Tibetan Royal Year of 2151 | Year of the Wood Dragon

སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམ་པར་རྒྱ་གཞུང་ལ་རྒྱལ་སྤྱིའི་ཁྲོད་འགན་ཁུར་ཡོད་པའི་རྒྱལ་ཁབ་ཅིག་བྱེད་དགོས་ཞེས་སྐུལ་མ་གནང་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

G7 ཞེས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་རྣམས་ཀྱིས་རྒྱ་ནག་གིས་ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་སྤེལ་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ་ཏེ་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲོད་འགན་ཁུར་ཡོད་པའི་རྒྱལ་ཁབ་ཅིག་བྱེད་དགོས་ཞེས་སྐུལ་མ་གནང་བར་མ་ཟད་བོད་དང་ཤིན་ཅང་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་མུ་མཐུད་ཐུགས་འཚབ་གནང་བཞིན་ཡོད་པར་བསྐྱར་ནན་གནང་འདུག

ཕྱི་ཟླ་ ༩ ཚེས་ ༡༩ ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༧༨ དབུ་འཛུགས་དང་འབྲེལ། ཁ་སྔོན་ཕྱི་ཚེས་ ༢༠ ཉིན་ཁུལ་དེར་G7 ཞེས་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་འདུ་ཚོགས་ཡོད་པ་ལྟར་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་བའི་ནང་ཐེངས་འདིའི་ཚོགས་འདུ་ཐོག་གཙོ་བོར་ཨུ་རུ་སུ་གཞུང་གིས་ཡུཀ་རེན་ལ་བཙན་འཛུལ་དང་རྒྱ་གཞུང་གིས་ཐེ་ཝན་མཚོ་གླིང་དང་ལྷོ་རྒྱ་ནག་རྒྱ་མཚོར་དམག་དོན་སྦྱོང་བརྡར་བྱེད་བཞིན་པ་སོགས་ཀྱི་ངན་སྤྱོད་སྐོར་གླེང་མོལ་གནང་ཡོད་པ་འཁོད་འདུག

སྐབས་དེར་ཕྱི་སྲིད་བློན་ཆེན་རྣམ་པས་ལོ་ཤས་ནས་རྒྱ་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་དེ་ཁུལ་དེར་དམག་དང་འབྲེལ་བའི་ལས་གཞི་རྒྱ་ཆེ་སྤེལ་མུས་དང་དམག་སྦྱོང་དྲག་པོ་བརྒྱུད་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཐུབ་ཚོད་བཏང་བར་སྐྱོན་བརྗོད་ དང་སྦྲགས་ཏེ། རྒྱ་ནག་ནས་རྒྱལ་སྤྱིའི་མཚོ་གླིང་གི་རྩ་ཁྲིམས་ལ་གུས་བརྩི་ཞུས་ནས་དེ་ལྟ་བུའི་བྱ་སྤྱོད་དག་འཕྲལ་མར་མཚམས་འཇོག་དགོས་པའི་ཞན་སྐུལ་གནང་འདུག

རྒྱ་གཞུང་གིས་ཐེ་ཝན་དེ་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཕྱིར་འབུད་གཏོང་ཆེད་སྲིད་བྱུས་སྣ་མང་སྤེལ་བཞིན་ཡོད་པའི་གནད་དོན་ལ་ཐུགས་འཚབ་ཀྱི་རྣམ་པ་དང་འབྲེལ། ཉེ་ཆར་ཁུལ་དེའི་མཚོ་གླིང་ཡོངས་སུ་སྐོར་ནས་དམག་སྦྱོང་བརྒྱུད་ཉེན་བརྡ་དྲག་པོ་བཏང་བར་སྐྱོན་བརྗོད་ནན་པོ་བྱས་པ་དང་ཆབས་ཅིག རྒྱ་གཞུང་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་མེད་ཀྱིས་ངན་སྤྱོད་དེ་དག་གང་མགྱོགས་མཚམས་འཇོག་དགོས་པའི་སྐུལ་མ་བཏང་འདུག

སྐབས་དེར་ཕྱི་སྲིད་བློན་ཆེན་རྣམ་པས་བོད་དང་ཤིན་ཅང་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་གནང་བཞིན་ཡོད་པར་བསྐྱར་ནན་གནང་འདུག དེ་བཞིན་ཧོང་ཀོང་གི་རང་སྐྱོང་གི་གནས་བབ་དེ་ཉིན་རེ་ལས་མ་འདས་པར་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་མངོན་གསལ་གྱིས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲོད་འགན་ཁུར་ཡོད་པའི་རྒྱལ་ཁབ་ཅིག་བྱེད་དགོས་ཞེས་སྐུལ་མ་གནང་ཡོད།

ལྷག་དོན་ཚོགས་འདུ་ཐོག་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ངོས་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་ཐད་སྐྱོན་བརྗོད་གནང་བཞིན་ཡོད་པ་དེ་ལྟར་ཡང་། རྒྱ་ནག་དང་ལྷན་གནམ་གཤིས་འགྱུར་ལྡོག་དང་འཕྲོད་བསྟེན། རྒྱལ་སྤྱིའི་ཁྲོད་དཀའ་ངལ་འཕྲད་བཞིན་པའི་གནད་དོན་མང་པོར་དོན་ཕན་ལྡན་པའི་འབྲེལ་ལམ་དམ་ཟབ་གནང་གལ་ཡིན་པར་ངོས་འཛིན་གནང་གི་ཡོད་སྐོར་གསལ་འདུག

གཞི་རྩའི་ཨ་རི་ནིའུ་ཡོག་གྲོང་ཁྱེར་དུ་ G7 སྟོབས་ཆེན་རྒྱལ་ཁབ་བདུན་སྟེ་ཁེ་ན་ཌ་དང་ཕ་རན་སི། འཇར་མ་ནི། ཨི་ཊ་ལི། ཉི་ཧོང་། དབྱིན་ཡུལ། ཨ་རི། དེ་བཞིན་ཡོ་རོབ་མཐུན་ཚོགས་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་འདུ་ཚོགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།