Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཆར་ཕྱིར་བཤོལ་མཛད་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་རྗེས་མའི་ནང་གི་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་སྦེལ་ཀོབ་དང་ཧུན་སུར་གཉིས་སུ་བཀའ་ཆོས་དང་བཀའ་དབང་བསྩལ་ཆེད་ཆིབས་བསྒྱུར་མཛད་རྒྱུའི་མཛད་འཆར་ཕྱིར་བཤོལ་མཛད་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་རྗེས་མའི་ནང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་སྦེལ་ཀོབ་དང་ཧུན་སུར་གཉིས་སུ་བཀའ་ཆོས་དང་བཀའ་དབང་བཅས་ཀྱི་ཆེད་ཆིབས་བསྒྱུར་མཛད་གཏན་ཁེལ་ཡོད་ཀྱང་། དེ་རིང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་གསལ། ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགུལ་ཆམ་བཞེས་པ་དྭངས་སྐྱེད་བྱུང་ཡོད་རུང་། སྔོན་འཆར་ལྟར་དུས་ཐུང་ནང་ཕྱོགས་མཐར་ཆིབས་བསྒྱུར་གནང་ཚེ་སྐུ་གཟུགས་ལ་བརྡབ་གསིག་དང་འདུ་འཛོམས་ཆེ་སར་ཆམ་རིམས་སོགས་ཀྱི་ཉེན་ཁའང་ཆེ་བར་བརྟེན། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་དང་། ༸སྐུའི་བླ་སྨན་པ་རྣམས་ཀྱིས་ཀྱང་དུས་ཡུན་རིང་ཙམ་སྐུ་ངལ་གསོ་གལ་ཆེ་བའི་དགོངས་འཆར་དང་གསོལ་འདེབས་ནན་མོ་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྤྱི་ཕེབས་ཀྱིས་ཕྱི་ཟླ་ ༡༡ ཟླ་དཀྱིལ་ནས་ཕྱི་ཟླ་ ༡༢ ཟླ་དཀྱིལ་བར་ལྷོ་ཕྱོགས་ཁུལ་གྱི་མཛད་འཆར་ཕྱིར་བཤོལ་མཛད་འདུག ད་ལྟའི་ཆར་༸གོང་ས་མཆོག་གི་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་མཛད་འཆར་ལ་འགྱུར་བ་གང་ཡང་གནང་མི་འདུག

རྩ་བའི་དེ་སྔའི་མཛད་འཆར་ནང་ཟླ་བ་འདིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་དང་། དེ་བཞིན་ནུབ་བྷེང་གྷལ་མངའ་སྡེའི་སཱ་ལུ་སྒར་བཅས་སུ་ཆིབས་བསྒྱུར་གྱི་མཛད་འཆར་ཡོད་ཀྱང་། ཉེ་ལམ་འབྲས་ལྗོངས་ནང་ཆུ་ལོག་གི་གོད་ཆག་ཤུགས་ཆེར་བྱུང་བའི་གནད་དོན་ལ་བརྟེན་ནས་ཆིབས་བསྒྱུར་རེ་ཞིག་ཕྱིར་བཤོལ་མཛད་ཡོད་པ་དང་། དེ་རིང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བར་ཕྱི་ཟླ་ ༡༡ ནང་ལ་༸གོང་ས་མཆོག་འབྲས་ལྗོངས་ཁུལ་དུ་ཆིབས་བསྒྱུར་མཛད་ཀྱི་མེད་སྐོར་བཀའ་ཡིག་སྩལ་འདུག་པ་དེ་ལྟར་ཡང་། སྒང་ཏོག་ཏུ་ཆིབས་སྒྱུར་མཛད་རྒྱུའི་མཛད་འཆར་དེ་ཉིད་ཕར་འགྱང་མཛད་མི་འདུག

རླུང་འཕྲིན་ཁང་གིས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་ལ་ད་ལྟའི་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཀྱི་གནས་བབ་ཇི་ལྟར་ཡིན་པ་དང་དེ་བཞིན་༸གོང་ས་མཆོག་གི་མཛད་འཆར་ཕྱིར་བཤོལ་དང་འབྲེལ་བའི་བཀའ་འདྲི་ཞུས་པར་བོད་མི་མང་ཚོགས་རྣམས་ཀྱི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་༸སྐུ་ཁམས་གསལ་ཐང་ཡོང་བར་སྨན་ཕྱིར་མགོན་པོ་༸གང་ཉིད་མཆོག་གིས་དུས་ནས་དུས་སུ་ལམ་སྟོན་ཇི་ཕེབས་ལྟར་འབད་འབུང་ཆེ་སྐྱེད་དང་རྣམ་དཀར་དགེ་བའི་ལས་ལ་གཞོལ་གལ་ཆེ་སྐོར་གསུངས་སོང་།

གཞི་རྩའི་ཕྱི་ཟླ་ ༡༠ ཕྱི་ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་ཕྱིར་ཆིབས་བསྒྱུར་མཛད་ཡོད་པ་ལྟར། ཕྱི་ཚེས་ ༡༢ ཉིན་མགོན་པོ་༸གང་ཉིད་མཆོག་༸སྐུ་ཁམས་གསལ་ཐང་དང་མགུལ་ཆམ་བཞེས་པ་དྭངས་སྐྱེད་ངང་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང། ༸གོང་ས་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸སྐུ་བཞུགས་མཛད་རིང་ལ་རྣམ་ཀུན་ལྟར་ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་ལ་གཟིམ་ཆུང་མཇལ་མང་སྩལ་མུས་ཡིན་པ་རེད།

ཟླ་བ་འདིའི་ཚེས་ ༢༥ ཉིན་དྷ་ས་རིགས་སློབ་མ་ལག སེར་བྱེས་ཧར་གདོང་ཁང་ཚན། རྫོང་འགོ་ལྷ་ངམ་ཕུན་གསུམ། དེ་བཞིན་བོད་མིའི་ཚོང་ལས་བདེ་ཚོགས་བཅས་ཚོགས་པ་བཞིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དངོས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།