Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་ཀོ་ལམ་བི་ཡར་འཚམས་གཟིགས་གྲུབ་ནས་མེ་སི་ཀོར་འཚམས་གཟིགས་གནང་བཞིན་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ Colombia རྒྱལ་ས་ Bogota ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཀྱི་ལས་རིམ་ཁག་ལེགས་གྲུབ་ཀྱིས་ཚེས་ ༧ ཉིན་ Mexico གནམ་ཐང་དུ་ཕེབས་འབྱོར་གནང་སྐབས་མེ་སི་ཀོའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Salvador Caro Cabrera ལགས་གཙོས་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

སྲིད་སྐྱོང་མཆོག་ཕྱི་ཚེས་ ༧ ཉིན་ Mexico ལ་རྟེན་གཞི་བྱས་པའི་བློ་གསལ་གླིང་ཆོས་ཚོགས་སུ་འཚམས་གཟིགས་དང་ཆོས་ཚོགས་ཀྱི་སློབ་མ་དང་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་མཇལ་མོལ་གནང་འདུག་པ་དང་། ཕྱི་ཚེས་ ༨ ཉིན་ Casa Tibet Mexico ཚོགས་ཁང་ནས་ལྷོ་ཨ་རི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༦ ཡོད་པའི་ནང་ནས་མེ་སི་ཀོ་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Casa Tibet Mexico དང་ Voces de Tibet དེ་བཞིན་ Tibet MX བཅས་ཀྱི་ཚོགས་མི་དང་ལྷན་མཇལ་མོལ་གནང་འདུག

སྐབས་དེར་བོད་དོན་རྒྱབ་སྐྱོར་བ་ཚོས་ལས་བསྡོམས་གཙོ་བོ་བོད་དོན་ཐོག་ལ་ཕྱག་ལས་གནང་སྒོ་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་བ་དང་སྲིད་སྐྱོང་མཆོག་གིས་ལམ་སྟོན་གསུང་བཤད་གནང་བ་དང་སྦྲགས། ལྷོ་ཨ་རིའི་ཁྱབ་ཁོངས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་དང་ལྷན་དུ་དོན་ཕན་ལྡན་པའི་ཕྱག་ལས་གནང་ཐབས་དང་འབྲེལ་ནས་མ་འོངས་པར་དམིགས་བསལ་ཚོགས་ཆེན་ཞིག་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་རེད།

དེ་བཞིན་ཁ་སང་ཕྱི་ཚེ ༨ ཉིན་ཁུལ་དེའི་ News Week ཞེས་པའི་བརྙན་དེབ་གསར་ཁང་གིས་སྲིད་སྐྱོང་མཆོག་ལ་བོད་དོན་བཅར་འདྲི་ཞུས་པར་མ་ཟད། མེ་སི་ཀོ་དཔེ་མཛོད་དུ་གདན་ཞུ་གནང་སྟེ་ཡུལ་དེའི་རིག་གཞུང་གཟིགས་འབུལ་ཞུས་འདུག

སང་ཉིན་ཕྱི་ཚེས་ ༩ ཉིན་སྲིད་སྐྱོང་མཆོག་ UAM གཙུག་ལག་སློབ་གཉེར་ཁང་དུ་རྒྱ་ནག་དང་རྒྱལ་སྤྱིའི་འབྲེལ་ལམ་ཁྲོད་མེ་སི་ཀོ་དང་ལྷོ་ཨ་རིའི་གནད་འགག་དང་བོད་མིའི་རང་དབང་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་དང་། Mexico Casa Tibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སློབ་ཕྲུག་རྣམས་ལ་༸རྒྱལ་བའི་ཡང་སྲིད་དང་ཆོས་དད་རང་མོས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་གཏན་ཁེལ་ཡོད་པ་རེད།

གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མེ་སི་ཀོར་མ་ཕེབས་གོང་ལ་ཀོ་ལམ་བི་ཡར་རྟེན་གཞི་བྱས་པའི་ཀོ་ལམ་བི་ཡ་རྒྱལ་ཡོངས་གཙུག་ལག་སློབ་ཁང་དུ་བོད་དོན་ངོ་སྤྲོད་དང་འབྲེལ་སྐྱབས་བཅོལ་བའི་བརྒྱུད་རིམ་དང་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་དགེ་ལས་དང་སློབ་ཕྲུག་ཁྱོན་སྟོང་ཕྲག་སུམ་ཅུ་ལྷག་ལ་གསུང་བཤད་གནང་འདུག་པར་མ་ཟད། Yamantaka Center ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་མཇལ་མོལ་དང་། དེ་བཞིན་ཆོས་ལུགས་ཁག་གི་དབུ་ཁྲིད་དང་སྐུ་ཚབ་ཉི་ཤུ་ལྷག་དང་ Religion and Spirituality འམ་ཆོས་ལུགས་དང་ཆོས་ཀྱི་རང་བཞིན་ཅན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།