Tibetan Royal Year of 2151 | Year of the Wood Dragon

ཐེ་ཝན་ཡིག་གཟུགས་སྒྱུ་རྩལ་བས་བོད་ནང་གི་རང་ལུས་མེར་སྲེག་སྐོར་ལ་མངོན་བསྟོད་ཞུས་པ།

Tibetan News Headlines

  • Dalai Lama extends Saka Dawa greetings, calls for for meaningful, compassionate lives
  • Tibetans and supporters protest against Xi Jinping in Budapest
  • Geshe Lobsang Tenzin Negi is honored with the Jefferson award for his efforts in uniting two distinct traditions
  • Zeekgyab rinpoche appeals to Japanese parliamentarians
  • Derge printing house inscribed on UNESCO memory of the world regional register
  • Health and Wellness : Managing extreme heat to protect your health and safety

རེས་གཟའ་ཕུར་བུ། ༢༠༢༤།༠༥། ༠༩

  • ༸གོང་ས་མཆོག་གིས་ས་ག་ཟླ་བ་དང་བསྟུན་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་བཀའ་སྩལ་བ།
  • Hungary ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
  • དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ Jefferson གཟེངས་རྟགས་ཕུལ་འདུག
  • ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ལ་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • སྡེ་དགེ་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་ཚུད་འདུག
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཚ་དྲོད་འཕེལ་སྐབས་འཕྲོད་བསྟེན་བདག་གཅེས་གནང་སྟངས་སྐོར།

ཐེ་ཝན་གྱི་ཡིག་གཟུགས་སྒྱུ་རྩལ་བ་སྐུ་ཞབས་  Ho Tsung-hsun ལགས་ཀྱིས་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ཁྲོད་ནས་སྐུ་ལུས་ཞུགས་འབུལ་བརྒྱུད་རྒྱ་ནག་དམར་ཤོག་གི་དབང་བསྒྱུར་ལ་ངོ་རྒོལ་གནང་མཁན་བོད་མི་རྣམས་ལ་ཡིག་གཟུགས་ཀྱི་སྒྱུ་རྩལ་ལམ་ནས་ཆེ་བསྟོད་ཞུས་འདུག

དེའང་། ཁ་སང་ཕྱི་ཟླ་ ༡༢ ཚེས་ ༡༠ སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༤ འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་དུས་སྟོན་མཉམ་འཛོམས་ཁེལ་བའི་ཉིན་མོ་བསྟུན། ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ཁག་ཏུ་བོད་མི་རྣམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་ཞི་བའི་རྔམ་སྟོན་ཆེས་ཆེར་གནང་ཡོད་པའི་ཁྲོད། ཐེ་ཝན་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་སྒྱུ་རྩལ་བ་ Ho Tsung-hsun ལགས་ཀྱིས་འཇིགས་ཞུམ་མེད་པར་བློས་བཏང་ཞེས་པའི་བརྗོད་གཞིའི་ཐོག་ཡིག་གཟུགས་སྒྱུ་རྩལ་ ༡༦༦ འགྲེམས་སྟོན་གནང་ཡོད་པ་དང་། དེ་ནི་གཙོ་བོ་བོད་ནང་དུ་རྒྱ་གཞུང་གི་དྲག་གནོན་དང་གནའ་གནོན་ལ་འ་ཆད་འུ་ཐུག་གིས་རང་གི་ཤིན་ཏུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་དོར་དགོས་པའི་ཡ་ང་བའི་གནས་སྟངས་ལ་དྲན་གསོ་དང་བོད་ཀྱི་དཔའ་བོ་དཔའ་མོ་དག་ལ་ཆེ་བསྟོད་ཆེད་གོ་སྒྲིག་གནང་བ་ཞིག་རེད་འདུག

སྐུ་ཞབས་ Ho Tsung-hsun ལགས་ཀྱིས་ཨེ་ཤ་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་ཁོང་གིས་རང་ལུས་མེར་སྲེག་གནང་མཁན་བོད་ཀྱི་དཔའ་བོ་དཔའ་མོ་དག་ཆེ་བསྟོན་མཚོན་པའི་ཡིག་གཟུགས་ཀྱི་སྒྱུ་རྩལ་དེ་བཞིན་གཞན་ལ་སྐུ་ལུས་ཞུགས་འབུལ་གནང་བར་སྐུལ་མ་གཏོང་ཆེད་མ་ཡིན་པར་རྒྱ་གཞུང་གི་དྲག་གནོན་བཟོད་གླགས་མེད་པ་མྱངས་ཏེ་སྐྱབས་མེད་མགོན་དུ་གྱུར་ནས་རང་གི་ཤིན་ཏུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་བློས་བཏང་གནང་མཁན་བོད་མི་རྣམས་ཀྱི་འ་ཆད་འུ་ཐུག་དང་ཡ་ང་བའི་གནས་སྟངས་དེ་ཉིད་མངོན་གསལ་གནང་རྒྱུའི་ཐབས་ཤེས་ཤིག་ཡིན་པར་གསུངས་འདུག

Tibetan Monk Self-Immolates in Kyegudo

ད་དུང་ཁོང་གིས་རྒྱ་ནག་གཞུང་གི་ངོས་ནས་བོད་མི་རྣམས་ཀྱིས་རང་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་ཆེད་དུ་ཞུགས་འབུལ་གནང་བའི་བློས་བཏང་གི་རང་བཞིན་དེ་ཉིད་ལོ་རྒྱུས་ཀྱི་ཐོག་ནས་དུས་ནམ་ཡང་སུབ་ཐབས་མེད་ཅེས་བརྡ་ལན་ནན་པོ་གནང་བ་མ་ཟད། ཐེ་ཝན་གྱི་མང་གཙོའི་ལས་འགུལ་བ་དང་དཔར་སྐྲུན་པ་སྐུ་ཞབས་ Cheng Nan-jung ལགས་ཀྱིས་ཕྱི་ལོ་ ༡༩༨༩ ལོར་ཐེ་ཝན་ནང་སྨྲ་བརྗོད་ཀྱི་རང་དབང་མེད་པའི་གནད་དོན་འོག་རང་སྲོག་བཅད་པར་བརྟེན་ཐེ་ཝན་ནང་ལོ་ལྟར་ཁོང་ལ་རྗེས་དྲན་ཞུ་བཞིན་ཡོད་སྐོར་དཔེ་མཚོན་དུ་བཀོད་དེ། སྐུ་ལུས་ཞུགས་འབུལ་གནང་བ་ནི་ཆེས་མཐའ་མཇུག་གི་འདམ་ག་ཞིག་ཡིན་པ་དང་། དེ་ལྟར་གནང་བར་བོད་མི་དེ་དག་གི་ངོས་ནས་དགོངས་པར་གང་བཞེས་ཡོད་མེད་ནི་རྟོགས་དཀའ་བའི་གནད་དོན་ཞིག་དང་། ལྷག་པར་དུ་ལོ་ངོ་བཅུའི་ནང་བོད་མི་ ༡༦༦ གིས་རང་ལུས་མེར་བསྲེགས་གནང་བ་ནི་ཧ་ལས་ཧོན་ཐོར་དགོས་པ་ཞིག་ཡིན་སྐོར་གསུངས་འདུག

གཞན་ཡང་། ཐེ་ཝན་བོད་ཀྱི་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཀྱང་སྐུ་ཞབས་ Ho ལགས་ཀྱིས་བྲིས་པའི་ཡིག་གཟུགས་ཀྱི་སྒྱུ་རྩལ་དེས་ཁོང་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་དང་། ལྷག་དོན་རྒྱ་གཞུང་གིས་སྐུ་ལུས་ཞུགས་འབུལ་གནང་མཁན་བོད་མི་དེ་དག་ནི་ཁྱིམ་ཚང་གི་དཀའ་ངལ་དང་དཔལ་འབྱོར། དེ་བཞིན་སེམས་པ་འཁྲུག་པ་སོགས་རྒྱུ་མཚན་དུ་མར་ཁག་དཀྲི་བྱས་ཡོད་ཀྱང་དོན་དམ་ལ་དེ་ལྟར་མིན་པ་དང་ཁོང་རྣམས་ཀྱིས་རང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་དོར་བ་ཞིག་ཡིན་སྟབས། ཁོང་རྣམས་ནི་དཔའ་བོ་དང་དཔའ་མོ་རེད་ཅེས་འགྲེལ་བརྗོད་གནང་འདུག

ཁོང་གིས་ད་དུང་ཁོང་རྣམས་ཀྱིས་འཇིགས་ཞུམ་མེད་པར་བློས་བཏང་གནང་བ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ནས་གསུངས་ན་སྦྱིན་པའི་ནང་ནས་སྦྱིན་པ་མཆོག་དེ་ཡིན་པར་འགྲེལ་བརྗོད་དང་ཆབས་ཅིག དེས་བོད་ཀྱི་བདེན་དོན་སླད་དུ་རང་གི་ཤིན་ཏུ་གཅེས་པའི་སྲོག་ཀྱང་བློས་བཏང་གནང་བ་ཞིག་མཚོན་གྱི་ཡོད་པ་མ་ཟད། སྐུ་ལུས་ཞུགས་འབུལ་གནང་མཁན་མང་པོས་བོད་ལ་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་ལ་ཕྱིར་ཆིབས་བསྒྱུར་མཛད་རྒྱུ། དེ་བཞིན་བོད་ཀྱི་ཆོས་རིག་སྲུང་སྐྱོབ་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཡོད་སྐོར་སོགས་ངོ་སྤྲོད་གནང་འདུག་ལ། དེ་བཞིན་ཁག་གཅིག་གིས་རང་གི་ལུས་པོར་བོད་རང་བཙན་ཞེས་ཡི་གེར་བཀོད་པ་བྱུང་ཡོད་པ་གསུངས་འདུག  

རྩ་བའི་ཁ་སང་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༤ འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་དུས་སྟོན་མཉམ་འཛོམས་ཁེལ་བའི་ཉིན་མོ་བསྟུན། ཡོ་རོབ་རྒྱལ་ཁབ་སུད་སི་དང་ཨ་རི་སོགས་སུ་གནས་བཞུགས་བོད་མི་ཚོས་ལས་འགུལ་གྱི་རྣམ་པ་འདྲ་མིན་བརྒྱུད་ནས་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། རིག་གཞུང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་འོག་ནས་རྒྱགཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། པར་ཁག་ཨེ་ཤ་ར་རང་དབང་རླུང་འཕྲིན་ཁང་དང་སྤྱི་ཚོགས་དྲ་བ་སོགས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།