་བྱས་པའི་སྙན་པར་ཁག་གི་བོད་ནང་གི་གནས་སྟངས་དངོས་མཚོན་ཐུབ་ཀྱི་མེད་པ་གསུངས་འདུག

དེའི་ཁྲོད་མཚོ་སྔོན་དང་ཟི་ཁྲོན། ཀན་སུ། ཡུ་ནན་སོགས་བོད་ཀྱི་ས་ཁུལ་གཞན་ཁག་ཏུ་བསྐྱོད་པའི་སྐབས་སུ་བོད་རང་སྐྱོང་ཟེར་བ་ལྟ་བུའི་དམིགས་བསལ་ཆོག་མཆན་རིགས་དགོས་ཀྱི་མེད་ཀྱང་། ས་ཁུལ་དེ་དག་ནང་དུ་བསྐྱོད་མཁན་གྱི་ཨ་རིའི་གཞུང་འབྲེལ་མི་སྣ་གཙོས་པའི་ཕྱི་མི་རྣམས་ལ་ས་གནས་བོད་མི་དང་བོད་པའི་སྤྱི་ཚོགས་ལྷན་དུ་དོན་ཕན་ལྡན་པའི་འབྲེལ་མོལ་བྱེད་རྒྱུ་དང་། ས་གནས་གང་སར་བསྐྱོད་མ་བཅུག་པ། ལྟ་སྲུང་ནན་པོ་འཇིགས་སྐུལ་བྱས་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་མངོན་གསལ་གནང་འདུག

སྙན་ཐོའི་ནང་ལྷག་པར་དུ་ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས་ལ་ཡིག་ཆ་འཕར་མ་དགོས་པ་དང་། མཐོང་མཆན་གྱི་འདྲི་རྩད་སླད་མི་གང་ཟག་བསྐྱོད་དགོས་པ། དེ་བཞིན་རྒྱབ་ལྗོངས་ཞིབ་བཤེར་འཕར་མ་བྱས་པ་སོགས་གཞན་དང་མི་འདྲ་བའི་དམ་དྲག་ཤུགས་ཆེ་བ་བྱེད་ཀྱི་ཡོད་པ་མ་ཟད། བོད་མི་ཁག་གཅིག་ལ་ས་གནས་སུ་སླེབས་པའི་རྗེས་སུ་སུན་གཙེར་དང་འདྲི་རྩད། དེ་བཞིན་དྲྭ་རྒྱའི་ལྟ་སྲུང་བྱས་པའི་ཁྲོད། བོད་མི་ཁག་གཅིག་ལ་ལག་ཐོག་ཁ་པར་ནང་དུ་རྒྱ་གཞུང་གིས་ལྟ་སྲུང་མཉེན་ཆས་བཙན་དབང་ཐོག་བེད་སྤྱོད་བྱས་བཅུག་པ་སོགས་ཀྱིས། བོད་མིར་དབྱེ་འབྱེད་ཀྱི་རྣམ་པ་དེར་སེམས་འཚབ་དང་བོད་མི་དེ་དག་ལ་བོད་ནང་ཡོད་པའི་རང་གི་ནང་མི་རྣམས་ལ་དཀའ་ངལ་མི་འཕྲད་པའི་ཆེད་དུ་ཨ་རི་གཙོས་པའི་བཅའ་སྡོད་རྒྱལ་ཁབ་ནང་དུ་རང་གི་རང་ལ་དམ་དྲག་བྱེད་གཞི་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་གསུངས་འདུག

དེའི་བར་ན་དེ་སྔ་ཕྱི་ལོ་ ༢༠༢༠ ལོར་ཁྲན་ཏུའ་ནང་གི་ཨ་རིའི་གཞུང་ཚབ་ལས་ཁུངས་དེ་སྒོ་བརྒྱབ་པའི་རྗེས་སུ། པེ་ཅིང་ནང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་དང་བོད་དབར་ས་ཐག་རིང་བ་སོགས་ཀྱི་ཁྲོད་ནས་བོད་ནང་བསྐྱོད་མཁན་གྱི་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་མི་སེར་དཀྱུས་མ་རྣམས་ལ་གཞུང་ཚབ་ལས་ཁུངས་ཀྱི་ཕྱག་རོགས་མཐུན་རྐྱེན་སྦྱར་མ་ཐུབ་པ་དང་། བོད་ནང་གི་གནས་སྟངས་དངོས་རྟོག་ཞིབ་བྱས་མ་ཐུབ་པའི་དཀའ་ངལ་འཕར་མ་མང་དག་ཅིག་འཕྲད་བཞིན་ཡོད་པ་སོགས་མངོན་གསལ་གནང་འདུག

རྩ་བའི་དེང་སྐབས་ཨ་རྒྱ་གཉིས་དབར་ཚོང་འབྲེལ་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པའི་ཁྲོད། ད་རེས་བོད་ནང་འདྲ་མཉམ་འགྲུལ་བསྐྱོད་ཀྱི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་དེས་ཨ་རིའི་གཞུང་གིས་སེམས་འཚབ་བྱེད་བཞིན་པ་རྣམས་དངོས་བདེན་ཡིན་པ་ར་སྤྲོད་གནང་ཡོད་པ་ལྟར། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རྣམས་ནས་སྙན་ཐོ་དེར་དགའ་བསུ་ཞུས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།