Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་ཧྥ་རན་སིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༡༥ ནས་བཟུང་ཐོག་མར་ཁེ་ན་ཌ་དང་ཨ་རི། སེ་པེན། དེ་བཞིན་ཨོ་སི་ཊེ་རི་ཡ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་ཀྱིས་ཁ་སང་ཕྱི་ཚེས་ ༣༠ ཉིན་ཧྥ་རན་སི་རྒྱལ་ས་པེ་རིས་ནང་ཕེབས་འབྱོར་བྱུང་འདུག

སྲིད་སྐྱོང་མཆོག་ཁ་སང་ཕྱི་ཚེས་ ༣༠ ཉིན་ཧྥ་རན་སི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་བྷེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། པེ་རིས་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་ཀྱིས་གཙོས་པའི་ས་གནས་བོད་མི་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག

རླུང་འཕྲིན་ཁང་གིས་པེ་རིས་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་སུ་ཁུལ་དེར་སྲིད་སྐྱོང་མཆོག་གི་མཛད་འཆར་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས་ཁོང་གིས་སྲིད་སྐྱོང་མཆོག་དེ་རིང་སྔ་དྲོ་ཡུལ་དེའི་གསར་འགྱུར་བརྒྱུད་ལམ་ཁག་ལྔ་ཙམ་གྱི་བཅར་འདྲིའི་ལས་རིམ་ཞིག་ཡོད་པ་དང་། ཉིན་རྒྱབ་ཏུ་གསར་འགྱུར་བརྒྱུད་ལམ་ཁག་གཅིག་དང་། པེ་རིས་ཁྱབ་ཁོངས་ཀྱི་ཆོས་ཚོགས་ཁག་གི་འགན་འཛིན་དང་མཇལ་མོལ་གནང་རྒྱུ་ཡིན་པ། དེ་བཞིན་སང་ཉིན་བོད་མི་མང་ཚོགས་དང་ཐུག་འཕྲད་ཀྱིས་གསུང་བཤད་ལས་རིམ་སོགས་ཡོད་པ་དང་། ལྷག་པར་དུ་བོད་རིགས་གཞོན་སྐྱེས་དང་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཚོགས་མི་རྣམས་དང་ལྷན་དུ་མཇལ་མོལ་གནང་རྒྱུ། ཕྱི་ཚེས་ ༣ ཉིན་ཁུལ་དེའི་དཔལ་ཡོན་གཟའ་མཇུག་སློབ་གྲྭར་འཚམས་གཟིགས་གནང་རྒྱུ། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཐོན་གནང་རྒྱུ་ཡིན་པ་གསུངས་སོང་།

རྩ་བའི་སྲིད་སྐྱོང་མཆོག་པེ་རིས་གོང་དུ་ཁ་སྔོན་ཕྱི་ཚེས་ ༢༨ ཉིན་ཨོ་སི་ཊེ་རི་ཡའི་རྒྱལ་ས་ཝི་ཡེ་ཎར་ཕེབས་པ་ལྟར་ཁུལ་དེར་ཕྱི་ཚེས་ ༢༩ ཉིན་བརྒྱུད་ལམ་ཁག་གསུམ་གྱི་བཅར་འདྲི་དང་ལེན་གནང་ཡོད་པ་མ་ཟད།  Save Tibet ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ Madeleine Petrovic ལགས་དང་ཚོགས་གཙ་ཟུར་པ་ལྕམ་ Amala Zimmermann དེ་བཞིན་ཚོགས་མི་ Karl Leitner ལགས་བཅས་དང་ཐུག་འཕྲད་ཀྱིས་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག

ཉིན་དེའི་ཕྱི་དྲོ་སྲིད་སྐྱོང་མཆོག་གིས་ཡུལ་དེའི་ས་གནས་བོད་མི་མང་མང་ཚོགས་དང་ཐུག་འཕྲད་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བསྒྲུབ་དགོས་གལ་དང་འབྲེལ། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་དེ་ལྟར་གནང་བཞིན་ཡོད་པ། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་ཐོག་བོད་མི་གཞོན་སྐྱེས་རྣམས་ལ་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་དང་རྒྱུས་མངའ་ཡོད་པར་བྱེད་དགོས་གལ་ཡིན་པར་གསུངས་པ་དང་ཆབས་ཅིག དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་གཞོན་སྐྱེས་གང་མང་མཉམ་ཞུགས་དགོས་ངེས་དང་། བོད་མིའི་མི་འབོར་དང་བོད་ནས་གསར་དུ་ཕེབས་མཁན་ཉུང་དུ་འགྲོ་བཞིན་པ་བཅས་ཀྱི་སྐོར་གསུང་བཤད་གནང་འདུག

སྐབས་དེར་ Vienna V-TAG ཝི་ཡེ་ན་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནས་ད་ལྟ་དང་མ་འོངས་པའི་ལས་འཆར་ཁག་སྙན་སེང་དང་། ལྷག་པར་དུ་ཡུལ་དེའི་གྲོས་ཚོགས་འཐུས་མིར་བོད་དོན་ཐོག་རྒྱབ་སྐྱོར་ཡོང་ཐབས་ཀྱི་འབད་བརྩོན་གནང་བཞིན་ཡོད་པ་གསལ་བསྒྲགས་དང་འབྲེལ། ཉེ་སྔོན་བཞུགས་སྒར་དུ་ཕེབས་མཁན་ཨོ་སི་ཊེ་རི་ཡ་གྲོས་ཚོགས་འཐུས་མི་ Dolores Bakos ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་དང་བོད་དོན་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཡོད་པ། དེ་བཞིན་རྒྱལ་སྤྱིའི་མང་ཚོགས་ནས་ཀྱང་རྒྱབ་སྐྱོར་གནང་དགོས་པ་སོགས་དང་འབྲེལ་ཨོ་སི་ཊེ་རི་ཡ་གྲོས་ཚོགས་ནང་གསུང་བཤད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།