Tibetan Royal Year of 2151 | Year of the Wood Dragon

ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ལ་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཉི་འོང་སྐུ་ཚབ་དོན་གཅོད་ཀྱི་གོ་སྒྲིག་འོག་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་བོད་དོན་སྐོར་ཟབ་སྦྱོང་དང་། ལྷག་པར་བཀྲ་ཤིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་སོགས་དང་འབྲེལ་ནས་དོན་ཚན་གསུམ་ཅན་ཞིག་ཞུ་འབོད་གནང་འདུག

བོད་མིའི་རང་དབང་།

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་ཉི་འོང་གྲོས་ཚོགས་འོག་མའི་རྒྱལ་སྤྱིའི་ཚོགས་ཁང་དུ་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་སྐོར་ཟབ་སྦྱོང་དང་འབོད་སྐུལ་གནང་ཡོད་ཅིང་། སྐབས་དེར་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེས་དབུས་པའི་ཉི་འོང་བོད་ཀྱི་སྐུ་ཚབ་དོན་གཅོད་དང་། ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Shimomura Hakubun ཤི་མོ་མུ་རཱ་ཧཱ་ཀུ་བུན་ལགས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་ཞིབ་འཇུག་གནང་མཁན་གྲོས་ཚོགས་ཀྱི་ཚོགས་ཆུང་གི་ཚོགས་གཙོ་ Keiji Furuya ཕུ་རུ་ཡཱ་ཀི་ཇི་ལགས། ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ Ishikawa Akimasa ཨི་ཤི་ཀཱ་ཝ་ཨ་ཀི་མཱ་སཱ་ལགས། རང་དབང་མང་གཙོ་ཚོགས་པའི་འཐུས་མི་ Ishibashi Rintaro ཨི་ཤི་བཱ་ཤི་རིན་ཏཱ་རོ་ལགས་སོགས་གྲོས་ཚོགས་འཐུས་མི་ ༡༥ ལྷག་དང་། དེ་བཞིན་ལས་བྱེད་དང་བོད་དོན་རྒྱབ་སྐྱོར་བ། གསར་འགོད་པ་བཅས་ཁྱོན་ཚོགས་བཅར་བ་ ༤༠ ཙམ་མཉམ་ཞུགས་གནང་འདུག

བོད་མིའི་རང་དབང་།

སྐབས་དེར་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་༸སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གཞུང་ལ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་མཆོག་འཕྲལ་དུ་གློད་བཀྲོལ་དགོས་པ་དང་། ཁོང་གང་དུ་བཞུགས་ཡོད་མེད་ཀྱི་ཕྱིར་བསྒྲགས་བྱ་ཆེད་ཅི་ཐུབ་ཀྱི་གནོན་ཤུགས་སྤྲོད་དགོས་པ་དང་། རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བོད་མིའི་ཆོས་དད་རང་དབང་ལ་ཐེ་བྱུས་ཀྱི་ཡོད་པ། ལྷག་པར་༸རྒྱལ་བའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་དབང་མེད་པར་སྐྱོན་བརྗོད་ཐོག་གྲོས་ཆོད་ཅིག་གཏན་འབེབས་གནང་དགོས་པ། དེ་བཞིན་༸གོང་ས་མཆོག་གི་ཐུགས་དགོངས་ལྟར་བོད་འདི་ཉིད་ཞི་བདེའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་དང་། བོད་ཀྱི་གནད་དོན་དེ་གྲོས་མོལ་དང་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་ལ་རྒྱབ་སྐྱོར་གནང་རོགས་ཅེས་དོན་ཚན་གསུམ་གྱི་ཐོག་ནས་སྐུལ་འདེབས་གནང་འདུག

བོད་མིའི་རང་དབང་།

འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་དང་འབྲེལ་ནས་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་སྐབས་དེར་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་པ་དང་། དྲི་བ་དྲི་ལན་གྱི་ལས་རིམ་ཁྲོད་ཚོགས་བཅར་བ་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་རྡོག་རོལ་གྱི་གནས་སྟངས་གང་འདྲ་ཡོད་མིན་དྲིས་བར། རྒྱ་གཞུང་གིས་བོད་ནང་ཆོས་ཕྱོགས་ཀྱི་ཐོག་ནས་བླ་རུང་སྒར་དང་། ཡ་ཆེན་སྒར། ལྷག་པར་བྲག་མགོའི་ནང་སྟོན་པའི་སྐུ་བརྙན་དང་མ་ཎི་འཁོར་ལོ་གཏོར་བ། གུ་རུའི་སྐུ་བརྙན་གཏོར་ཡོད་པའི་གནས་སྟངས་ངོ་སྤྲོད་ཙམ་མ་ཟད། བོད་པའི་བྱིས་པ་རྣམས་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭར་མངགས་གཏོང་བྱེད་བཞིན་ཡོད་པ། དེ་བཞིན་བོད་ནས་བཙོན་བྱོལ་དུ་ཡོང་རྒྱུར་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་སོགས་ངོ་སྤྲོད་དང་འབྲེལ་ནས་ལན་འདེབས་གནང་ཡོད་པ་འགྲེལ་བརྗོད་གནང་སོང་།

བོད་མིའི་རང་དབང་།

མ་ཟད་སྐབས་དེར་ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Shimomura Hakubun ཤི་མོ་མུ་ར་ཧ་ཀུ་བུན་ལགས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ལ་ཞིབ་འཇུག་གནང་མཁན་གྲོས་ཚོགས་ཀྱི་ཚོགས་ཆུང་གི་ཚོགས་གཙོ་ Keiji Furuya ཕུ་རུ་ཡ་ཀི་ཇི་ལགས་རྣམས་གཉིས་ཀྱིས། བོད་ཀྱི་གནད་དོན་དེ་གལ་ཆེན་པོ་ཡིན་པ་དང་ལྷག་པར་ཆོས་དད་རང་མོས་ཀྱི་གནས་སྟངས་ཐོག་དོ་སྣང་བྱ་དགོས་པ་མ་ཟད། རྒྱ་གཞུང་གིས་༸གོང་ས་མཆོག་གི་ཡང་སྲིད་ལ་ཐེ་བྱུས་བྱེད་ཀྱི་ཡོད་པ་དེར་ངོས་འཛིན་མེད། ཨ་རིའི་ངོས་ནས་གནད་དོན་དེར་ངོ་རྒོལ་ཤུགས་ཆེར་གནང་ཡོད་པ་བཞིན་ང་ཚོ་ཉི་འོང་གྲོས་ཚོགས་ཀྱི་ངོས་ནས་ཀྱང་མ་འོངས་པར་ཐུགས་འཁུར་ཆེར་བཞེས་གནང་དགོས་པ་སོགས་གསུངས་པ་འགྲེལ་བརྗོད་གནང་སོང་།

བོད་མིའི་རང་དབང་།

གཞི་རྩའི་བོད་ནང་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་ཀྱི་ངོ་བོ་མཚོན་པའི་སྐད་དང་རིག་གཞུང་སོགས་རྩ་གཏོར་གཏོང་བཞིན་ཡོད་པའི་མཚམས་འདིར་བོད་མིའི་གནས་སྡོད་ས་གནས་ཕལ་མོ་ཆེའི་ནང་བོད་ཀྱི་དུས་སྟོན་སྲུང་བརྩི་ཞུ་བཞིན་ཡོད་པ་དང་འབྲེལ། ཉི་འོང་ནང་དུའང་བོད་ཀྱི་སྐུ་ཚབ་དོན་ཁང་གིས་བོད་སྐྱོབ་འབྲེལ་མཐུད་ལས་ཁང་དང་མཉམ་མཐུན་གྱིས་ཟླ་བ་འདིའི་ཕྱི་ཚེས་ ༤ དང་ ༥ བཅས་ཉིན་གཉིས་ཀྱི་རིང་རྒྱལ་ས་ Tokyo ཊོཀ་ཡོ་ནང་རྟེན་གཞི་བྱས་པའི་ Tsukiji Hongwanji དགོན་རྙིང་དུ་ཡུལ་དེའི་མི་མང་དང་ཡུལ་སྐོར་བ་ཚོར་བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་རབས་ལོ་རྒྱུས་སོགས་ངོ་སྤྲོད་གནང་རྒྱུར་དམིགས་ཏེ། བོད་ཀྱི་དུས་སྟོན་སྲུང་བརྩི་ཞུས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།