Tibetan Royal Year of 2152 | Year of the Wood Snake

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དབུ་འཛུགས་དང་བསྟུན་བོད་མིས་ཞི་བའི་སྐད་འབོད་དང་ཞུ་གཏུག་ལས་འགུལ་སྤེལ་འདུག

Tibetan News Headlines

  • ‘India well prepared to retaliate if Pakistan decides to escalate,’ Ajit Doval tells Chinese foreign minister
  • Bharat Tibbat Sahyog Manch (BTSM), Pan-India Tibet Support Group, Celebrates 26th Anniversary
  • Autonomous University of Madrid Hosts Seminar on the Life and Works of Renowned Tibetan Writer and Filmmaker Pema Tseden
  • Over 15,000 Kilograms of Aid Grain Distributed to Nomadic Households Affected by Ladakh Thunderstorm
  • Tibetan Youth Wins at Superhuman Battleground MMA Event in Bangalore
  • CCP Agent Posed as Stanford Student for Years in Espionage Operation, Targeted AI Researchers

རེས་གཟའ་ཕུར་བུ། ༢༠༢༥།༠༥།༠༨

  • པ་ཀི་སི་ཐན་གྱི་འཁྲུག་རྩོད་ཇེ་ཆེར་གཏོང་རྒྱུའི་ཐག་གཅོད་ལ་རྒྱ་གར་ནས་ཕར་རྒོལ་བྱ་རྒྱུར་གྲ་སྒྲིག་ཨང་གསར་ཡིན།
  • རྒྱ་གར་དང་བོད་གཉིས་དཔུང་པ་མཉམ་གཤིབ་ཀྱི་མདུན་སྐྱོད་བྱེད་ཀྱི་ཡོད་ཅེས་གསུངས་འདུག
  • སི་པན་གཙུག་ལག་སློབ་གཉེར་ཁང་ཞིག་གི་ནང་བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་རྩོམ་རིག་དང་གློག་བརྙན་སྐོར་ལྷན་ཚོགས་གོ་སྒྲིག་གནང་བ།
  • ར་ལུག་སེམས་ཅན་ཤི་སྐྱོན་གྱི་གོད་ཆགས་ཕོག་པའི་ལ་བྱང་འབྲོག་པའི་ཁྱིམ་ཚང་ཚོར་འབྲུ་ཀི་ལོ་ ༡༥༠༠༠ ལྷག་བགོ་འགྲེམས་གནང་བ།
  • བོད་རིགས་གཞོན་སྐྱེས་ཤིག་ལ་ MMA དྲག་རྩལ་འགྲན་སྡུར་ཞིག་གི་ནང་རྒྱལ་ཁ་ཐོབ་འདུག
  • རྒྱ་ནག་གི་གསང་མྱུལ་བས་སི་ཊེན་ཕོཌ་གཙུག་ལག་སློབ་གཉེར་ཁང་དུ་གསང་མྱུལ་གྱི་ལས་དོན་སྤེལ་བཞིན་པ་གསལ་འདོན།

སུད་སི་གྲོང་ཁྱེར་ Geneva ཇི་ནི་ཝའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༣ དབུ་འཛུགས་དང་བསྟུན། Tibetan community in Switzerland and Liechtenstein སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲོག་འོག་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་རྣམས་ནས་ཞི་བའི་སྐད་འབོད་དང་བོད་དོན་ཞུ་གཏུག་ཀྱི་ལས་འགུལ་སྤེལ་འདུག

ཁ་སང་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༣ པ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་དང་། ས་གནས་བེུད་ལྷན་ཚོགས། སུད་བོད་མཛའ་འབྲེལ་ཚོགས་པ་བཅས་ཀྱི་རྒྱུན་ལས་དང་སྐུ་ཚབ་མི་སྣ། དེ་བཞིན་ས་གནས་བོད་མི་སོགས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ལྷན་འཛོམས་གནང་སྟེ། རྒྱལ་ཚོགས་ནས་བོད་ཀྱི་གནད་དོན་ཐོག་འགན་འཁུར་ཆེ་ཙམ་བཞེས་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་སྐད་ཡིག་དང་རིག་གཞུང་གཙོས་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པའི་བྱ་སྤྱོད་ཁག་མཚམས་འཇོག་དགོས་པ། བོད་ཀྱི་བདག་པོ་བོད་མི་ཡིན་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག

སྐབས་དེར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་ཁག་ཅིག་ཐེར་འདོན་དང་སྦྲགས། ང་ཚོ་བཙན་བྱོལ་ནང་ལས་འགུལ་མུ་མཐུད་སྤེལ་ཏེ། རྒྱ་གཞུང་ལ་གདོང་ལེན་བྱ་རྒྱུ་གལ་ཆེན་པོ་ཡིན་པ་སོགས་གསུངས་པ་མ་ཟད། ད་རེས་ཀྱི་ལས་འགུལ་དང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༣ དབུ་འཛུགས་དང་བསྟུན། རྒྱལ་ཚོགས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ། ངེས་པར་དུ་དགོངས་པ་བཞེས་དགོས་པའི་དོན་ཚན་ཁག་ཅིག་འཁོད་པའི་ཞུ་གཏུག་ཡི་གེ་ཞིག་ཀྱང་ཕུལ་ཡོད་པ་སོགས་གསུངས་ཡོད།

གཞན་ཡང་སྐབས་དེར་ལས་འགུལ་ཐོག་སུད་སི་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། སུད་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་སོགས་ནས་རྒྱ་ནག་གཞུང་གི་དམ་བསྒྲགས་སྲིད་བྱུས་འོག་བོད་ནང་གི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། བོད་པའི་བྱིས་པ་རྣམས་བཙན་དབང་གིས་རང་ཉིད་ཕ་མ་ནང་མི་དང་ཁ་བྲལ་བཏང་སྟེ། རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་གཏན་འཇགས་བཅའ་སྡོད་སློབ་གྲྭར་གཏོང་བཞིན་པ་སོགས་གསལ་འདོན་གནང་བ་མ་ཟད། རྒྱལ་ཚོགས་དང་རྒྱལ་སྤྱིའི་འགོ་ཁྲིད་རྣམས་ནས་བོད་ནང་གི་གནད་དོན་ཐོག་དགོངས་པ་བཞེས་ཏེ་རྒྱ་གཞུང་དེ་བཞིན་འགན་ཁུར་ལྡན་པ་ཞིག་བཟོ་དགོས་པ་གསུངས་འདུག

གཞི་རྩའི་ཁ་སང་སུད་སི་ཀྱི་གྲོང་ཁྱེར་ཇི་ནི་ཝའི་ནང་དུ་དབུ་འཛུགས་གནང་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༣ འདི་བཞིན་ཟླ་བ་རྗེས་མའི་ཕྱི་ཚེས་ ༡༤ བར་འཚོག་གནང་གི་ཡོད་ཅིང་། ད་རེས་ཀྱི་ལྷན་ཚོགས་དེ་དང་བསྟུན་ནས་བོད་དོན་ཞུ་གཏུག་གནང་པའི་ནང་། ལྷན་ཚོགས་ཁྲོད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་བོད་དོན་གསུང་བཤད་ཀྱི་གོ་སྐབས་འབུལ་དགོས་པ་དང་། རྒྱ་གཞུང་གི་བྱ་སྤྱོད་ལ་གདོང་ལེན་ནན་པོ་བྱེད་དགོས་པ། དེ་བཞིན་རྒྱལ་ཚོགས་ཀྱི་སྐུ་ཚབ་རྣམས་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་སླད་ངེས་ཕེབས་དགོས་པ་སོགས་ཁྱོན་དོན་ཚན་དགུ་ཙམ་འཁོད་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།