Tibetan Royal Year of 2151 | Year of the Wood Dragon

ཨ་རི་མི་ནི་སོ་ཊར་ Ocean of Wisdom ཅ་ཊར་སློབ་གྲྭ་གསར་འཛུགས་གནང་རྒྱུ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

རིང་མིན་ཨ་རིའི་མི་ནི་སོ་ཊའི་ནང་བོད་པའི་ Charter སློབ་གྲྭ་ཞིག་གསར་འཛུགས་གནང་རྒྱུ་ཡིན་པ་དང་། ད་ལྟའི་ཆར་སློབ་གྲྭ་གསར་འཛུགས་ཆེད་གོམ་པ་དང་པོའི་ཡིག་ཆ་ཁག་ངོས་ལེན་ཟིན་སྟེ་ Ocean Of Wisdom ཞེས་མིང་ཐོག་ནས་དེབ་སྐྱེལ་བྱས་འདུག་པ་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲྭའི་མཚན་བྱང་དུ་གནའ་དེང་ཤེས་ཡོན་བསྟི་གནས་ཁང་ཞེས་གསོལ་སྩལ་མཛད་འདུག

འདི་ག་རླུང་འཕྲིན་ཁང་ནས་སློབ་གྲྭ་དེའི་ཐོག་ལ་ཕྱག་ལས་གནང་མཁན་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཚ་འོག་ཐུབ་བསྟན་ཟླ་གྲགས་ལགས་དང་། འགན་འཛིན་ལྷན་ཚོགས་ཀྱི་འབྲེལ་མཐུད་པ་ངག་དབང་སྒྲོལ་དཀར་ལགས་རྣམ་གཉིས་ལ་བཅར་འདྲི་ཞུས་སྐབས་ཁོང་རྣམ་པས། སློབ་གྲྭ་དེ་ཉིད་ཆེད་སློབ་ཕྲུག་ཉུང་མཐར་ ༡༠༠ དང་དེ་ལས་མང་བ་བྱུང་ན་ ༡༥༠ ཙམ་གྱི་ཚད་གཞི་ཞིག་ཡིན་པ་དང་། ད་ལྟའི་ཆར་སློབ་ཕྲུག་ཁྱོན་ ༨༦ ཙམ་གྱི་འདུན་པ་བྱུང་ཡོད་པ་མ་ཟད། ཁོང་རྣམ་པས་མི་ནི་སོ་ཊར་གནས་སྡོད་བོད་མིས་གཙོས་པའི་བོད་མི་གང་མང་མཉམ་ཞུགས་གནང་རྒྱུའི་ཐུགས་རེ་གནང་གི་འདུག ལྷག་པར་སློབ་གྲྭ་དེ་ཉིད་ཕྱི་ལོ་ ༢༠༢༥ ལོར་འགོ་འཛུགས་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།