Tibetan Royal Year of 2151 | Year of the Wood Dragon

ཉེན་རྟོག་པས་དམ་དྲག་འོག་བོད་པའི་དགེ་འདུན་པ་ཞིག་གིས་རང་སྲོག་བཅད་འདུག

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

བོད་དིང་རི་རྫོང་ཤེལ་དཀར་དགོན་པའི་གྲྭ་བསྟན་འཛིན་རྡོ་རྗེ་ཞུ་བ་ཞིག་གིས་ཉེན་རྟོག་པས་དམ་དྲག་ལྟ་རྟོག་ནན་པོ་དང་སུན་གརྩེར་ཚད་མེད་བྱས་པའི་རྐྱེན་གྱིས་རང་སྲོག་བཅད་པའི་གནས་ཚུལ་ཐོན་འདུག

Tenzin Dorjee Suicide
Picture Credit: TibetTimes

དེའང་སྔ་ལོའི་ཕྱི་ཟླ་ ༥ པའི་ནང་གྲྭ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ས་གནས་ཡུལ་མི་རྣམས་ལ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་གསུང་ཆོས་སྐོར་གོ་རྟོགས་དང་འགྲེལ་བརྗོད་གནང་བའི་རྐྱེན་གྱིས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་དང་འབྲེལ་ཉིན་ཤས་དོ་དམ་བཀག་ཉར་ཁྲོད་དྲི་རྩད་དང་གཅར་རྡུང་ཤུགས་ཆེ་བཏང་རྗེས་གློད་བཀྲོལ་བཏང་ཡང་། ཉེན་རྟོག་པས་ཉིན་མཚན་མེད་པར་དམ་དྲག་ལྟ་རྟོག་ནན་པོ་དང་སུན་སྣང་ཤུགས་ཆེ་བཟོས་པའི་རྐྱེན་གྱིས་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་རང་ཁྱིམ་དུ་རང་སྲོག་བཅད་ཡོད་པ་རེད་འདུག

བཙན་བྱོལ་དུ་གནས་བཞུགས་དེ་འབྲེལ་གནས་ཚུལ་ཡོང་ཁུངས་ཞིག་གིས་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། ཤེལ་དཀར་དགོན་པའི་རྒན་བསྟན་འཛིན་རྗོ་རྗེ་ལགས་ནི་རྒྱུན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་རྩོམ་དང་བཀའ་སློབ་ཁག་ཡུལ་མི་རྣམས་ལ་ངོ་སྤྲོད་དང་འགྲེལ་བརྗོད་གནང་རྒྱུ་དགའ་པོ་ཡོད་མཁན་ཞིག་རེད་འདུག

སྔ་ལོའི་ཕྱི་ཟླ་ ༥ པ་ཙམ་ལ་ཁོང་འཛིན་བཟུང་བཀག་ཉར་འོག་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཚད་མེད་བཏང་སྟེ་བཙོན་ཁང་ནས་གློད་བཀྲོལ་བཏང་རྗེས། ཉེན་རྟོག་པས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་། ལྷག་པར་དུ་ཆོས་འབྲེལ་སོགས་ཀྱི་ཆོས་ཕྱོགས་ཀྱི་བྱ་བ་རིགས་སྤེལ་རྒྱུ་སྟངས་འཛིན་ནན་པོ་བྱས་སྟབས་ཁོང་གིས་དམ་དྲག་འདི་ལ་བཟོད་དུ་མེད་པའི་སུན་སྣང་སྐྱེས་ནས་མཐའ་མར་རང་སྲོག་བཅད་ཡོད་པའི་འགྲེལ་བརྗོད་གནང་སོང་།

མ་ཟད་གྲྭ་བསྟན་འཛིན་ལགས་ཀྱིས་རང་སྲོག་བཅད་པའི་གནས་ཚུལ་འདི་ཁོང་གི་ཨ་མས་ཤེས་རྟོགས་བྱུང་རྗེས་ཨ་མ་སེམས་སྡུག་རྐྱེན་གྱིས་ད་ལྟའི་ཆར་ལྷ་སའི་སྨན་ཁང་ཞིག་གི་ནང་སེམས་ནད་བཅོས་བཞིན་ཡོད་པ་རེད་འདུག

གཞི་རྩའི་གྲྭ་བསྟན་འཛིན་རྡོ་རྗེ་ལགས་ཀྱི་ཕ་ངག་དབང་རྗེ་རྗེ་དང་མ་ལྷ་མོ་ནོར་སྐྱིད་གཉིས་ལ་བུ་ཕྲུག་ ༨ ཡོད་པའི་ནང་ནས་ཁོང་ཆུང་ཤོས་དེ་ཡིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།