Tibetan Royal Year of 2152 | Year of the Wood Snake

རྒྱ་ནག་གིས་ཡོ་རོབ་ཁུལ་དུ་གནོན་ཤུགས་དང་འབྲེལ་བའི་ཉན་ཞིབ་ཐོག་བོད་མིས་བདེན་དཔང་ར་འཕྲོད་གནང་བ།

Tibetan News Headlines

  • Dalai Lama Affirms Continuation of His Institution; Declares Gaden Phodrang Trust as Sole Authority on Reincarnation
  • Tibetan Religious Heads Pass Resolution Rejecting Political Exploitation of Dalai Lama’s Reincarnation
  • U.S. Government Restores $7 Million in Funding to CTA, Reversing Cuts by Trump Administration
  • Europe and Taiwan join 90th birthday celebration of the Dalai Lama

རེས་གཟའ་ལྷག་པ། ༢༠༢༥།༠༧།༠༢

  • ༸གོང་ས་མཆོག་གིས་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།
  • ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཆབ་སྲིད་ཀྱི་ཁེ་ཕན་སླད་བེད་སྤྱོད་བྱེད་པར་སྐྱོན་བརྗོད་ཙམ་མ་ཟད་ནམ་ཡང་ངོས་ལེན་བྱེད་ཀྱི་མིན།
  • ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་ཨ་སྒོར་ས་ཡ་ ༧ བསྐྱར་གསོ་གནང་འདུག
  • ཡུ་རོབ་དང་ཐའེ་ཝན་ནང་དུ་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།

ཁ་སང་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་གྱི་ཕྱག་ཚོད་ ༩ ནས་ ༡༡ བར་ཡོ་རོབ་གྲོས་ཚོགས་སུ་ཡོ་རོབ་མཐུན་ཚོགས་དང་ World uyghur congress ཞེས་པ་རྒྱལ་སྤྱིའི་ཡུ་གུར་ཚོགས་པ་དེ་བཞིན་ Federazione italiana diritti umani བཅས་ཀྱི་གོ་སྒྲིག་འོག་ཨོ་རོབ་ཁུལ་དུ་གནས་བཞུགས་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ་སོགས་ལ་རྒྱ་ནག་གཞུང་གི་ཉེན་རྟོག་ལས་ཁུངས་སོགས་བརྒྱུད་ནས་སུན་གཙེར་དང་ཐེ་གཏོགས་བྱས་པ་སོགས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་རིམ་པ་བྱེད་བཞིན་པའི་ཁྲོད་ཡོ་རོབ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྲིད་བྱུས། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་གནད་དོན་ལ་རྒྱ་ནག་གིས་ཡོ་རོབ་ཁུལ་དུ་ཐེ་བྱུས་དང་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པ་ཞེས་པའི་བརྗོད་གཞིའི་ཐོག་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཞོན་དབུས་བཞུགས་ཐོག་ཉན་ཞིབ་ལས་རིམ་ཞིག་ཚོགས་ འདུག

ཉན་ཞིབ་ལས་རིམ་ཐོག་བོད་མིའི་སྐུ་ཚབ་ནི་ཐར་ལན་ཌིས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་དང་། རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་ཚོགས་གཙོ། ཧོང་ཀོང་མང་གཙོའི་དོན་གཉེར་བའི་ལས་འགུལ་བ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་མཐུན་ཚོགས་ཀྱི་འབྲེལ་མཐུད་པ་སྐུ་ཞབས་ Vincent Metten ལགས་བཅས་གདན་ཞུས་ཀྱིས་གསུང་བཤད་གནང་འདུག

སྐབས་དེར་ནི་ཐར་ལན་ཌིས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱིས་ཡོ་རོབ་ཁུལ་དུ་གནས་བཞུགས་བོད་མི་དང་ལས་འགུལ་བར་རྒྱ་ནག་གཞུང་གིས་སོ་མྱུལ་དང་ཐེ་བྱུས་བྱས་པའི་དཀའ་ངལ་མྱོང་བཞིན་པ་དང་། ལྷག་པར་དུ་བོད་མིས་ལས་འགུལ་སྤེལ་བར་གཞིས་བཞུགས་ཕ་མ་སྤུན་མཆེད་ལ་འཇིགས་སྐུལ་བྱས་ཏེ་བྱེས་ཀྱི་བོད་མིར་གནོན་ཤུགས་སྤྲོད་བཞིན་ཡོད་པར་ངོ་སྤྲོད་དང་སྦྲགས། དཀའ་ངལ་དེ་དག་མི་སྒེར་ཞིག་དང་སྤྱི་ཚོགས་ཤིག་གི་དཀའ་ངལ་ཙམ་མིན་པར་ཡོ་རོབ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་སྟབས། ཡོ་རོབ་མཐུན་ཚོགས་གཙོས་ཡོ་རོབ་རྒྱལ་ཁབ་ཁག་ནས་རྒྱ་ནག་ཐོག་བཞེངས་ཕྱོགས་གང་ཡིན་གསལ་བའི་ཁྲིམས་འཆར་དང་སྲིད་བྱུས་སོགས་གཏན་འབེབས་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།