སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ དབུ་འཛུགས།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༧ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ དབུ་འཛུགས་གནང་སོང་བ་དང་འབྲེལ། ད་རེས་སྔོན་རྩིས་གྲོས་ཚོགས་ཐོག་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༥ དང་ ༢༠༢༦ ལོའི་སྔོན་རྩིས་འགོད་འབུལ་ཞུས་ཡོད་པ་རེད།

Tibetan Parliamentarians Gather for Budget Session
པར་དབང་། Tibetan Parliament-in-Exile/FB Page

དེ་ཡང་དེ་རིང་སྔ་དྲོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུ་འབྱེད་གསུང་བཤད་ཁྲོད། ད་ལྟའི་ཆར་ཨ་རིའི་རོགས་དངུལ་བཀའ་འགོག་གི་གནས་སྟངས་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་དང་ལས་འཆར་ལ་དོ་ཕོག་འབྱུང་གི་ཡོད་ཅིང་། འཛིན་སྐྱོང་བཀའ་ཤག་དང་དོན་གཅོད་བཅས་ནས་རོགས་དངུལ་མུ་མཐུད་ཡོང་ཐབས་སླད་ཐབས་ཤེས་གནང་གི་ཡོད་པ་དང་། རིམ་པའི་ཨ་རིའི་ཕྱོགས་ཡོངས་ཀྱི་བསྐྱར་ཞིབ་ལས་རིམ་གྲུབ་རྗེས། རོགས་དངུལ་ཐོབ་རྒྱུར་རེ་བ་བཟང་ས་ནས་བརྒྱབ་སྟེ། གོ་སྐབས་དང་འབོད་སྐུལ། དེ་བཞིན་རེ་བ་ཞུ་རྒྱུ་ཡིན་པ་གསུངས་སོང་།

དེ་བཞིན་རྒྱ་གཞུང་གིས་བོད་ནང་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་སྐོར་གསུངས་བ་དང་ཆབས་ཅིག གཞིས་བཞུགས་བོད་མིའི་སྙིང་སྟོབས་དང་མངོན་འདོད། ལྷག་བསམ་བཅས་ཉམས་མེད་ཐོག་གནས་ཡོད་པ་མ་ཟད། རྒྱ་གཞུང་གི་འཁྱོག་བརྗོད་ལ་ང་ཚོས་དོན་དངོས་ཀྱི་ལན་འདེབས་ཐུབ་པའི་སྤོབས་པ་དང་གདེང་ཚོད་ཡོད་ཅེས་ནན་བརྗོད་ཐོག བོད་མིའི་སྒྲིག་འཛུགས་གཙོས་པའི་འབྲེལ་ཡོད་ཚང་མས་བོད་རྩ་དོན་འཐབ་རྩོད་སླད་དུ་ད་དུང་ནུས་པ་ཆེ་རུ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་དྲན་སྐུལ་གནང་སོང་།

Dalai Lama's Voice for the Voiceless

ལྷག་པར་གསུམ་བཅུའི་དུས་དྲན་གྱི་ཉིན་རྗེས་མར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་སྐད་ཐོག་ Voice for the Voiceless ཞེས་རྒྱ་ནག་དང་ལྷན་དུ་ལོ་ངོ་ ༧༠ ལྷག་རིང་གི་འཐབ་རྩོད་དང་འབྲེལ་བའི་ཕྱག་དེབ་འདོན་སྤེལ་གནང་ཡོད་པར་རྒྱལ་སྤྱིའི་བརྒྱུད་ལམ་མང་པོས་དོ་སྣང་ཆེན་པོ་བྱུང་ཡོད་པ་དང་། སྐབས་དེར་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་གནས་ཚུལ་རིམ་པ་ཐོན་པར་དེ་འབྲེལ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ལན་འདེབས་ཀྱང་བྱས་པའི་གནས་ཚུལ་བྱུང་ཡོད་ཅེས་དང་། སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་༸སྐུའི་ཡང་སྲིད་ནི་བོད་བརྒྱུད་ནང་བསྟན་གྱི་འགྲོ་ལུགས་ཐོག་ནས་གནང་དགོས་པར་ཆབ་སྲིད་ཀྱི་དགོས་མཁོ་དང་འབྲེལ་ནས་ཐེ་བྱུས་བྱ་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་དང་། བོད། དེ་བཞིན་རྒྱ་ནག་མི་མང་གིས་དེར་ཡིད་ཆེས་བྱེད་མ་ཐུབ་པའི་གནས་སྟངས་གསལ་པོ་ཆགས་ཡོད་ཅིང་། ང་ཚོས་ངོས་ནས་༸རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནང་ངོས་འཛིན་གསལ་པོ་དང་ཁ་གསལ་ཡོངས་ཐབས་སུ་ཐབས་ལམ་མྱུར་པོ་བྱ་ཐུབ་དགོས་གལ་ཡིན་པ་གསུངས་སོང་།

Manmohan Singh, Jimmy Carter, Gyalo Thondup

དེ་རིང་གི་ལས་ཉིན་དང་པོར་ཚོགས་གཙོ་མཆོག་གི་གསུང་བཤད་གྲུབ་མཚམས། རྒྱ་གར་གྱི་སྲིད་བློན་ཟུར་པ་དམ་པ་ Manmohan Singh མན་མོ་ཧན་སིང་མཆོག་དང་། ཨ་རིའི་སྲིད་འཛིན་ཟུར་པ་དམ་པ་ Jimmy Carter ཇི་མི་ཀཊར་མཆོག ༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་དམ་པ་རྒྱ་ལོ་དོན་གྲུབ་མཆོག དེ་བཞིན་བཀའ་ཟུར་དང་སྤྱི་ཟུར་དམ་པ་ཁྱོན་བརྒྱད་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་འདོན་གནང་སོང་།

གཞན་ཡང་དཔལ་འབྱོར་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༥ དང་ ༢༠༢༦ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་དང་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན། དེ་བཞིན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༢ པའི་སྙན་ཐོ་ཡང་སྙན་སྒྲོན་སོགས་གནང་ཡོད་པ་རེད།

Tibetan Parliamentarians Gather for Budget Session
པར་དབང་། Tibetan Parliament-in-Exile/FB Page

རྩ་བའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པ་འདི་བཞིན་དེ་རིང་ནས་དབུ་འཛུགས་ཀྱིས་ཟླ་བ་འདི་ཚེས ༣༡ བར་ལས་ཉིན་ ༡༣ རིང་ཚོགས་ཀྱི་ཡོད་ཅིང་། ཚོགས་དུས་ཐོག་གཙོ་བོར་སྔོན་རྩིས་གཏན་འབེབས་གནང་རྒྱུ་དང་། ཁྲིམས་བཟོའི་ལས་དོན་ཁག་གཅིག དེ་བཞིན་བཀའ་ཤག་ནས་ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞི་དང་བཙན་བྱོལ་བོད་མི་གཞུང་དངུལ་བསྡུ་འགོད་དང་ལོ་འཁོར་དངུལ་རྩིས་སྟངས་འཛིན་གྱི་སྒྲིག་གཞི། བཙན་བྱོལ་བོད་མི་གཞིས་ཆགས་ས་ཁོངས་ཀྱི་སྒྲིག་གཞི་ཁག་ལ་བསྐྱར་བཅོས་ཙམ་མ་ཟད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང་། རྩིས་ཞིབ་སྤྱི་ཁྱབ་པའི་འོས་བསྡུའི་ལས་རིམ་སོགས་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026