Tibetan Royal Year of 2151 | Year of the Wood Dragon

སུད་བོད་མཐུན་གྲོགས་ཀྱིས་བོད་རང་དབང་གྲུ་སྐོར་ལས་འགུལ་སྤེལ་བ།  

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

སུད་སི་ཛུ་རིག་གྲོང་ཁྱེར་མཚོ་ཁུལ་དུ་སུད་བོད་མཐུན་གྲོགས་ཚོགས་པའི་གོ་སྒྲིག་འོག་བོད་ཀྱི་རྣམ་པ་མཚོན་པའི་གྲུ་བཀོད་གནང་སྟེ་བོད་རང་དབང་ཞེས་པའི་ཕྲེད་དར་དཔྱང་ནས་ས་གནས་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད། བོད་རང་རང་དབང་གྲུ་སྐོར་ཞེས་པའི་ལས་འགུལ་དེ་ཟླ་༩ ཚེས་ ༡༠ ཉིན་ཛུ་རིག་སུད་བོད་མཐུན་གྲོགས་ཚོགས་ཆུང་གིས་གོ་སྒྲིག་གནང་ཞིང་། ཛུ་རིག་གྲོང་ཁྱེར་གྱི་མཚོ་ངོས་གྲུ་གཟེངས་བབས་ཚུགས་Bürkliplatz ནས་དབུ་འཛུགས་ཀྱིས་ཛུ་རིག་མཚོ་ངོས་སུ་ཆགས་པའི་གྲོང་ཁྱེར་ཆེ་ཁག་བཞིའི་གྲུང་གཟེངས་བབས་ཚུགས་དབར་འགྲུལ་ཞུད་སྐོར་སྐྱོད་གནང་འདུག་ཅིང། ཚོུད་གཉིས་དང་ཕྱེད་ཀ་ལྷག་གི་འགྲུལ་ཞུད་དུ་སྐྱོད་པའི་གྲུ་གཟེངས་ཀྱི་ཕྱི་ནང་གི་ངོས་ཁག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར། གྲུའི་མཐའ་འཁོར་དུ་བོད་ཀྱི་དར་ལྕོགས་རླུང་རྟ། བོད་རང་དབང་ཞེས་པའི་ཕྲེད་དར་དཔྱང་འདུག་ལ། སྐབས་དེར་འགྲུལ་ཞུད་དེའི་ནང་བོད་དོན་ལ་རྒྱབ་སྐྱོར་ཆེད་ཕེབས་མཁན་ཕྱི་ནང་གི་སྐུ་མགྲོན་ཚོར་བོད་བཟ་བཤམ་སྟོན་དང། དེ་བཞིན་བོད་ཀྱི་རིག་གཞུང་དང་འབྲེལ་གཞས་སྣ་ཁག་གཅིག་གཟིགས་འབུལ། བོད་དོན་ངོ་སྤྲོད་ཀྱི་གཏམ་བཤད་ལས་རིམ་སོགས་གཉེར་ཡོད་པ་རེད།སྐབས་དེའི་བོད་རང་དབང་གྲུ་གཟེངས་ལས་འགུལ་ཀྱི་འགྲུད་ཞུད་ཐོག་བོད་དོན་ལ་རྒྱུན་རིང་རྒྱབ་སྐྱོར་གནང་མཁན་ཛུ་རིག་མངའ་སྡེའི་སྤྱི་ཁྱབ་སྐུ་ཞབས་ Mario Fehr མཆོག་དང་ཝེ་ཏེན་སོལ་གྲོང་ཁྱེར་སྤྱི་ཁྱབ། སུད་སི་བོད་ཀྱི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། རི་དཀོན་དགོན་པའི་དགེ་འདུན་པ་རྣམ་པ་གཙོས། ཕྱི་ནང་མང་ཚོགས་ ༡༢༠ ཙམ་མཉམ་ཞུགས་གནང་འདུགགཞི་རྩའི་ཕྱི་ལོ་ ༢༠༡༧ ལོར་སུད་བོད་མཐུན་གྲོགས་ཀྱི་ངོས་ནས་ད་བར་བོད་ནང་རྒྱ་གཞུང་གི་དྲག་གནོན་འོག་ཉམས་དམས་སུ་གྱུར་བའི་བོད་ཀྱི་ཆོས་རིག་དང་ བོད་མི་ཚོར་བོད་ཀྱི་རྒྱལ་དར་བསྒྲེང་འཛུགས་གནང་རྒྱུའི་ཐོབ་ཐང་མེད་པའི་གནས་སྟངས་སོགས་མངོན་གསལ་གནང་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་རྣམས་ས་གནས་མང་ཚོགས་ལ་གོ་རྟོགས་སྤེལ་སླད་བོད་ཀྱི་རྒྱལ་དར་ཡོད་པའི་སྒང་ཕུག་བཀྲིས་ཞེས་པ་ཞིག་མཁའ་དབྱིངས་སུ་བཏང་བའི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།སུད་བོད་མཐུན་གྲོགས་ཚོགས་པ་ནི་བོད་མི་འཚེ་མེད་ཞི་བའི་འཐབ་རྩོད་དང་བོད་ཀྱི་ཐོུང་མིན་ནང་ཆོས་དང་འབྲེལ་བའི་རིག་གཞུང་ལ་རྒྱབ་སྐྱོར་སླད་ཕྱི་ལོ་ ༡༩༨༥ ལོར་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། ད་ལྟའི་ཆར་ཚོགས་མི་ ༡༥༠༠ ལྷག་ཡོད་པའི་སུད་སི་ནང་གི་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་ཆེ་གྲས་དང་རྙིང་གྲས་ཤིག་ཀྱང་ཆགས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།