Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་འབྲས་ལྗོངས་སུ་༸ཞབས་སོར་བདེ་བར་འཁོད་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

འབྲས་ལྗོངས་མངའ་སྡེའི་གཞུང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེརིང་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠༌༣༠ ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་འབྲས་ལྗོངས་སུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཕྱག་ཚོད་ ༧༌ ༡༥ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་ཐང་ནས་གནམ་གྲུར་བཞུགས་སྟེ་ཆིབས་ཐོན་གྱིས་ཕྱག་ཚོད་ ༩༌༡༥ ཐོག་རྒྱ་གར་གྱི་ནུབ་བྷང་གྷལ་བྷག་དྷོ་ར་ Bagdogra གནམ་ཐང་དུ་༸ཞབས་སོར་བདེ་བར་འ་ཁོད་ཡོད་པ་དང་། ཕྱག་ཚོད་ ༡༠ ཐོག་བྷག་དྷོ་ར་གནམ་ཐང་ནས་ཐད་འཕུར་གནམ་གྲུར་བཞུགས་སྟེ་མཁའ་ལམ་བརྒྱུད་ཕྱག་ཚོད་༡༠༌༣༠ ཐོག་ Libing helipad ཞེས་སྒང་ཏོག་དམག་མིའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་མཚམས་སུ་༸སྐུའི་བཞུགས་གནས་ཏན་རྫོང་ Denzong གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་བཀྲིན་མཛད་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་མཛད་སྐབས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang-Golay མཆོག་དང་སྲིད་སྐྱོང་མཆོག འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་དགེ་འདུན་པའི་འཐུས་མི་བླ་མ་བསོད་ནམས་ལགས་དང་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ V.B.Pathak ལགས་དབུས་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་གཅིག་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང་། དེ་བཞིན་ཕེབས་ལམ་གྱི་གཡས་གཡོན་དུ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་དགོན་སྡེ་ཁག་གི་སྐུ་ཚབ། ས་གནས་བོད་རིགས་དང་འབྲས་ལྗོངས་པ་གཙོས་དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོས་ཕྱག་ཏུ་མཇལ་དར་དང་བདུག་སྤོས་ཐོགས་ཏེ་བཞུགས་གནས་ཏན་རྫོང་གསོལ་མགྲོན་ཁང་གི་བར་ཕེབས་བསུའི་སྣེ་ལེན་གང་རྒྱས་ཞུས་སོང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་མཛད་འཆར་དང་འབྲེལ་ནས་སྒང་ཏོག་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར་སང་ཉིན་ཞོགས་པ་ཕྱག་ཚོད་ ༨ མ་ཟིན་ཙམ་ལ་མགོན་པོ་༸གང་ཉིད་མཆོག་སྒང་ཏོག་དཔལ་འབྱོར་རྩེད་ཐང་དུ་ཆིབས་བསྒྱུར་བཀྲིན་མཛད་དེ་མང་ཚོགས་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། མངའ་སྡེ་གཞུང་དང་ས་གནས་བོད་རིགས་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་རིམ་ཡོད་པར་གསུངས་ཡོད།

མཛད་འཆར་གཞིགས་ན། སང་ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་གིས་མང་ཚོགས་ལ་ཆོས་འབྲེལ་བཀྲིན་སྩལ་རྒྱུ་དང་དེ་རྗེས་ཕྱི་ཚེས་ ༡༣ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་བཞུགས་གནས་སུ་མངའ་སྡེའི་གཞུང་མང་ནས་ཐུགས་རྗེ་ཆེ་ཞུའི་གསོལ་སྟོན་འདེགས་འབུལ་ཞུ་རྒྱུ་དང་། ཕྱི་ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་བྷང་གྷལ་ས་ལུ་སྒར་དུ་ཡོད་པའི་སྲད་རྒྱུད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད།

༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།