Tibetan Royal Year of 2151 | Year of the Wood Dragon

རྩེ་ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བཞིན་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་གྱི་དགུན་དུས་བཞུགས་གནས་ཕོ་བྲང་ཆེན་པོ་པོ་ཏ་ལར་ལོ་གཅིག་ལ་ཐེངས་གཅིག་སྐུ་དཀར་གསོལ་བའི་དུས་སུ་སླེབས་ཡོད་པ་དང་ཁ་ཉིན་ཕྱི་ཚེས་ ༡༨ རེས་གཟའ་ལྷག་པ་ནས་བོད་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་ལྷག་གིས་རང་འགུལ་ངང་འདུ་འཛོམས་ཀྱིས་ཕོ་བྲང་གི་གྱང་ངོས་དང་མཆོད་རྟེན་སོགས་ཁྱོན་ཡོངས་ནས་སྐུ་དཀར་གསོལ་རྒྱུ་དབུ་འཛུགས་གནང་འདུག

དེ་རིང་དང་ཁ་སང་བཅས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྙན་པར་མི་ཉུང་བ་ཞིག་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པའི་ནང་བོད་ཁུལ་གྱི་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་མང་ཚོགས་སྟོང་ཕྲག་ལྷག་གིས་མ་སྐུལ་དང་བླངས་ཐོག་ནས་རྩེ་ཕོ་བྲང་པོ་ཏ་ལའི་གྱང་ངོས་དང་མཆོད་རྟེན་སོགས་ལ་སྐུ་དཀར་གསོལ་བཞིན་པ་མངོན་རྒྱུ་འདུག་པར་མ་ཟད། མང་ཚོགས་ཀྱིས་སྐུ་དཀར་གྱི་རྒྱུ་ཆར་བསྲེས་པའི་འོ་མ་དང་། འོ་རྩམ། སྦྲང་རྩི་སོགས་ཞལ་འདེབས་ཕུལ་བ་དང་། དེ་བཞིན་དཀར་རག་བསྲེས་པ་དང་དཀར་རག་དབོར་བ། དཀར་རག་བྱུག་པ་ལ་སོགས་གནང་སྟེ་སྐུ་དཀར་གསོལ་བའི་ལས་དོན་རྣམས་གཉེར་བཞིན་པ་ཡང་མཇལ་རྒྱུ་འདུག

འོན་ཀྱང་ཕོ་བྲང་པོ་ཏཱ་ལའི་དོ་དམ་ཚན་པས་ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་སྐུ་དཀར་གསོལ་ཕྱོགས་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བར་མང་ཚོགས་ནས་ཕོ་བྲང་གི་ཕྱིའི་མཛེས་སྡུག་གི་རྣམ་པ་རྒྱུན་དུ་གནས་ཐུབ་ཆེད་དང་སྐུ་དཀར་གྱི་རྒྱུ་ཆར་གནོད་སྐྱོན་མི་ཐེབས་ཆེད་དཀར་རག་དང་མཉམ་དུ་བསྲེས་པའི་འོ་མ་དང་འོ་རྩམ། སྦྲང་རྩི། ཁ་ཆེ་ཤ་སྐམ་སོགས་ཞལ་འདེབས་སུ་མ་བསྣམས་རོགས་ཅེས་གཞེན་སྐུལ་ཞུས་འདུག

བོད་ནས་ཐོན་པའི་བརྙན་པར་མི་ཉུང་བ་ཞིག་ཏུ་དང་བླངས་པ་བོད་རིགས་གཞོན་སྐྱེས་ཤིག་གིས་ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་རྒྱུའི་གོ་སྐབས་བྱུང་བར་བརྗོད་མི་ཤེས་པའི་དགའ་ཚོར་ཆེན་པོ་བྱུང་ཞེས་པ་དང་། ལྷག་པར་སྐལ་པ་བཟང་པོར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་འདུག

གཞི་རྩའི་ལོ་རེའི་བོད་ཟླ་ ༩ པ་ལྷ་འབབ་དུས་ཆེན་གོང་ལ་ཕོ་བྲང་པོ་ཏཱ་ལ་དང་དགོན་སྡེ་ཁག་ལ་དཀར་རག་གཏོང་སྲོལ་ཡོད་པ་རེད།

ཤེས་རྟོགས་བྱུང་བར། ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བར་གཟའ་འཁོར་གཅིག་ཙམ་འགོར་གྱི་ཡོད་པ་དེ་ལྟར་ཡང་། ཕོ་བྲང་པོ་ཏ་ལའི་ཉམས་གསོ་ཚན་པའི་འགན་འཛིན་བློ་བཟང་ཕྱོགས་གླང་གིས་སྔ་ལོར་རིམས་ནད་ཁྱབ་གདལ་ཆེ་རྐྱེན་ཕོ་བྲང་ལ་སྐུ་དཀར་གསོལ་ཐུབ་མེད་སྟབས། ད་ལོ་དུས་ཚོད་མང་བ་འགོར་གྱི་རེད་ཅེས་བཤད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།