རྒྱ་ནག་ནང་དུ་རྒྱལ་ཁབ་ཀྱི་འགོ་ཁྲིད་ལས་ཟུར་རྣམ་པའི་ Beidaihe ཚོགས་འདུ་འཚོག་བཞིན་པའི་ཚོད་དཔག་གནང་བཞིན་འདུག

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

ཁ་སང་རྒྱ་ནག་དམར་ཚོགས་པའི་གཞུང་དོན་ལྷན་ཁང་གི་སྤྱི་ཁྱབ་ཚའེ་ཆི་ཡི་གཏམ་བཤད་སྤེལ་ཕྱོགས་དང་ Beidaihe མཚོ་འགྲམ་ངལ་གསོའི་ས་ཁུལ་དུ་ལྟ་སྲུང་དམ་དྲག་ཤུགས་ཆེ་རུ་ཕྱིན་པ་བཅས་ལ་གཞིགས་ནས་རྒྱ་ནག་གི་འགོ་ཁྲིད་ལས་ཟུར་རིམ་པའི་ལོ་འཁོར་ཚོགས་འདུ་འཚོག་བཞིན་པའི་ཚོད་དཔག་གནང་བཞིན་འདུག

རྩ་བའི་རྒྱ་ནག་གི་ Hebei ཞིང་ཆེན་གྱི་ Beidaihe ས་ཁུལ་དུ་ལོ་ལྟར་ཕྱི་ཟླ་བདུན་པ་དང་བརྒྱད་པའི་བར་ལ་འཚོགས་སྲོལ་ཡོད་པའི་ Beidaihe དབྱར་དུས་ཚོགས་འདུ་འདི་བཞིན་ཀྲུང་གོའི་ཆབ་སྲིད་ལོ་འཁོར་ནང་གསང་བ་ཆེ་ཤོས་ཀྱི་ལས་རིམ་ཞིག་ཡིན་པ་དང་། དེའི་ཐོག་རྒྱ་ནག་དམར་ཤོགས་ཚོགས་པའི་འགོ་ཁྲིད་མཐོ་རིམ་རྣམས་ཀྱི་འདུ་འཛོམས་བྱེད་ཀྱི་ཡོད་པ་རེད། ཚོགས་འདུ་འདི་ལ་དངོས་སུ་གཞུང་ཕྱོགས་ཀྱི་གསལ་བསྒྲགས་སམ་གྲོས་རིམ་ཞིག་མེད་ཀྱང་། ཀྲུང་གོའི་ཆབ་སྲིད་དཔྱད་ཞིབ་པ་དང་རྒྱལ་སྤྱིའི་ལྟ་ཞིབ་པ་མང་པོས་འདི་ནི་རྒྱལ་ཡོངས་ཀྱི་སྲིད་བྱུས་གལ་ཆེན་དང་། འགོ་ཁྲིད་གོ་གནས་འཕོ་འགྱུར་གྱི་ཐག་གཅོད། རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས། ཕྱི་འབྲེལ་དང་དམག་དོན་སོགས་ཀྱི་གནད་དོན་གལ་ཆེན་རྣམས་ལ་གསང་བའི་ངང་ནས་གྲོས་བསྡུར་བྱེད་ས་ཤིག་ཏུ་བརྩི་ཡི་ཡོད། དེའང་ཐོག་མར་ཕྱི་ལོ་ ༡༩༥༣ ལོར་མའོ་རྩེ་ཏུང་གི་དུས་སུ་ Beidaihe མཚོ་འགྲམ་ངལ་གསོ་ཁང་དུ། འགོ་ཁྲིད་རྣམ་པའི་དབྱར་དུས་ངལ་གསོའི་སྐབས་ལས་ཀ་བྱེད་སའི་ས་ཚིགས་ཏུ་འགྱུར་བ་དང་འབྲེལ་ནས་ལམ་སྲོལ་ཞིག་ཆགས་པའི་ཁྲོད། ཕྱི་ལོ་ ༡༩༥༨ ལོའི་ Beidaihe ཚོགས་འདུའི་ཐོག་མའོ་རྩེ་ཏུང་གིས་རྒྱ་ནག་དེ་བཞིན་ཞིང་ལས་རྒྱལ་ཁབ་ནས་བཟོ་ལས་དང་དཔལ་འབྱོར་ཆེན་པོའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུའི་ཐག་གཅོད་བྱས་པ་དང་ལོ་དེར་ Great Leap Forward འམ་༼མདུན་མཆོང་ཆེན་མོ།༽ལས་འགུལ་འགོ་བཙུགས་པའི་འོག་ནས་མི་མང་ས་ཡ་མང་པོ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་བ་དང་འབྲེལ་ནས་ཚོགས་འདུ་དེའི་གལ་གནད་ཤེས་ཐུབ་ཀྱི་ཡོད། ཕྱིས་སུ་རིག་གནས་གསར་བརྗེ་ཡི་དུས་སུ་དབྱར་ཁའི་གུང་སེང་དང་ཚོགས་འདུ་དེ་རེ་ཞིག་འཚོགས་རྒྱུ་མཚམས་འཇོག་བྱས་ཀྱང་། ཕྱི་ལོ་ ༡༩༧༦ ལོར་མའོ་རྩེ་ཏུང་གྲོངས་པའི་རྗེས་སུ་བསྐྱར་དུ་འགོ་བཙུགས་ཡོད།

ལྷག་པར་དུ་ཏིང་ཞའོ་ཕིང་དང་ཅང་ཙེ་མིན་གྱི་དུས་སྐབས་སུ་ Beidaihe འདུ་འཛོམས་འདི་ཀྲུང་གོའི་ཆབ་སྲིད་ཐག་གཅོད་ཀྱི་ལས་རིམ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཀྱང་། ཞི་ཅིན་ཕིང་གིས་དབང་ཆ་དམ་དུ་འདུས་རྗེས། ཚོགས་འདུ་འདིའི་ཤུགས་རྐྱེན་དེ་སྔ་ལས་ཆུང་དུ་སོང་ཡོད་ཅེས་གསུང་མཁན་ཡོད་ཀྱང་། སྤྱིར་ཚོགས་འདུ་འདི་འཚོག་གི་ཡོད་པའི་གཞུང་འབྲེལ་གསལ་བསྒྲགས་རིགས་སྤེལ་གྱི་མེད་ཀྱང་། ལོ་ལྟར་དབྱར་དུས་ཕྱི་ཟླ་ ༧ པ་དང་ ༨ པའི་ནང་ཉིན་གྲངས་ ༡༤།༡༥ ཙམ་གྱི་རིང་ལ་རྒྱ་ནག་གི་འགོ་ཁྲིད་རྣམ་པ་གཞུང་འབྲེལ་ལས་རིམ་དང་གསར་འགྱུར་ཁག་གི་ནང་དུ་མངོན་རྒྱུ་མེད་པར་འགྱུར་བ་དང་། Beidaihe ས་ཁུལ་དུ་ཕྱི་ཟླ་ ༧ པའི་འགོ་སྟོད་ནས་ལྟ་སྲུང་དམ་དྲག་ཆེ་རུ་ཕྱིན་པ་བཅས་ལ་གཞིགས་ནས་ཚོགས་འདུ་དེ་འཚོག་བཞིན་ཡོད་པའི་ཚོད་དཔག་གནང་ཐུབ་ཀྱི་ཡོད་པ་རེད།

དེ་རིང་ Reuters དང་ CNN སོགས་རྒྱལ་སྤྱིའི་བརྒྱུད་ལམ་དང་ལྷོ་རྒྱ་ནག་སྔ་དྲོའི་འཆར་འཕྲིན་སོགས་རྒྱ་ནག་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་དང་། དབུས་ཨུ་ཡོན་ལྷན་ཁང་གི་ཡིག་ཚང་གཙོ་འཛིན་ཚའེ་ཆི་ཟེར་བ་དེས། ཉེ་ཆར་རྒྱ་ནག་གི་ཚན་རིག་པ་དང་ཤེས་ལྡན་མི་སྣ། ཉམས་ཞིབ་པ་དང་འཕྲུལ་ལས་རིག་པ་བ་མང་དག་ཅིག་ལ་འཚམས་འདྲི་དང་སྦྲགས། ཁོང་རྣམས་ལ་ Beidaihe ཚོགས་འདུའི་ཐོག་ཕེབས་རྒྱུའི་མགྲོན་བརྡ་བཏང་ཡོད་པ་རེད་འདུག རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཚའེ་ཆི་ཡི་མི་སུ་དང་སུ་ལ་མགྲོན་བརྡ་བཏང་ཡོད་པའི་ཞིབ་ཕྲ་བཀོད་མེད་ཀྱང་། དེའི་ཁོངས་ནས་མི་གཅིག་ཕྱི་ལོ་ ༢༠༢༤ ལོར་ Tsinghua གཙུག་ལག་སློབ་གྲྭ་ཆེན་མོར་ལས་ཀ་བྱེད་དུ་སླེབས་པའི་རྒྱལ་སྤྱིའི་ཁོར་ཡུག་ཚན་རིག་པ་ Chen Deliang ཡིན་པ་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་ལམ་ནས་རྟོགས་ཐུབ་འདུག ཚའེ་ཆི་ཡིས་གཏམ་བཤད་ཁྲོད་དམར་ཤོག་ཚོགས་པའི་གཞུང་འཛིན་ནང་དུ་ལག་རྩལ་ལ་གཙིགས་ཆེར་འཛིན་གྱི་ཡོད་པ་བརྗོད་ཡོད་འདུག

ཐེངས་འདིའི་ཚོགས་འདུ་འདི་བཞིན་ཉིན་གྲངས་ཇི་ཙམ་གྱི་རིང་ལ་འཚོགས་རྒྱུ་ཡིན་པ་གསལ་པོ་མེད་ཀྱང་། ས་གནས་སུ་ལྟ་སྲུང་དམ་དྲག་ཇེ་ཆེར་བཏང་ཡོད་པ་དང་། ཕྱི་ཟླ་ ༧ པའི་འགོ་སྟོད་ནས་ཕྱི་ཟླ་ ༨ པའི་ཟླ་འཇུག་བར་ས་ཁུལ་དུ་མི་མེད་གནམ་གྲུ་དང་མཐོ་ཚད་དམའ་བོར་ཕུར་མཁན་གྱི་གནམ་གྲུ། ཚ་རླུང་སྒང་ཕུག་སོགས་ཕུར་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་རེད་འདུག

གནད་དོན་དབྱེད་ཞིབ་པ་རྣམས་ཀྱིས་གསུང་ན་འདི་ལོའི་ཕྱི་ཟླ་ ༡༠ པའི་སྐབས་ཉི་ཤུ་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་འཚོགས་གཏན་ཁེལ་བ་དང་། ལོ་རྗེས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༡ པ་དང་འབྲེལ་ནས་འགོ་ཁྲིད་མང་པོ་བརྗེ་བོ་རྒྱག་གཏན་ཁེལ་བ་སོགས་དང་འབྲེལ་ནས་གལ་གནད་ཆེ་བའི་གནད་དོན་ཁག་གི་ཐོག་ལ་གྲོས་བསྡུར་གནང་སྲིད་པ་རེད་འདུག

འདི་གའི་གསར་འགོད་པས་དེ་རིང་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་རྒྱ་ནག་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།