Tibetan Royal Year of 2151 | Year of the Wood Dragon

སོག་ཡུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྐོར་༸སྐུ་པར་འགྲེམས་སྟོན།

Tibetan News Headlines

 • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
 • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
 • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
 • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
 • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
 • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

 • No significant changes in the rights situation in Tibet: US report
 • Blinken must raise Tibet, Panchen Lama on China trip: Tibet advocacy group
 • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
 • China froze Covid -19 origin tracing; pattern continues to this day: AP investigation
 • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
 • Introduction to Opera ‘Prince Dhepa Tenpa’
 • Germany and Britain detain suspected Chinese spies

སོག་ཡུལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་༸སྐུ་པར་འགྲེམས་སྟོན་གནང་འདུགཕྱི་ཟླ་ ༦ ཚེས་ ༧ ཉིན་སོག་པོའི་རྒྱལ་ས་ Ulaanbaatar ནང་རྟེན་གཞི་བྱས་པའི་སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་ཚོགས་ཁང་ཞིག་ཏུ་སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དགོན་པ་དང་ཏེ་ལོ་ཧུ་ཐོག་ཐུ་ཐེབས་རྩ། དེ་བཞིན་རུ་སོག་སྐུ་ཚབ་དོན་གཅོད་བཅས་ཐུན་མོང་གིས་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་ལུམ་བི་ནིར་སྐུ་བལྟམས་པ་དང༌། གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་པ། རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་པ་དུས་ཆེན་གསུམ་འཛོམས་དང་། དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སོགས་དང་སྟབས་བསྟུན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་༸སྐུ་པར་འགྲེམས་སྟོན་གོ་སྒྲིག་གནང་བ་ཞིག་ཆགས་ཀྱི་འདུགཐེངས་འདིའི་༸སྐུ་པར་འགྲེམས་སྟོན་གྱི་བརྗོད་བྱ་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ན་ཕྲ་བའི་དུས་སྐབས་དང་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཆིབས་བསྒྱུར་མཛད་རིམ། བཙན་བྱོལ་དུ་ཕེབས་པའི་རྗེས་སུ་རྒྱལ་སྤྱིའི་ཁྱོན་ལ་༸རྒྱལ་བའི་མཛད་པ་འཕྲིན་ལས་རྒྱས་ཚུལ་སོགས་གསལ་སྟོན་གནང་འདུགརུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་༸རྒྱལ་བའི་སྐུ་པར་འགྲེམས་སྟོན་དབུ་འབྱེད་གནང་བ་དང་འབྲེལ་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞིའི་སྐོར་ངོ་སྤྲོད་དང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་ཞེས་བཀའ་སྩལ་མཛད་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་མང་ཚོགས་ལ་མགོན་པོ་༸གང་ཉིད་མཆོག་དགེ་སློང་དཀྱུས་མ་ཞིག་ལས་ལྷག་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ལྟ་གྲུབ་སྨྲ་བ་དང་། ཞི་བདེ་དོན་གཉེར་བ། ཚན་རིག་པ་ཡིན། ཞེས་དང་། སོག་ཡུལ་དད་ལྡན་མི་མང་སྟོང་ཕྲག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་ཡིད་ཆེས་རྩེ་གཅིག་ཏུ་ཞུ་ཡི་ཡོད་པ་དེ་ལྟར་ནའང་། མི་མང་པོ་ཞིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་སྤྱིར་སྨན་པའི་བཀའ་ཆོས་དང་བཀའ་དབང། ཤེས་ཡོན། ཚན་རིག མདོར་ན་འགྲོ་བ་མིའི་རིགས་ལ་ཉེར་མཁོའི་མཛད་པ་འཕྲིན་ལས་གང་བསྐྱངས་ཡོད་མེད་སྐོར། ལྷག་དོན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་གཙོས་པའི་མངོན་བསྟོད་ཀྱི་ཕྱག་འཁྱེར་ཇི་བཞེས་སོགས་ཤེས་ཀྱི་མེད་སྟབས། ཐེངས་འདིའི་༸སྐུ་པར་འགྲེམས་སྟོན་བརྒྱུད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་སྐོར་ལ་གོ་རྟོགས་གཏིང་ཟབ་ཡོང་ཐུབ་ངེས་ཡིན་པ་གསུངས་འདུགརླུང་འཕྲིན་ཁང་གིས་རུ་སོག་སྐུ་ཚབ་དོན་གཅོད་ཏི་ལོ་རིན་པོ་ཆེ་མཆོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བའི་༸སྐུ་པར་འགྲེམས་སྟོན་གནང་དམིགས་སོགས་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་པར་རིན་པོ་ཆེ་མཆོག་གིས་སོག་པོའི་མང་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་སྤྱིར་སྨན་པའི་མཛད་པ་འཕྲིན་ལས་གང་བསྐྱངས་ཡོད་མེད་སོགས་༸རྒྱལ་བའི་མཛད་པ་འཕྲིན་ལས་ལ་གོ་རྟོགས་གཏིང་ཟབ་ཡོང་ཐབས་སུ་དམིགས་སྐོར་བཀའ་གནང་སོང་། རྩ་བའི་༸སྐུ་པར་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོ་ཐོག་སོག་ཡུལ་ནང་པ་ཡོངས་ཀྱི་དབུ་ཁྲིད་མཁན་པོ་ Nomun Khan ལགས་ཀྱིས་གཙོས་པའི་སོག་པོའི་བླ་སྤྲུལ་ཁག་ཅིག རྒྱ་གར་དང་ཨ་རིའི་གཞུང་ཚབ་ཁང་གི་གནད་ཡོད་མི་སྣ། མཁས་དབང། སྒྱུ་རྩལ་བ། གསར་འགོད་པ། ས་གནས་ཀྱི་གྲོང་སྡེ་སྤྱི་ཁྱབ་ལས་ཁུངས་ཀྱི་གནད་ཡོད་སྐུ་ཚབ་བཅས་ཁྱོན་སྐུ་མགྲོན་ ༧༤ ཙམ་ལྷན་ཞུགས་གནང་འདུགཐེངས་འདིའི་སྐུ་པར་འགྲེམས་སྟོན་དེ་མུ་མཐུད་ས་ག་ཟླ་བའི་ཚེས་བཅོ་ལྔ་བར་འགྲེམས་སྟོན་གནང་རྒྱུ་ཡིན་པ་དང་མཐར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར་མཇུག་སྒྲིལ་གནང་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།