Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་རྒྱ་ནག་ཏུ་ཕེབས་རྒྱུ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་རིང་མིན་ཕྱི་ཟླ་ ༢ པའི་ནང་རྒྱ་ནག་ཏུ་ཕེབས་གཏན་ཁེལ་འདུག

ཁ་སང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་རྒྱ་ནག་ཏུ་རིང་མིན་ཕྱི་ཟླ་ ༢ ཚེས་ ༥ དང་ ༦ བཅས་ཉིན་གྲངས་གཉིས་རིང་གི་འཚམས་གཟིགས་གནང་རྒྱུ་ཡིན་པ་དང་། ཁ་སྔོན་རེས་གཟའ་མིག་དམར་ཉིན་ཨ་རིའི་གཞུང་འབྲེལ་ལས་བྱེད་ཀྱིས་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱི་ཟླ་ ༢ ཚེས་ ༥ ཉིན་འབྱོར་བ་དང་བསྟུན་རྒྱ་ནག་གི་ངོ་ཚབ་དང་ཐུག་འཕྲད་ཀྱིས་གྲོས་མོལ་གནང་རྒྱུ་ཡིན་པར་གསུངས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་མཛད་རིམ་ཁག་ད་ཆ་ཕྱིར་བསྒྲགས་གནང་མེད་ཀྱང་འཚམས་གཟིགས་ཁྲོད་སྐུ་ཞབས་ Blinken མཆོག་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Qin Gang དང་ཐུག་འཕྲད་གནང་རྒྱུ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཀྱང་ཐུག་སྲིད་པ་རེད་ཅེས་གསུངས་འདུག 

རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin ཡིས་སྐུ་ཞབས་ Blinken མཆོག་གི་འཚམས་གཟིགས་ལ་དགའ་བསུ་ཞུས་པ་དང་སྦྲགས་ཏེ་ཁོ་པས་སྐུ་ཞབས་ Blinken མཆོག་གི་འཚམས་གཟིགས་དེའི་ཐོག་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཡག་པོ་ཡོང་རྒྱུ་དང་། ལྷག་པར་དུ་ཨ་རིས་རྒྱ་ནག་ལ་ལྟ་སྟངས་ལ་འགྱུར་ལྡོག དེ་བཞིན་རྒྱ་ནག་ལ་གདོང་ལེན་བྱས་པ་ལས་གྲོས་མོལ་གནང་རྒྱུ་དང་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཁྲོད་གཉིས་ཕན་གྱི་བསམ་བློ་གཏོང་བར་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་འདུག

གཞི་རྩའི་ཨ་རྒྱ་གཉིས་དབར་འདས་པའི་དུས་ཡུན་ནས་ཐེ་ཝན་གྱི་གནད་དོན་དང་ཚོང་འབྲེལ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་དུ་མའི་རྐྱེན་གྱིས་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད།

སྐུ་ཞབས་ Blinken མཆོག་གིས་བདུན་ཕྲག་སྔོན་མར་ཨ་རི་དང་ཉི་ཧོང་གི་ཕྱི་སྲིད་དང་བདེ་སྲུང་གི་བློན་ཆེན་དང་ཐུག་འཕྲད་སྐབས་རྒྱ་ནག་ནང་གི་ཕྱོགས་སྐྱོད་ཀྱི་དམིགས་ཡུལ་ནི་ཕན་ཚུན་གྲོས་མོལ་གནང་རྒྱུའི་བརྒྱུད་ལམ་དེ་མུ་མཐུད་རྒྱུན་འཁྱོངས་གནང་རྒྱུ་ཡིན་པ་དང་། ཨ་རི་ངོས་ནས་རྒྱ་ནག་དང་འགྲན་རྩོད་དེ་འགན་ཁུར་ལྡན་པའི་ཐོག་ནས་གནང་རྒྱུ་ཡིན་པ་གསུངས་ཡོད།

རྩ་བའི་སྐུ་ཞབས་ Blinken མཆོག་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་རྒྱུ་དེ་ནི་དེ་སྔོན་བྷ་ལི་ནང་ཚོགས་པའི་ G20 ལྷན་ཚོགས་སྐབས་ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་དང་ཞི་ཅིན་ཕིང་གཉིས་ཟུར་དུ་ཐུག་འཕྲད་བྱུང་སྐབས་གོ་བསྡུར་གནང་སྟེ་ཐག་གཅོད་གནང་བ་ཞིག་ཆགས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།