Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག

Tibetan News Headlines

  • HHDL gives audience to devotees of Dipankara Buddhist Centre
  • Taiwan’s new president takes office, calls on China to cease hostile actions
  • Tibetan delegation attends Lai Ching-te’s swearing-in ceremony, meets newly re-established parliamentary group for Tibet
  • US urges China to immediately account for Panchen Rinpoche’s whereabouts and well-being
  • Is the Panchen Lama alive or dead? Tashi Lhunpo’s Deputy Abbot speaks at FCCC

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༠

  • སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ནི་སྟོན་པའི་བསླབ་བྱ་གཙོ་བོ་དེ་ཡིན་པ་བཀའ་བསྩལ་འདུག
  • ཐེ་ཝན་མི་མང་གི་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་ལ་ཆེ་བསྟོད་དང་རྒྱ་གཞུང་ལ་དྲག་པོའི་འཇིགས་སྐུལ་མཚམས་འཇོག་དགོས་པའི་སྐུལ་འདེབས།
  • ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།
  • ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་སྐུ་ཁམས་བདེ་ཐང་ཡིན་མིན་གསལ་བཏོན་དགོས་པའི་ཞུ་སྐུལ།
  • ༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་སོགས་དོན་ཚན་ལྔ་ཅན་གྱི་རེ་འབོད།

༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཉེ་ལམ་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་སྐུ་སྒེར་གྱི་གནད་དོན་མ་གཏོགས་བོད་མིར་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་འབབ་ཐད་འབྲེལ་མོལ་བྱ་རྒྱུ་མིན་ཞེས་བརྗོད་པ་དེ་ནི་༸གོང་ས་མཆོག་ལ་མཚན་སྨད་ཧ་ལས་པའི་ཆེན་པོ་ཡིན་པ་འགྲེལ་བརྗོད་གནང་བ་དེ་ལྟར་ཡང་། རྒྱ་ནག་གཞུང་གིས་མཁྲེགས་བཟུང་གི་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་སོང་།

Kelsang Gyaltsen Former HHDL Delegate

དེའང་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བརྒྱུད་ལམ་གྱི་གསར་འགོད་པས་བཅར་འདྲིར་དང་ལེན་ཁྲོད། འདས་པའི་ལོ་གཅིག་ནས་བཟུང་རྒྱ་ནག་དང་ལྷན་དུ་གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་གནང་ཡོད་སྐོར་འགྲེལ་བརྗོད་གནང་རྗེས།  ཟླ་བ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་འགྲིན་ཚབ་པ་ Wang Wenbin གྱིས་རྒྱལ་ས་པེ་ཅིན་དུ་འཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག  རྒྱ་ནག་གཞུང་གི་ངོས་ནས་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་མ་གཏོགས་བཙན་བྱོལ་བོད་གཞུང་དང་ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་མཉམ་དུ་འབྲེལ་མོལ་བྱ་རྒྱུ་མིན་པ་དང་། འབྲེལ་མོལ་དེའང་༸གོང་ས་མཆོག་སྐུ་སྒེར་དང་དེ་ལས་མང་བ་ཡིན་ན་གང་ཉིད་ཀྱི་ཉེ་འཁོར་གྱི་མི་ཁ་ཤས་ཀྱི་སྒེར་གྱི་མ་འོངས་མདུན་ལམ་གྱི་གནད་དོན་སྐོར་མ་གཏོགས་བོད་ཀྱི་ཚད་མཐོའི་རང་སྐྱོང་ཟེར་བའི་གནད་དོན་ཐོག་གྲོས་བསྡུར་བྱ་རྒྱུ་མིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

Kelsang Gyaltsen at the Seventh Tibet Support Groups Conference in Brussels, Belgium, on 8 September 2016. Photo: Tibet Sun

གནད་དོན་དེ་དང་འབྲེལ་འདི་གའི་གསར་འགོད་པས་དེ་སྔ་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་རྒྱ་ནག་དང་ལྷན་དུ་འབྲེལ་མོལ་རིམ་པ་དགུ་ཙམ་སྣེ་འཁྲིད་གནང་མཁན་ཁོངས་སུ་ཡོད་པའི་༸གོང་ས་མཆོག་གི་དམིགས་གསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་རྒྱ་ནག་མགྲིན་ཚབ་པས་བཤད་པའི་སྐད་ཆ་དེ་ནི་གསར་འགོད་པའི་དྲི་བར་ལན་འདེབས་ཙམ་ཞིག་ལས་རྒྱ་ནག་གིས་བོད་ཐོག་ལང་ཕྱོགས་གསལ་བཤད་བྱས་པ་ཞིག་མིན་པ་དང་། བོད་མིའི་སྒྲིག་འཛུགས་ནས་ད་བར་རྒྱ་གཞུང་ལ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་ཞི་མོལ་འགོ་འཛུགས་བྱེད་དགོས་པ་ལས་སྒྲིག་འཛུགས་དེ་ཉིད་དང་ལྷན་དུ་གྲོས་མོལ་བྱེད་དགོས་པ་བརྗོད་མྱོང་མེད་པ་གསལ་བཤད་དང་འབྲེལ། རྒྱ་ནག་གིས་བོད་ཐོག་མཁྲེགས་བཟུང་གི་སྲིད་བྱུས་མུ་མཐུད་འཛིན་བཞིན་པ་མངོན་གསལ་གནང་སོང་།

རྩ་བའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གཅིག་ཏུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་དྲི་བར་ལན་འདེབས་ཁྲོད་༸གོང་ས་མཆོག་ལ་མཚན་སྨད་ཞུས་མེད་པ་འགྲེལ་བརྗོད་དང་འབྲེལ་དེར་བཟང་ཕྱོགས་ཀྱི་ངོ་བོའི་ཐོག་གཟིགས་མཁན་བྱུང་ཡོད་ཀྱང་། སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དེ་ནི་བོད་ཀྱི་གནད་དོན་ཐད་གོ་རྟོགས་མེད་པའི་རྟགས་ཡིན་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གིས་༸གོང་ས་མཆོག་གི་སྐུ་སྒེར་གྱི་གནད་དོན་ཐོག་ལ་མ་གཏོགས་གཞན་སྐད་ཆ་བཤད་ཡག་མེད་སྐོར་བརྗོད་པ་དེ་ནི་༸གོང་ས་མཆོག་ལ་མཚན་སྨད་འཚབ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་གསུངས་སོང་།

Kelsang Gyaltsen Former Delegate
Photo: Tibet Initiative Deutschland

ཁོང་གིས་དེ་ལྟར་ཡང་ད་ལྟའི་རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་དེ་ཡུན་རིང་པོར་གནས་ཐུབ་ཐབས་མེད་པའི་བརྡ་ལན་དང་བཅས། ནམ་ཞིག་རྒྱ་ནག་གཞུང་གིས་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་དོན་རང་ལ་བལྟས་ནས་མཁྲེགས་འཛིན་གྱི་སྲིད་བྱུས་དེར་འགྱུར་བ་མ་གཏང་དཀའ་མེད་ཡིན་པ་དང་། གནས་སྟངས་དེའི་ཁྲོད་བོད་རྒྱའི་དབར་དོན་དམ་གྱི་གྲོས་མོལ་ཞིག་ཡོང་བའི་ཡིད་ཆེས་བརྟན་པོ་ཡོད་པ་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ངོས་ནས་ཀྱང་སུད་སི་བོད་མིར་གསུང་བཤད་གནང་སྐབས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་སྐད་ཆར་དེ་སྔ་རྒྱ་ནག་གཞུང་གི་མ་བཤད་པ་གསར་པ་གང་ཡང་མེད་པ་དང་། གང་ལྟར་ད་ལྟའི་ཆར་རྒྱ་མིའི་ལྷན་དུ་གསང་བའི་འབྲེལ་ལམ་ཡོད་ཀྱང་རེ་བ་མེད་པ་བསྐྱར་ནན་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་གའི་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་མུ་མཐུད་ཤར་བསྐྱོད་གནང་རྒྱུ་ཡིན་པ་དང་། འདི་ལྟ་བུའི་སྲིད་བྱུས་དེར་འགྱུར་བ་གཏང་དགོས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་མང་མོས་འོས་བསྡུའི་ལམ་ནས་མ་གཏོགས་འགྱུར་བ་གཏང་ཐུབ་ཐབས་མེད་པ་གསུངས་ཡོད་པ་རེད།

གཞི་རྩའི་བོད་རྒྱ་གཉིས་དབར་ཕྱི་ལོ་ ༢༠༠༢ ལོར་འབྲེལ་ལམ་བསྐྱར་གསོ་བྱུང་བ་ནས་བཟུང་ཕྱོགས་གཉིས་དབར་འབྲེལ་མོལ་རིམ་པ་དགུ་ཙམ་བྱུང་ཡང་། ཕྱི་ལོ་ ༢༠༡༠ ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡོངས་སུ་འགག་ཡོད་པ་རེད། ད་རེས་སྲིད་སྐྱོང་མཆོག་གིས་བོད་རྒྱའི་འབྲེལ་མོལ་དང་འབྲེལ་བཀའ་མོལ་དང་ལྷག་པར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་དེར་ལན་འདེབས་བཅས་ལ་གཞིགས་ཏེ་བོད་མི་གཞོན་སྐྱེས་མི་ཉུང་བ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་སྤྱི་ཚོགས་དྲ་ལམ་ཐོག གནད་དོན་གང་འདྲ་ཞིག་ཡིན་ཡང་རེ་བ་མེད་ན་རང་ཉིད་ཀྱི་ལངས་ཕྱོགས་ལ་བསྐྱར་ཞིབ་དང་དངོས་ཡོད་གནས་སྟངས་དང་མི་འཚམ་པའི་རེ་བ་རིགས་ལས་གཡོལ་ཐབས་བྱ་དགོས་ཀྱི་ཡོད་སྐོར་གསུངས་མཁན་ཡོད་པ་མ་ཟད། དབུ་མའི་ལམ་གྱི་ཐབས་ལམ་དོར་ནས་རང་བཙན་གྱི་ཐབས་ལམ་ཐོག་དགོངས་པ་བཞེས་རྒྱུའི་དུས་ལ་བབས་ཡོད་སྐོར་གསུངས་མཁན་ཡང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།