Tibetan Royal Year of 2151 | Year of the Wood Dragon

སུད་སི་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་དང་མ་འོངས་ལས་འཆར་གྱི་ཚོགས་འདུ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

སུད་སི་རྒྱལ་ཡོངས་དགུན་དུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན་སུད་སི་གྲོས་ཚོགས་ནང་དུ་བོད་ཀྱི་གནད་དོན་གླེང་སློང་གནང་ཕྱོགས་དང་དེ་བཞིན་མ་འོངས་པའི་བོད་དོན་ཆབ་སྲིད་དང་འབྲེལ་བའི་ལས་འཆར་སྤེལ་ཕྱོགས་སོགས་ཀྱི་ཐད་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་འདུགསུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་རླུང་འཕྲིན་ཁང་ལ་ད་ལན་ཚོགས་འདུ་ཐོག འདས་པའི་ཚོགས་འདུ་སྐབས་ཀྱི་ལས་དོན་ཁག་མཇུག་སྐྱོང་དང་མ་འོངས་ལས་འཆར། ལྷག་པར་དུ་སུད་སི་ཕྱི་མི་ཞིབ་གཤེར་ལས་ཁུངས་དང་རྒྱ་ནག་དབར་ཕྱི་ལོ་ ༢༠༡༥ ལོར་བཞག་པའི་སྐྱབས་བཅོལ་བོད་མི་དང་འབྲེལ་བའི་གསང་བའི་གྲོས་མཐུན་བསྐྱར་གསོ་འགོག་ཐབས། སུད་སི་ནང་ཡིག་ཆ་མེད་པའི་སྐྱབས་བཅོལ་བོད་མིའི་དཀའ་ངལ་སེལ་ཐབས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནས་བབ་བཅས་པ་གྲོས་ཚོགས་སུ་གླེང་སློང་ཡོང་རྒྱུ་སོགས་ཀྱི་སྐོར་བཀའ་བསྡུར་གནང་ཡོད་སྐོར་གསུངས་ཡོད།

ཟླ་ ༡༢ ཚེས་ ༧ ཉིན་སུད་སི་རྒྱལ་ས་སྦན་དུ་ཚོགས་པའི་ཚོགས་འདུའི་ཐོག་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Fabian Molina Martina Munz ལགས་དང་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས། ཡོ་རོབ་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། དེ་བཞིན་སུད་བོད་མཐུན་གྲོགས་ཀྱི་ཚོགས་གཙོ་ Thomas Büchli ལགས་བཅས་ལྷན་འཛོམས་གནང་འདུག

རྩ་བའི་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེ་ལོ་ལྟར་ལོ་གཅིག་ནང་ཐེངས་གཉིས་ཚོགས་ཀྱི་ཡོད་པ་རེད། ད་ལྟའི་འཆར་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་སུད་སི་ཆབ་སྲིད་ཚོགས་པ་ཆེ་གྲས་ལྔའི་གྲོས་ཚོགས་འཐུས་མི་གྲངས་ ༢༣ ལྷག་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།