Tibetan Royal Year of 2151 | Year of the Wood Dragon

Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས་ཉེ་ལམ་རྒྱ་ནག་ཏུ་ཉིན་གསུམ་རིང་གི་འཚམས་གཟིགས་ཁྲོད་རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དང་། ལྷག་པར་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་མི་སྒེར་འགའ་ཞིག་གི་གནད་དོན་གླེང་ཡོད་སྐོར་གསུངས་འདུག

དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Blinken མཆོག་ནས་ཟླ་བ་འདིའི་ཚེས་ ༢༤ ནས་ ༢༦ བཅས་ཉིན་གསུམ་གྱི་རིང་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་ཡོད་པའི་ཁྲོད་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གཙོས་པའི་ཕྱི་སྲིད་བློན་ཆེན་ Wang Yi སོགས་རྒྱ་རིགས་དཔོན་རིགས་མཐོ་གྲས་མང་དག་ཅིག་དང་ཐུག་འཕྲད་དང་གླེང་མོལ་བྱུང་ཡོད་པ་རེད། སྐུ་ཞབས་ Blinken མཆོག་གིས་ཐེངས་འདིའི་རྒྱ་ནག་ནང་གི་འཚམས་གཟིགས་མཇུག་སྒྲིལ་དང་འབྲེལ་ཚེས་ ༢༦ ཉིན་པེ་ཅིན་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་པའི་སྐབས། ཁོང་གིས་རྒྱ་གཞུང་གི་དཔོན་རིགས་ཚོ་དང་ཐུག་འཕྲད་སྐབས་རྒྱ་ནག་གིས་ཨ་རིའི་མི་སེར་ཁག་གཅིག་ཉེས་མེད་ཉེས་འགལ་གྱིས་བཙོན་བཅུག་བྱས་པའི་གནད་དོན་གླེང་སློང་དང་སྦྲགས། གང་ཟག་དེ་དག་རང་ཉིད་ཀྱི་ནང་མི་དང་ལྷན་འཛོམས་མ་བྱུང་བར་དུ་ཨ་རིའི་ངོས་ནས་ཁོང་རྣམ་པའི་སླད་ལས་དོན་མཚམས་འཇོག་བྱ་རྒྱུ་མིན་སྐོར་གསུངས་བ་མ་ཟད།  ཧོང་ཀོང་གི་རང་སྲིད་རང་སྐྱོང་གི་གནས་བབས་དང་མང་གཙོའི་སྒྲིག་འཛུགས་ཁག་ལ་རྡོག་རོལ། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན། དེ་བཞིན་བོད་དང་ཤིན་ཅང་ནང་གྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་གཙོས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་མི་སྒེར་འགའ་ཞིག་གི་གནད་དོན་གླེང་སློང་གནང་ཡོད་པ་གསུངས་འདུག

མ་ཟད་རྒྱ་གཞུང་ནས་ཨུ་རུ་སུར་དམག་གི་མཐུན་འགྱུར་མཁོ་སྤྲོད་བྱེད་བཞིན་པའི་གནད་དོན་དང་། ལྷག་པར་གསར་འགོད་རང་དབང་གི་གནད་དོན་དང་འབྲེལ་དེ་སྔ་ཕྱི་ལོ ༢༠༢༡ ལོར་རྒྱལ་ཁབ་ཕྱོགས་གཉིས་ཀས་ཕན་ཚུན་གྱི་གསར་འགོད་པ་རྣམས་ལ་འདྲ་མཉམ་གྱི་ཐོབ་ཐང་ཁག་གཅིག་སྤྲོད་རྒྱུའི་གྲོས་མཐུན་འཇོག་པ་བཞིན་དེར་ཁས་ལེན་ལག་བསྟར་དགོས་པའི་སྐུལ་མ་བྱས་པ་ཡིན་ཞེས་གསུངས་འདུག

དེ་བཞིན་སྐབས་དེར་ཁོང་གིས་ས་ཁུལ་བྱེ་བྲག་པ་དང་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་གནད་དོན་གང་ཞིག་རྒྱ་ནག་དང་འབྲེལ་བ་ཡོད་པ་རྣམས་ཀྱི་ཐད་གྲོས་མོལ་བྱུང་ཡོད་པ་དང་། དེའང་རྒྱ་ནག་ལ་ཨི་རན་དང་མཐུན་གྲོགས་རྒྱལ་ཁབ་ཚོས་དཀྱིལ་ཤར་ཁུལ་གྱི་རྩོད་རྙོག་རྒྱ་བསྐྱེད་གཏོང་བར་བཀག་འགོག་བྱ་དགོས་ཤིང་། ཁོ་ཚོས་ཕན་ཚུན་ལ་ཉེན་འཚབ་ཆེ་བའི་བྱ་སྤྱོད་མཚམས་འཇོག་གིས་གྲོས་མོལ་བྱ་དགོས་པའི་གནོན་ཤུགས་དང་སྐུལ་མ་བྱས་པ་ཡིནཞེས་གསུངས་འདུག་ལ། འཚམས་གཟིགས་དེའི་ཁྲོད་གནད་དོན་གཞན་རྒྱ་ནག་ཕྱོགས་ནས་ཚོང་ལས་དྲང་བདེན་སྒོ་ནས་གཉེར་དགོས་པ་དང་ཉལ་ཐའི་རིགས་ཁྱབ་སྤེལ་མ་འགྲོ་བའི་ཆེད་དོ་ནན་དགོས་པ་སོགས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་ཚོང་འབྲེལ་དང་། དམག་དོན། བདེ་འཇགས་སོགས་ཀྱི་སྐོར་གྲོས་མོལ་བྱུང་ཡོད་པ་རེད་འདུག སྐབས་དེར་གསར་འགོད་པ་ཞིག་གིས་ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱིས་ཆེད་བཏོན་གནང་བའི་རྒྱ་ནག་གི་མཉེན་ཆས་ཊིག་ཊོག་བཀག་སྡོམ་གྱི་སྐོར་གླེང་སློང་བྱུང་ཡོད་མེད་དྲིས་པར་ཕྱི་སྲིད་དྲུང་ཆེ་མཆོག་གིས་གནད་དོན་དེའི་སྐོར་ཐེངས་འདིའི་འཚམས་གཟིགས་ཁྲོད་གླེང་སློང་གང་ཡང་བྱུང་མེད་སྐོར་གསུངས་འདུག

རྩ་བའི་དེ་སྔ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ད་རེས་རྒྱ་ནག་ཏུ་མ་ཕེབས་གོང་ཟླ་འདིའི་ཚེས་ ༡༤ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བོད་དོན་ལས་འགུལ་ལྟེ་གནས་ཁང།  རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཙོས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གཅིག་དང་། གཞན་ཡང་ཡུ་གུར་དང་ཧོང་ཀོང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་དང་འབྲེལ་བའི་གཞུང་ཁོངས་མིན་པའི་ཚོགས་པ་ཆེ་གྲས་ཁག་ ༤༢ ཟུང་སྦྲེལ་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕུལ་གནང་བའི་ནང་། རྒྱ་གཞུང་གིས་བོད་གཙོས་པའི་ཤིན་ཅང་དང་ཧོང་ཀོང་ནང་འཆར་གཞི་ལྡན་པའི་ཐོག་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཤུགས་ཆེ་གཏོང་བཞིན་པའི་གནས་ཚུལ་ཐེར་འདོན་དང་སྦྲགས། རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་དོན་འབྲས་སོན་པའི་གླེང་སློང་གནང་དགོས་པའི་རེ་སྐུལ་ཞུས་པ་མ་ཟད། རྒྱ་གཞུང་གི་འཛིན་བཟུང་བཀག་ཉར་འོག་གནས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་སླད་རྒྱ་ནག་ལ་གནོན་ཤུགས་སྤྲད་དགོས་པའི་དགོས་འདུན་བཏོན་འདུག་ཀྱང་། ཐེངས་འདིའི་རྒྱ་ནག་ཏུ་འཚམས་གཟིགས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྐབས་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས་གནད་དོན་གླེང་སློང་དང་ལྷག་པར་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་འབྲེལ་བའི་གང་ཟག་ཁག་གཅིག་གི་གནད་དོན་གླེང་ཡོད་སྐོར་གསུང་བ་ལས། དེ་དག་སུ་ཡིན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་གང་ཡང་བཀོད་མིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།