Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ལས་ཟུར་ཞིག་གིས་རྒྱ་ནག་ནས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གཏོར་ཐབས་བྱེད་བཞིན་པ་ཐེར་འདོན།

Tibetan News Headlines

  • Sikyong dismisses China’s remarks on Tibet talks as ‘nothing new’, calls MWA only solution to Tibet problem
  • Sikyong begins Europe visit with public talk in Switzerland, to meet MPs today
  • UK MP detained and deported by China-allied nation for his outspoken advocacy on Tibetans, Uighurs, and Hong Kongers
  • Talks with China going on smoothly, India will never bow down: Rajnath Singh
  • 9th working committee meeting of NDPT concludes with a new mid term President

རེས་གཟའ་ཟླ་བ། ༢༠༢༤།༠༤།༢༩

  • བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མ་ཡིན་པར་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པ་གསུངས་སོང་།
  • སྲིད་སྐྱོང་མཆོག་སུད་སི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་ནག་གི་གནོན་ཤུགས་འོག་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཞིག་ཨ་ཕི་རི་ཀའི་རྒྱལ་ཁབ་ཞིག་ནས་ཕྱིར་འབུད།
  • རྒྱལ་སྲུང་བློན་ཆེན་ Rajnath Singh མཆོག་གིས་རྒྱ་གར་གྱི་རྒྱ་ནག་ལ་ནམ་ཡང་མགོ་དགུར་གྱི་མ་རེད་གསུངས་འདུག
  • བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་འབྲེལ་བར་བརྒལ་ཚོགས་གཙོ་འོས་འདེམས་གནང་འདུག

རྒྱལ་ཚོགས་ཀྱི་ལས་ཟུར་ཞིག་གིས་རྒྱ་གཞུང་གིས་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གཅིག་ལ་དངོས་ཤུགས་བརྒྱུད་གསུམ་གྱི་གནོན་ཤུགས་སྤྲོད་པའི་བརྒྱུད་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གཏོར་བཤིག་གཏོང་བཞིན་པ་མངོན་གསལ་གནང་འདུག

དེ་ཡང་ཁ་སང་རེས་གཟའ་མིག་དམར་ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་ཟུར་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཡིན་པ་ལྕམ་ Emma Reilly ལགས་ཀྱིས་དབྱིན་ཡུལ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་དེ་འབྲེལ་ཁུངས་སྐྱེལ་ར་སྤྲོད་ཀྱི་ཡིག་ཆ་ཞིག་ཕུལ་བའི་ནང་། རྒྱ་ནག་གཞུང་གིས་རང་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་ཕྱིར་མང་གཙོའི་རྒྱལ་ཁབ་ཁག་གི་འོས་བསྡུར་ཐེ་གཏོགས་བྱས་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་འདོན་སྤེལ་གནང་བའི་རྒྱ་ནག་ཐོག་ཉེས་འཛུགས་ཀྱི་སྙན་ཐོ་ཁག་ལ་བཟོ་བཅོས་དང་ཕྱིར་འཐེན། རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་གཅིག་ལ་ལྐོག་དངུལ་སྤྲོད་པ། དེ་བཞིན་རྒྱལ་སྤྱིའི་སྟེང་བོད་གཙོས་པའི་ཧོང་ཀོང་དང་ཤིན་ཅང་ལྟ་བུ་འགྲོ་བ་མིའི་ཐོབ་ཐང་གི་ཚོར་བ་རྣོ་བའི་ས་ཁུལ་ཁག་གི་གནས་སྟངས་སྐོར་གླེང་སློང་མི་བྱ་རྒྱུའི་ཐད་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་གནོན་ཤུགས་སྤྲོད་མུས་ཡིན་པ་མངོན་གསལ་གནང་འདུག

ལྕམ་སྐུ་མཆོག་གིས་རྒྱལ་ཚོགས་ངོས་ནས་རྒྱ་ནག་དང་ངན་པ་ལག་འབྲེལ་བྱེད་བཞིན་པའི་ཁུངས་སྐྱེལ་ར་སྤྲོད་ཀྱི་ཡིག་ཆ་དེའི་ནང་། རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་འོས་བསྡུའི་ཁྲོད་ཐེ་གཏོགས་བྱས་ཏེ་རང་ལ་ཚོར་བ་རྣོ་བའི་གནད་དོན་རིགས་གླེང་སློང་ཡོང་རྒྱུ་འགོག་ཐབས་གཙོས། རྒྱལ་ཚོགས་ཀྱི་ཆེས་མཐོའི་ལས་བྱེད་ཁག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ཐོག་ཉེས་འཛུགས་དང་འབྲེལ་བའི་སྙན་ཐོ་ཁག་བཟོ་བཅོས་བྱེད་བཅུག་པ་སོགས་ཀྱི་ཁུངས་སྐྱེལ་དཔང་རྟགས་བཀོད་ཡོད་པ་རེད་འདུག དེའང་དེ་སྔ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ལས་འཆར་གཉིས་ཟུང་སྦྲེལ་གྱིས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་དང་འབྲེལ་གཉན་རིམས་དེ་རྒྱ་ནག་གི་བརྟག་དཔྱད་ཁང་ནས་ཕྱིར་གྱར་བྱུང་བའི་སྙན་ཐོར་བཟོ་བཅོས་བྱས་པ་དང་། ལྷག་དོན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཤིན་ཅང་ནང་གི་གནས་སྟངས་སྐོར་སྙན་ཐོ་ཞིག་སྤེལ་ཡོད་པ་དེ་ལ་ཡང་རྒྱ་གཞུང་གིས་བཟོ་བཅོས་བྱས་ཡོད་པ་སོགས་མངོན་གསལ་གནང་འདུག

མ་ཟད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་བྱེད་ཕྷ་རན་སི་མི་སེར་ཞིག་གིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་སྙན་སེང་སླད་རྒྱལ་ཚོགས་ལ་བཅར་མཁན་སོགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མིང་ཐོ་རྒྱ་ནག་གཞུང་ལ་ལྐོག་ཏུ་མཁོ་སྤྲོད་བྱས་པ་དང་། དེའི་རྐྱེན་གྱིས་དོ་དག་དེ་དག་གི་ནང་མི་རྣམས་ལ་རྒྱ་ནག་ཏུ་ཉེན་རྟོག་པས་འདྲི་རྩད་དང་འཛིན་བཟུང་དེ་བཞིན་གཅར་རྡུང་སོགས་བྱས་པའི་བརྒྱུད་མི་རེ་ཞིག་འདས་གྲོངས་སུ་གྱུར་ཡོད་པ་སོགས་མངོན་གསལ་གནང་འདུག

ཕྱོགས་མཚུངས་རྒྱ་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འོས་བསྡུ་ཁག་ལ་གནོན་ཤུགས་ཀྱིས་གནད་དོན་རེ་ཞིག་གླེང་སློང་མི་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་པ། དཔེར་ན་ཕྱི་ལོ་ ༢༠༡༣ ནས་ ༢༠༡༥ བར་གྱི་ SDG འམ་རྒྱལ་ཚོགས་ཀྱི་ཡུན་བརྟན་གོང་འཕེལ་དམིགས་ཡུལ་དང་འབྲེལ་བའི་ལོ་གཉིས་རིང་གི་གྲོས་མོལ་ཁྲོད་རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་ཚོགས་གཙོ་གཉིས་ལ་ལྐོག་དངུལ་སྤྲད་དེ་མཐའ་མའི་ཐག་གཅོད་འགྱུར་བ་གཏོང་རྒྱུའི་གནོན་ཤུགས་སྤྲད་པ་སོགས་ཀྱང་ར་སྤྲོད་གནང་འདུག

Emma Reilly ཡིས་ཕུལ་བའི་ཡིག་ཆ་དེའི་ནང་དབྱིན་གཞུང་གི་ Foreign Commonwealth and Development Office ནས་ཀྱང་རྒྱ་ནག་གིས་རང་ལ་ཉེས་འཛུགས་བྱས་པ་རྣམས་དངོས་ཡོད་མིན་པར་ར་སྤྲོད་བྱེད་ཆེད་དུ་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ཁག་ལ་ཐེ་གཏོགས་དང་གཏོར་བཤིག་བརྒྱུད་རྒྱ་ནག་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་བཞིན་ཡོད་པའི་སྙན་ཐོ་ཞིག་སྤེལ་ཡོད་པ་དེ་ཡང་བཀོད་ཡོད་པ་རེད་འདུག

གཞི་རྩའི་ལྕམ་ Emma Reilly ལགས་ཀྱིས་རྒྱལ་ཚོགས་ཀྱིས་རྒྱ་ནག་དང་ངན་པ་ལག་སྦྲེལ་བྱས་པའི་གནད་དོན་ཁག་ཐོག་མར་ཕྱི་ལོ་ ༢༠༡༣ ལོར་ཡོངས་གྲགས་གནང་ཡོད་པ་དང་སྐབས་དེར་ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ Antonio Guterres ལགས་ཀྱིས་གཙོས་པའི་གནད་ཡོད་ལས་བྱེད་ཁག་དང་རང་དབང་ཅན་གྱི་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམས་ནས་རྒྱལ་ཚོགས་ཀྱི་ཉན་ཞིབ་ལས་རིམ་ཁག་ཏུ་ཕེབས་པའི་རྒྱ་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་ཡུ་གུར་བ་དང་བོད་མི། དེ་བཞིན་ཧོང་ཀོང་བཅས་ཀྱི་ལས་འགུལ་བ་རྣམ་པའི་གནས་ཚུལ་རྣམས་རྒྱ་ནག་ལ་མཁོ་སྤྲོད་བྱས་པ་སོགས་ཐེར་འདོན་བྱས་ཡོད་ཀྱང་།  ཕྱི་ལོ་ ༢༠༢༡ ལོར་རྒྱལ་ཚོགས་ནས་ལྕམ་ Emma Reilly ལགས་ལ་སྐྱོན་འཛུགས་དེ་དག་གི་ཐད་གསལ་བཤད་ཞིབ་ཕྲ་མེད་པའི་རྒྱུ་མཚན་གྱིས་རྒྱལ་ཚོགས་ཀྱི་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།