Tibetan Royal Year of 2151 | Year of the Wood Dragon

སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ དབུ་འཛུགས།

Tibetan News Headlines

  • New report highlights risks to Tibet and Asia of rampant construction
  • China announces sanctions on U.S. defence firms
  • US lawmakers request Chinese doping Investigation ahead of Paris Olympics
  • CTA hosts exhibition on biography of self manifested Jowo Wati Sangpo
  • Introduction to Saga Dawa

རེས་གཟའ་ཕུར་བུ། ༢༠༢༤།༠༥།༢༣

  • རྒྱ་གཞུང་གི་ཆུ་མཛོད་ལས་གཞི་བོད་ཙམ་མ་ཟད་ཨེ་ཤེ་ཡ་སྤྱིའི་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་པ་མངོན་གསལ།
  • རྒྱ་གཞུང་གིས་སླར་ཡང་ཨ་རིའི་ཚོང་ལས་ཁང་དང་གཙོ་འཛིན་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་འདུག
  • ཡོང་རྒྱུའི་རྒྱལ་སྤྱིའི་དབྱར་དུས་ཨོ་ལོམ་པིག་རྩེད་འགྲན་ནང་རྒྱ་ནག་གིས་རྩེད་འགྲན་པར་རྟོག་ཞིབ་བྱ་དགོས་པ་གསུངས་འདུག
  • རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་སྐོར་དུས་ཐུང་འགྲེམས་སྟོན་དབུ་འབྱེད།
  • ས་ག་ཟླ་བའི་དུ་ཆེན་ངོ་སྤྲོད།


དེ་རིང་བཞུགས་སྒར་དུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ དབུ་འཛུགས་གནང་སོང་བ་དང་། ད་རེས་ཀྱི་གྲོས་ཚོགས་འདི་ཡོངས་གྲགས་སུ་སྔོན་རྩིས་གྲོས་ཚོགས་ཞེས་གསུང་གི་ཡོད་པ་བཞིན་ཚོགས་དུས་ཐོག དཔལ་འབྱོར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༤ དང་ ༢༠༢༥ ལོའི་སྔོན་རྩིས་འགྲོ་གྲོན་སྒོར་ས་ཡ་ ༣༣༣༡་༥༥ འགོད་འབུལ་ཞུས་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུའི་དབུ་འབྱེད་ཀྱི་གསུངས་བཤད་ཁྲོད་ཉེ་ཆར་གསུམ་བཅུའི་དུས་དྲན་སྐབས་འཛིན་སྐྱོང་བཀའ་ཤག་དང་གྲོས་ཚོགས་གཉིས་ནས་ཆབ་སྲིད་ཀྱི་གནས་བབས་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པའི་ཆ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་འགན་དབང་བསྐུར་བ་བཞིན་བོད་དོན་བདེན་མཐའ་སེལ་ཐབས་ཐོག་ཚང་མས་འགན་འཁུར་དང་ཕྱག་ལས་གནང་གལ་ཡིན་པ་གསུངས་ཡོད། 


ལྷག་པར་བོད་ནང་གི་བོད་མི་ཚོའི་ལྷག་བསམ་དང་སྙིང་སྟོབས། བློས་གཏོང་ཚད་ལས་བརྒལ་བ་ཞིག་ཡོད་པ་དང་། དེ་བཞིན་༸གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་བཅས་ལ་བརྟེན་ནས་ད་ཆ་བོད་ཀྱི་གནས་བབ་དེ་རྒྱལ་སྤྱིའི་ངོས་ནས་ཐུགས་སྣང་གནང་སའི་གནད་དོན་ཞིག་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་ཀྱི་གནས་ཚུལ་འདི་སྣང་མེད་དུ་གཏོང་ཐབས་རྩ་བ་ནས་མེད་པ་རེད་ཅེས་གསུངས་བ་དང་འབྲེལ། ད་ལྟའི་བོད་ནང་གི་གནས་སྟངས་དང་རྒྱལ་སྤྱིའི་གནས་བབ། རྒྱ་ནག་གི་ཆབ་སྲིད་གནས་བབ་བཅས་ལ་གཞིགས་ཏེ། བོད་ཀྱི་གནས་བབ་ཐོག་བསྐྱར་ཞིབ་བརྒྱུད་བོད་དོན་དཀའ་རྙོག་སེལ་ཐབས་ལ་དགོངས་བཞེས་གནང་དགོས་གལ་ཡིན་པ་ནན་བརྗོད་གནང་སོང་།

ཚོགས་གཙོ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་དུས་བདུན་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤ དང་ ༢༠༢༥ ལོའི་སྔོན་རྩིས་གཏན་འབེབས་དང་། དཔལ་འབྱོར་བཀའ་བློན་མཆོག་ནས་སྔོན་རྩིས་འགོད་འབུལ་གྱི་གསུངས་བཤད། ཁྲིམས་སྒྲིག་བསྐྱར་བཅོས་ཚོགས་ཆུང་གི་སྙན་ཐོ། བསྐྱར་བཅོས་འཆར་ཟིན་གྱི་སྙན་ཐོ་སོགས་ཕེབས་ཀྱི་ཡོད་སྟབས། སྤྱི་འཐུས་རྣམ་པས་སྔོན་ཚུད་ནས་ལས་དོན་སོ་སོའི་ཐོག་ཐུགས་སྣང་གནང་ཐུབ་དགོས་པའི་ལམ་སྟོན་སོགས་གནང་ཡོད། 

གཞན་ཡང་དེ་རིང་ལས་ཉིན་དང་པོར་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྲོས་ཚོགས་སུ་སྙན་སྒྲོན་དང་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བ་མ་ཟད། ཉིན་རྒྱབ་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤ དང་ ༢༠༢༥ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༤ དང་ ༢༠༢༥ ལོའི་སྔོན་རྩིས་འགྲོ་གྲོན་སྒོར་ས་ཡ་ ༣༣༣༡་༥༥ འགོད་འབུལ་ཞུས་སོང་བ་དང་། འདི་ནི་འདས་ལོ་༢༠༢༣ དང་ ༢༠༢༤ ལོའི་སྔོན་རྩིས་འཆར་འབུལ་ལས་རྒྱ་ཆ་ ༩་༨༡ མང་བ་ཆགས་ཀྱི་འདུག 

ད་རེས་བཀའ་བློན་མཆོག་གིས་གྲོས་ཚོགས་སུ་འགོད་འབུལ་ཞུས་པའི་ ༢༠༢༤ དང་ ༢༠༢༥ ལོའི་སྔོན་རྩིས་ནང་ནས་བརྒྱ་ཆ་ ༦༩་༩༢ སྤྱི་ཚོགས་བདེ་དོན་དང་། ཆབ་སྲིད་ལས་དོན་ཐོག་བརྒྱ་ཆ་ ༡༧་༨༧ དེ་བཞིན་འཛིན་སྐྱོང་ལས་དོན་ཐོག་བརྒྱ་ཆ་ ༡༢་༢༡ གཏང་འཆར་ཡོད་པ་རེད།

རྩ་བའི་དེ་རིང་དབུ་འཛུགས་གནང་བའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པ་དེ་རིང་དབུ་འཛུགས་ཀྱིས་འདི་ཚེས ༣༠ བར་ལས་ཉིན་ ༡༢ རིང་ཚོགས་ཀྱི་ཡོད་པ་དང་། ཚོགས་དུས་ཐོག་སྔོན་རྩིས་གཏན་འབེབས་གནང་རྒྱུ་ཙམ་མ་ཟད། ཁྲིམས་བཟོའི་ལས་དོན་ཁག་ཅིག་ཀྱང་ཕེབས་ཀྱི་ཡོད་ཅིང་། དེ་རིང་ཉིན་རྒྱབ་ཚོགས་དུས་ཐོག་རྩིས་ལོ་ ༢༠༢༤ དང་ ༢༠༢༥ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་ཡང་སྙན་སྒྲོན་ཞུས་ཡོད།  

འབྲེལ་ཡོད་གསར་གནས།

གསར་གནས།