Tibetan Royal Year of 2151 | Year of the Wood Dragon

ཧི་མཱ་ཅལ་མངའ་སྡེའི་ནང་ SEE ཤེས་ཡོན་ལག་བསྟར་དབུ་འཛུགས་གནང་རྒྱུའི་མཛད་སྒོ་ཞིག་ཚོགས་སོང་།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

དེ་རིང་བཞུགས་སྒར་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚང་ཁང་དུ་ཏཱ་ལའི་བླ་མ་དགེ་རྩའི་གོ་སྒྲིག་འོག་ཨ་རི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་ཟུང་འབྲེལ་གྱི་ཐོག་ནས་ཟླ་བ་འདིའི་ཚེས་ ༢༥ བར་ཉིན་གྲངས་བཞིའི་རིང་སྒོམ་སྒྲུབ་ཉམས་ལེན་གྱི་ཕན་ཡོན་ལ་དཔྱད་པ་ཞེས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་གྲྭ་བཙུན་སློབ་གཉེར་བའི་ཞིབ་འཇུག་ཚོགས་འདུ་དང་ཟབ་སྦྱོང་ཞིག་དབུ་འཛུགས་གནང་བ་དང་མཉམ་དུ་དེ་རིང་གི་ལས་རིམ་ཐོག་མར་ཧི་མཱ་ཅལ་མངའ་སྡེའི་གཞུང་འབྲེལ་སློབ་གྲྭ་ཁག་གི་ནང་ SEE Learning ཞེས་སྤྱི་ཚོགས་དང་སེམས་མྱོང་བཟང་སྤྱོད་ཀྱི་ཤེས་ཡོན་བསླབ་གཞི་ལག་བསྟར་དབུ་འཛུགས་གནང་རྒྱུའི་མཛད་སྒོ་ཞིག་ཚོགས་སོང་།

See Learning Himachal

དེ་ཡང་མཛད་སྒོའི་ཐོག་ The Piramal Foundation ཞེས་ཐེབས་རྩ་ཁང་གི་ཚོགས་གཙོ་ Ajay G Piramal ལགས་ཀྱི་གཙོས་པའི་ཨེ་མོ་རི་མཐོ་སློབ་ཀྱི་འབྱུང་རིག་དང་ཚན་རིག་སྡེ་ཚན་གྱི་འགན་འཛིན་ Barbara Kranthamer ལགས། ཧི་མཱ་ཅལ་མངའི་སྡེ་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་ Rajesh Sharma ལགས། Templeton ཐེབས་རྩ་ཁང་གི་ངེས་སྟོན་པ་ John Cunningham ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ Compassion Centre འི་འཛིན་སྐྱོང་ངེས་སྟོན་པ་དགེ་བཤེས་བློ་བཟང་ནེ་གི་ལགས། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དེ་བཞིན་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཁག་ཅིག་གི་དབུས་པའི་ཚོགས་བཅར་བ་བརྒྱ་ཕྲག་ཁ་ཤས་ཤིག་འདུ་འཛོམས་གནང་བ་དང་ལྷན་མཛད་སྒོའི་ཐོག་ SEE ཤེས་ཡོན་ཐོག་ཕྱག་ལས་གཟེངས་སུ་ཐོན་མཁན་དང་ལས་ཡུན་རིང་ཤོས་ཁག་གཅིག་ལ་ཕྱག་རྟགས་གནང་རྒྱུ་གཙོས་ The Piramal Foundation དང་ཧི་མཱ་ཅལ་མངའ་སྡེའི་དབར་ SEE ཤེས་ཡོན་གྱི་བསླབ་གཞིའི་གན་ཡིག་བཅས་བཞག་སོང་།

See Learning Himachal

མཛད་སྒོའི་ཐོག་ The Piramal Foundation ཚོགས་གཙོ་ Ajay G Piramal ལགས་ཀྱིས་གནས་ཡུལ་རྒྱལ་ཁབ་གཙོས་འཛམ་གླིང་ས་ཕྱོགས་གང་སར་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་དཀའ་ངལ་བྱུང་བཞིན་པའི་སྐབས་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་འོག་ནས་རྒྱ་གར་གནའ་བོའི་རིག་གནས་དེ་ནི་དཀའ་ངལ་དེ་དག་ལ་གདོང་ལེན་གནང་རྒྱུ་ཁྱད་དུ་འཕགས་པ་ཞིག་ཡིན་པ་ངོ་སྤྲོད་དང་སྦྲགས། Piramal ཐེབས་རྩ་ཁང་ནས་ ༢༠༡༩ ལོར་ཨེ་མོ་རི་དང་ལྷན་དུ་རྒྱ་གར་ནང་གི་སློབ་གྲྭ་ལྔ་སྟོང་ནང་ SEE ཤེས་ཡོན་ཕྱག་བསྟར་གནང་རྒྱུ་གན་ཡིག་བཞག་ཀྱང་ད་ཆ་རྒྱ་གར་མངའ་སྡེ་ལྔའི་ནང་སློབ་གྲྭ་འབུམ་གཅིག་ཙམ་གྱི་ནང་ལ་ཕྱག་བསྟར་གནང་གི་ཡོད་སྐོར་དང་། ད་ལན་ཧི་མཱ་ཅལ་མངའ་སྡེའི་ནང་ SEE ཤེས་ཡོན་ཕྱག་བསྟར་གནང་རྒྱུ་དབུ་འཛུགས་གནང་ཐུབ་པར་དགའ་སྤོབས་ཆེན་པོ་ཡོད་སྐོར་དང་སྦྲགས། ཧི་མཱ་ཅལ་མངའ་སྡེའི་ནང་གི་སློབ་ཕྲུག་ཚོར་ཁེ་ཕན་ཆེན་པོ་བྱུང་ངེས་ཡིན་པ་གཏམ་བཤད་གནང་སོང་།

See Learning Himachal

དེ་བཞིན་སྐབས་དེར་ཧི་མཱ་ཅལ་མངའ་སྡེ་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་མི་སྣ་ Rajesh Sharma ལགས་ཀྱིས་དེ་རིང་ནི་ཧི་མཱ་ཅལ་མངའ་སྡེའི་ནང་གི་ལོ་རྒྱུས་གྱི་ཉིན་མོ་ཞིག་ཡིན་སྐོར་ངོ་སྤྲོད་དང་སྦྲགས། ཉེ་ལམ་རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་བརྒྱར་སོན་པའི་སློབ་མ་ཞིག་གྲུབ་འབྲས་ཐོན་ཟིན་པའི་རྗེས་སུ་རང་ཤི་རྒྱབ་པའི་དཔེ་མཚོན་དུ་བླངས་ནས་དེ་ནི་དཀའ་ངལ་ཆེན་པོ་ཞིག་ཡིན་པ་དང་དེ་རིང་ང་ཚོ་འདིར་འཛོམས་རྒྱུ་དེ་ཡང་འདི་ལྟ་བུའི་དཀའ་ངལ་སེལ་ཐབས་སུ་ཡིན་པ་དང་། རྒྱ་གར་ལ་དེ་ལྟ་བུའི་དཀའ་ངལ་མི་ཡོང་བའི་ཤེས་ཡོན་སློབ་གསོ་ཞིག་མེད་དམ་ཞེས་ན་མེད་པ་མ་ཡིན་པར་རྒྱ་གར་གནའ་བོའི་རིག་གནས་སུ་ཡོད་པ་དང་། དེ་རིང་རིག་གནས་དེ་ཧི་མ་ཅལ་མངའ་སྡེའི་ནང་ལག་བསྟར་བྱ་འགོ་ཚུགས་པར་དགའ་སྤོབས་དང་སྦྲགས། ཧི་མ་ཅལ་མངའ་སྡེའི་ནང་ནས་གལ་ཆེན་དོན་ཆེན་ལ་རྩིས་ནས་མ་འོངས་ལག་བསྟར་ཟིན་པའི་སློབ་གྲྭ་གཞན་ནས་ཀྱང་ཁ་ཏ་སློབ་གསོ་བླངས་རྒྱུ་ཡིན་པ་གསུངས་སོང་།

See Learning Himachal

གཞི་རྩའི་དེ་རིང་ཞོགས་པ་ Piramal Foundation གྱི་ཚོགས་གཙོ་ Ajay G Piramal ལགས་ཀྱི་གཙོས་པའི་ཨེ་མོ་རི་མཐོ་སློབ་ཀྱི་འབྱུང་རིག་དང་ཚན་རིག་སྡེ་ཚན་གྱི་འགན་འཛིན་ Barbara Kranthamer ལགས་དང་སློབ་དཔོན་རྣམ་པ། ཧི་མཱ་ཅལ་མངའི་སྡེ་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་ Rajesh Sharma ལགས། Templeton Foundation གྱི་ངེས་སྟོན་པ་ John Cunningham ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ Compassion centre འི་འཛིན་སྐྱོང་ངེས་སྟོན་པ་དགེ་བཤེས་བློ་བཟང་ནེ་གི་བཅས་ལ་༸གོང་ས་སྐྱབས་མགོན་ཆེན་པོའི་གཟིམ་ཆུང་མཇལ་ཁ་ཞུས་ཡོད་པ་ལྟར། དགེ་བཤེས་བློ་བཟང་ནེ་གི་ལགས་ཀྱིས་དེ་རིང་ཞོགས་པ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་དུ་ཆོས་ལུགས་དང་ལྟ་བ་འདྲ་མིན་ཡོད་རུང་ཚང་མས་གཅིག་མཚུངས་སུ་དོ་སྣང་དང་བདག་པོ་རྒྱག་དགོས་པ་ནི་བྱམས་པ་དང་སྙིང་རྗེ་ཡིན་པ་དང་། SEE Learning གྱི་བསླབ་གཞི་འདི་ད་ལྟའི་དུས་སུ་མེད་དུ་མི་རུང་བ་ཞིག་ཡིན་པ་བཀའ་བསྩལ་ཡོད་པ་ངོ་སྤྲོད་གནང་སོང་།

དགེ་བཤེས་བློ་བཟང་ནེ་གི་ལགས་ཀྱིས་ད་དུང་ད་ལན་ཉིན་གྲངས་བཞིའི་འདུ་འཛོམས་དེའི་ཐོག་གཙོ་བོ་བོད་ཀྱི་དགོན་སྡེ་ཁག་ལ་དེང་དུས་ཀྱི་ཚན་རིག་སློབ་ཁྲིད་གནང་སྟངས་དང་འབྲེལ་སྐོར་ཀྱི་ཚོགས་འདུ་དང་ཟབ་སྦྱོང་ཞིག་ཡིན་པ་དང་ལྷན་དུ་ཧི་མཱ་ཅལ་མངའ་སྡེའི་ནང་ SEE ཤེས་ཡོན་ལག་བསྟར་བྱ་རྒྱུའི་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཆགས་ཀྱི་ཡོད་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།