Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་ཡོ་རོབ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནར་བོད་མི་མཇལ་འཕྲད་ཀྱིས་གསུང་བཤད་གནང་བ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཌ་དང་ཨ་རི་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་རྗེས་ཁ་ཉིན་ཡོ་རོབ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནར་ཕེབས་འབྱོར་གྱིས་ས་གནས་མང་ཚོགས་རྣམས་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་འདུག

སྲིད་སྐྱོང་མཆོག་ཁེ་ན་ཌ་དང་རྒྱལ་ས་ཨོ་ཊ་ཝ། དེ་བཞིན་ཨ་རིའི་མི་ནི་སོ་ཊ་མངའ་སྡེ་བཅས་ཀྱི་ནང་ཕེབས་ཏེ་གནད་ཡོད་མི་སྣ་གཙོས་ས་གནས་མང་ཚོགས་རྣམས་དང་མཇལ་འཕྲད་གནང་སྟེ་གསུང་བཤད་སོགས་ཀྱི་མཛད་རིམ་བསྐྱངས་རྗེས་ཁ་ཉིན་ཕྱི་ཚེས་ ༢༧ ཉིན་ཡོ་རོབ་རྒྱལ་ཁབ་སི་པེན་གྲོང་ཁྱེར་ Barcelona ལ་ཕེབས་འབྱོར་བྱུང་ཡོད་པ་ལྟར། སྐབས་དེར་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་རྣམ་གཉིས་གཙོས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། རྒྱུན་ལས། ཆོས་ཚོགས་ཁག་གི་འགན་འཛིན། དེ་བཞིན་མི་མང་ཁག་ཅིག་གིས་དགའ་བསུའི་ཕེབས་བསུ་ཞུས་ཐོག་སྲིད་སྐྱོང་མཆོག་གིས་ཉིན་དེའི་ཕྱི་དྲོར་པེ་པེན་བོད་ཁང་དུ་ས་གནས་བོད་མི་རྣམས་དང་མཇལ་འཕྲད་ཀྱིས་གསུང་བཤད་གནང་འདུག

སྲིད་སྐྱོང་མཆོག་གིས་སྐབས་དེར་ཉེ་སྔོན་ཁེ་ན་ཌ་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཁྲོད་ཡུལ་དེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་མི། བློན་ཆེན་དང་གྲོས་ཚོགས་འཐུས་མི་མི་ཉུང་བ་ཞིག་དང་མཇལ་མོལ་གནང་བ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༠ ནང་ལྷོ་ཨ་མི་རི་ཀ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་དང་པོ་གནང་སྟེ་བོད་དོན་ངོ་སྤྲོད་དང་ཞུ་གཏུག་གནང་རྒྱུ་ཙམ་མིན་པར་ཆབ་སྲིད་ཀྱི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་འཚོལ་ཐབས་གནང་བ་མ་ཟད། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཙོས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་སྟེ་བོད་རྒྱའི་དཀའ་རྙོག་སེལས་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་ཡོང་བར་རྒྱབ་སྐྱོར་དགོས་པ་སོགས་ བོད་དོན་ཞུ་གཏུག་རིམ་པ་གནང་ཡོད་སྐོར་ངོ་སྤྲོད་ཞིབ་རྒྱས་གནང་སྟེ་བོད་མི་མི་རེ་ངོ་རེ་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་བསམ་ཤེས་དགོས་གལ། ལྷག་དོན་བོད་ནང་གི་ཛ་དྲག་གནས་སྟངས་གཙོས་བོད་ཀྱི་ཆོས་རིག སྐད་ཡིག ཁོར་ཡུག་གི་གལ་གནད་བཅས་ལ་དམིགས་བསལ་ཐུགས་སྣང་གིས་རྒྱུན་འཛིན་གནང་གལ་སྐོར་གསུངས་པ་དང་ཆབས་ཅིག བོད་རིགས་གཞོན་སྐྱེས་རྣམས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་གནང་དགོས་སྐོར་གསུང་བཤད་གནང་འདུག

དེ་བཞིན་སྲིད་སྐྱོང་མཆོག་གིས་གལ་ཏེ་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཁྲིམས་འཆར་གསར་པ་དེ་གཏན་འབེབས་གནང་ཚེ་འདི་ལྟ་བུའི་ཁྲིམས་འཆར་ཡོ་རོབ་ཁུལ་དང་རྒྱལ་ཁབ་ གཞན་ཁག་ཏུ་གཏན་འབེབས་གནང་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་ཡོད། དེ་རྗེས་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་བ་དང་ནང་ཆོས་ལ་ཐུགས་སྣང་གནང་མཁན་གྱི་ཕྱི་རྒྱལ་མི་སྣ་ཁག་གཅིག་དང་ཟུར་དུ་མཇལ་མོལ་གནང་འདུག

གཞན་ཡང་། ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཁུལ་དེའི་ La Vanguardia ཞེས་པའི་གསར་འགྱུར་ལས་ཁང་གིས་སྲིད་སྐྱོང་མཆོག་ལ་བོད་དོན་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གཙོས་བོད་དང་རྒྱ་ནག་དབར་གྱི་དཀའ་རྙོག་སེལ་ཐབས་སོགས་ཀྱི་སྐོར་ལན་འདེབས་གནང་ཡོད་པ་རེད།  

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སི་བྷར་སི་ལོ་ནའི་མཛད་རིམ་ཁག་བསྐྱངས་ཟིན་ནས་ཁ་སང་ཕྱི་ཚེས་ ༢༨ ཉིན་རྒྱབ་ཨོ་སི་ཊི་ཡ་རྒྱལ་ས་ཝི་ཡེ་ཎ་ Vienna ལ་ཕེབས་ཐོན་གྱིས་ས་གནས་བོད་མི་དང་ཐུག་འཕྲད་གནང་རྗེས་ཟླ་ ༡༢ ཚེས་ ༡ དང་ ༢ བཅས་སུ་ཕ་རན་སི་རྒྱལ་ས་པེ་རིས་ནང་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་པ་དང་། དེ་རྗེས་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།