Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གིས་ཐེ་ཝན་དང་རྒྱ་གར་ཐོག་དྲག་གནོན་བྱེད་བཞིན་པ་དེ་ངོས་ལེན་གནང་ཐབས་བྲལ་བར་ནན་བརྗོད་གནང་དགོས།

Tibetan News Headlines

  • Gangjong Sherig Norling Educational Institute’s Closure Signals Heightened Assimilation Efforts in Tibet:  Discussion

རེས་གཟའ་སྤེན་པ། ༢༠༢༤།༠༧།༢༧

  • རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གལ་གནད་དང་སྒོ་བརྒྱབ་པའི་ཤུགས་རྐྱེན། རྒྱ་གཞུང་གིས་བོད་སྐད་ཡིག་བཙན་སྒྱུར་གྱི་སྲིད་བྱུས་སྐོར་གླེང་མོལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་རྒྱ་ནག་ལ་གཞུང་འབྲེལ་ཕྱོགས་སྐྱོད་གནང་གི་ཡོད་པ་དང་བསྟུན། ཁ་སང་ཕྱི་ཟླ་ ༢ ཚེས་ ༡ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ཕྱི་སྲིད་དྲུང་ཆེ་མཆོག་གི་མཚན་ཐོག་ཏུ་ཞུ་སྙན་ཞིག་ཕུལ་ཏེ་ཨ་རིའི་ངོས་ནས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ལ་འདྲི་རྩད་ནན་པོ་གནང་དགོས་པ་མ་ཟད། རྒྱ་ནག་གིས་ཐེ་ཝན་དང་རྒྱ་གར་ཐོག་དྲག་ཤུགས་སྤྱོད་བཞིན་པ་དེ་ནམ་ཡང་ངོས་ལེན་གནང་ཐབས་མེད་ཅེས་ཡོངས་གྲགས་ཀྱི་སྒོ་ནས་མངོན་གསལ་གནང་དགོས་ཞེས་འབོད་སྐུལ་གནང་འདུགཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ཟླ་བ་འདིའི་ཚེས་ལྔ་ཉིན་རྒྱ་ནག་ཏུ་ཆེད་ཕེབས་གནང་རྒྱུ་དང་ཡུལ་དེའི་ནོར་སྲིད་དྲུང་ཆེ་ལྕམ་སྐུ་ Janet Yellen མཆོག་ཀྱང་མགྱོགས་མྱུར་ཡུལ་དེར་གཞུང་འབྲེལ་ཕེབས་ཀྱི་ཡོད་པ་ལྟར། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་དབུས་པའི་ཕྱག་སྦྲེལ་འཐུས་མི་བཅུ་བཞིས་ཁོང་རྣམ་པར་ཞུ་སྙན་ཞིག་ཕུལ་ཡོད་པའི་ནང་རྒྱ་ནག་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་དེ་ཡིན་པར་མངོན་གསལ་དང་སྦྲགས། ཨ་རིའི་སྲིད་འཛིན་སྐུ་ཞབས་ Biden མཆོག་དང་སྲིད་འཛིན་ཟུར་པ་སྐུ་ཞབས་ Trump མཆོག་གཉིས་ཀའི་ངོས་ནས་རྒྱ་ནག་དམར་པོའི་གཞུང་གིས་ཤིན་ཅང་ནང་གི་ཡུ་གུར་གཙོ་བོར་གྱུར་བའི་ཁ་ཆེའི་གྲངས་ཉུང་མི་རིགས་དག་ལ་ཁྲིམས་འགལ་གྱིས་དྲག་གནོན་དང་བཀག་སྐྱིལ། བཙན་ཤེད་ཀྱིས་ངལ་རྩོལ་བསྒྱུར་བཀོད། དུར་སྦེད། རྩུབ་སྤྱོད་སྤེལ་བ། བེུད་རྣམས་ལ་མངལ་དབྱུང་བ་དང་སྐྱེ་སྒོ་བཀག་པ་བཅས་ནི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ཞིག་ཡིན་པར་མ་ཟད། མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་ཞིག་ཀྱང་ཡིན་པར་ཡོངས་གྲགས་ཐོག་ནས་འགྲེལ་བརྗོད་གནང་ཡོད་ཀྱང་། རྒྱ་ནག་གི་ངོས་ནས་དུས་ད་ལྟའང་བྱ་སྤྱོད་དེ་རིགས་མུ་མཐུད་སྤེལ་བཞིན་པ་དང་ལྷག་པར་བོད་མི་དང་ཡི་ཤུ་པ། ཧྥ་ལུང་གྷོང་ཆོས་བརྒྱུད་འཛིན་པ་སོགས་ལ་མུ་མཐུད་བཙན་ཤེད་ཀྱིས་དྲག་གནོན་བྱས་དང་བྱེད་མུས་མ་ཚད་པར་རྒྱ་གར་ཞི་བདེའི་རྒྱ་མཚོ་དང་དེ་ལས་བརྒལ་ནས་ས་ཁུལ་ཁག་ལ་དྲག་གནོན་བྱེད་འགོ་ཚུགས་ཡོད་སྐོར་གསུངས་འདུག

གྲོས་ཚོགས་འཐུས་མི་དེ་དག་གིས་ད་དུང་རྒྱ་ནག་གིས་ཐེ་ཝན་ཐོག་དྲག་ཤུགས་བེད་སྤྱོད་དང་འཕགས་བོད་ས་མཚམས་ཐོག་དྲག་རྒོལ་བྱས་པ་མ་ཟད་ཕྱིའི་རྒྱལ་ཁབ་ཨ་རི་དང་ཉི་ཧོང་། དབྱིན་ཡུལ་སོགས་ཀྱི་ནང་དུ་ཉེན་རྟོག་ལས་ཁུངས་བཙུགས་ཏེ་གསང་མྱུལ་བ་སོགས་ལས་དོན་གཉེར་ནས་རྒྱལ་ཁབ་གཞན་གྱི་གནས་ཚུལ་མཁོ་སྒྲུབ་བྱེད་བཞིན་པ་བཅས་ཐེར་འདོན་གྱིས་ཞི་ཅིན་ཕིང་གིས་ད་ལྟའང་རང་རྒྱལ་ཁབ་ཀྱི་ལྐོག་གི་དམིགས་ཡུལ་ལེགས་གྲུབ་ཆེད་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁག་ལ་འཛིགས་སྐུལ་གྱི་བྱ་སྤྱོད་སྤེལ་མུས་ཡིན་པ་དེ་རྩ་འགོག་གནང་དགོས་པ་དང་། དེའང་ལས་དོན་གནད་ཆེ་ཤོས་ལ་རྩིས་དགོས་པའི་ནན་སྐུལ་གནང་འདུགཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་དང་ལྕམ་སྐུ་ Yellen མཆོག་རྣམ་གཉིས་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་པའི་གོ་སྐབས་དེ་སྤྱོད་ནས་རྒྱ་ནག་གི་ཕྱི་སྲིད་དྲུང་ཆེ་དང་ཐུག་འཕྲད་ནམ་བྱུང་ལ་གོང་གནད་དང་ལྷག་པར་ཨ་རིའི་ངོས་ནས་རྒྱ་ནག་གིས་ཨ་རིའི་མི་སེར་དང་ཨ་རིའི་ཚོང་པ། དེ་བཞིན་ཨ་རིའི་མཐུན་ཕྱོགས་རྒྱལ་ཁག་ལ་དྲག་གནོན་ཡུན་རིང་བྱས་ཚེ་དེར་མགོ་སྒུར་ཐབས་མེད་པ་མངོན་གསལ་གནང་དགོས་སྐོར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།