Tibetan Royal Year of 2151 | Year of the Wood Dragon

སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་བསྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་པོའི་དད་ལྡན་པ་གཙོས་ཕྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་བརྒྱ་ཕྲག་དུ་མར་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་བསྐྱངས་པ་དང་འབྲེལ། སེམས་བཟང་པོ་བྱ་རྒྱུ་དང་གཞན་གཅེས་འཛིན་གྱི་བློ་བཅངས་རྒྱུ་དེ་ཉིད་ཆོས་ཀྱི་སྙིང་པོ་ཆགས་ཡོད་པ་ཙམ་མ་ཟད། ༸མགོན་པོ་གང་ཉིད་མཆོག་ལ་བསྒྲུབ་པའི་ཆོས་ཡག་ཤོས་དེ་ཡང་ཆགས་ཡོད་པར་བཀའ་སྩལ་སོང་།

HHDL Two Day Teaching April 2024

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཉིན་མཐའ་མའི་ཆོས་འབྲེལ་ཐོག་དེ་རིང་གི་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་སོག་པའི་ཆོས་གྲོགས་ཚོ་ཡིན་སྟབས་ལོ་ངོ་བརྒྱ་ཕྲག་འགའ་ཤས་རིང་བོད་སོག་གཉིས་དབར་ཆོས་ཕྱོགས་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་པ་གསལ་བཏོན་དང་འབྲེལ། ལྷག་པར་མགོན་པོ་༸གང་ཉིད་མཆོག་གི་ཡོངས་འཛིན་དངོས་གྲུབ་ཚོགས་གཉིས་མཆོག་སོག་རིགས་ཞིག་ཡིན་པ་དང་། གང་ཉིད་མཆོག་དབུ་ཕར་གྱི་གཞུང་སོགས་སློབ་གཉེར་གནང་རྒྱུ་དེ་ཡོངས་འཛིན་དངོས་གྲུབ་ཚོགས་གཉིས་ལ་བརྟེན་ནས་བྱུང་བ་ཡིན་སྟབས། དམ་པ་ཁོང་ལ་བཀའ་དྲིན་རྗེས་དྲན་སླད་དེ་རིང་སོག་པོའི་དད་ལྡན་པ་རྣམས་ལ་གསུང་ཆོས་མཛད་ཡོད་པར་བཀའ་རྩལ་སོང་།

HHDL Two Day Teaching April 2024

མ་ཟད་༸གོང་ས་མཆོག་གིས་རང་རེ་བོད་ལ་ལོ་སྟོང་ཕྲག་གི་སྔོན་ནས་ནང་ཆོས་ཀྱིས་མཚོན་པའི་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དེ་བཙན་བྱོལ་ནང་གི་བོད་མི་གཙོས་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་བྲངས་པ་ཚོས་ཕྱི་ནང་གཉིས་ཀྱི་ཤུགས་རྐྱེན་ལ་མ་ལྟོས་པར་ལྷག་བསམ་རྒྱ་ཆེར་བསྐྱེད་དེ་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་སོང་།

གོང་ས་མཆོག་གིས་ད་དུང་ཆོས་ཞུ་བ་རྣམས་ལ་སེམས་བསྐྱེད་ཀྱི་ཆོས་འབྲེལ་དང་བསྟུན། དེང་གི་ཆར་འཛམ་གླིང་ཕྱོགས་གང་སར་འཛམ་གླིང་ཞི་བདེ་ཞེས་གསུང་བཞིན་ཡོད་པ་དེ་སེམས་བཟང་པོ་གནང་བའི་ཐོག་ནས་ཡོང་རྒྱུ་ཡོད་སྟབས། ཆོས་དད་ཡོད་མིན་ལ་མ་ལྟོས་པར་སེམས་བཟང་པོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་མ་ཟད་༸གོང་ས་མཆོག་ལ་བསྒྲུབ་པའི་ཆོས་ཡག་ཤོས་དེའང་ཆགས་ཀྱི་ཡོད་པར་བཀའ་སྩལ་སོང་།

HHDL Two Day Teaching April 2024

དེ་བཞིན་སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས། ཆོས་དད་ཡོད་མེད་ལ་ལྟོས་མེད་འཛམ་གླིང་ཞི་བདེ་ཞེས་པ་དེ་ཀུན་གྱི་འདོད་དོན་ཡིན་པ་དང་། འགྲོ་བ་མི་ཡོངས་རྫོགས་མའི་བྱམས་སྐྱོང་འོག་ནས་འཚར་ལོངས་བྱུང་བ་ཤ་སྟག་ཡིན་པ་ཙམ་མ་ཟད། ལྷག་པར་འཛམ་བུ་གླིང་གི་སྐྱེ་འགྲོ་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་ཡིན་སྟབས། དད་ལྡན་ཆོས་ཞུ་འདུ་འཛོམས་བྱུང་བ་ཡོངས་ནས་འཛམ་གླིང་ཞི་བདེ་ཡོང་ཐབས་ཀྱི་འབད་བརྩོན་གནང་དགོས་པ་དང་། དེ་ཡང་སྡུག་བསྔལ་སེལ་ཐབས་དང་བདེ་བ་སྒྲུབ་ཐབས་དེ་རང་གཅེས་འཛིན་གྱི་བསམ་བློ་གུ་དོག་པོ་དེ་མ་ཡིན་པར་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་ཐོག་འཛམ་གླིང་ཞི་བདེ་དང་ལྡན་པ་ཡོང་ཐབས་ཀྱི་བསམ་བློ་གཏོང་དགོས་པའི་ལམ་སྟོན་མཛད་སོང་།

HHDL Two Day Teaching April 2024

རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིག་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དགའ་ལྔན་ལྷ་རྒྱ་མའི་ཆོས་འབྲེལ་བསྩལ་བ་དང་། སོག་ཡུལ་ནས་ཆོས་འབྲེལ་དེའི་སླད་དད་ལྡན་ ༤༠༠ ལྷག་ཕེབས་ཡོད་པ་རེད། དཔལ་ལྡན་དགའ་ལྡན་ཕོ་བྲང་གིས་ཡོངས་གྲགས་གནང་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ལྟར་ན། གོང་ས་མཆོག་ནས་ཟླ་བ་རྗེས་མའི་ནང་བཞུགས་སྒར་དུ་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་དང་། ཕྱི་ཟླ་ ༦ པའི་ནང་བོད་རིགས་གཞོན་སྐྱེས་རྣམས་ལ་དབུ་མའི་ལྡེ་མིག་གི་བཀའ་ཆོས། དེ་བཞིན་རྒྱ་གར་གྱི་ནང་ཆོས་དོན་གཉེར་བ་རྣམས་ལ་སྤྱོད་འཇུག་ལེའུ་དགུ་པའི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་ཐུགས་གཏན་ཁེལ་བ་མ་ཟད་། ཕྱི་ཟླ་ ༧ ནང་ལ་དྭགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་སྟེ། དེ་ཚེས་ ༢༡ ནས་ ༢༢ བར་ཁུལ་དེའི་ཞི་བའི་ཚལ་གསུང་ཆོས་ར་བར་རྒྱས་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་། ཕྱི་ཚེས་ ༢༣ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་གཏན་འཁེལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།