Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་སུད་སི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༢༦ ནས་ཟླ་ ༥ ཕྱི་ཚེས་ ༢༡ བར་སོ་ལན་བོན་གཞིས་དང་། སུད་སི། ཨི་ཊ་ལི། ཨོ་སི་ཊེརི་ཡ། འཇར་མ་ནི། ཕ་རན་སི། ལྡི་ལི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་པ་དང་བསྟུན།  དེ་རིང་སུད་སི་གི་རྒྱལ་ས་བྷེན་ནང་དུ་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་གི་ཡོད་པ་རེད་འདུག

Sikyong
Photo: Bod.Asia

དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སི་རྒྱལ་ས་བྷེན་ནང་དུ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་ Fabian Molina ལགས་དང་། Nik Gugger ལགས། ཚོགས་གཞོན་ Maya Graf ལགས། དེ་བཞིན་ཚོགས་མི་གྲོས་ཚོགས་འཐུས་མི་ Barbara Gysi ལགས་མཇལ་འཕྲད་དང་། གསར་འགོད་པ་ཁག་གཅིག་དང་ལྷན་དུ་ཡང་ཐུག་འཕྲད་གནང་གི་ཡོད་པ་རེད་འདུག

Sikyong
Photo: Bod.Asia

འདི་ག་རླུང་འཕྲིན་ཁང་གིས་སུད་སི་དོན་གཅོད་ཀྱི་ལས་བྱེད་ཕུན་ཚོགས་སྟོབས་རྒྱས་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། དེ་རིང་སྲིད་སྐྱོང་མཆོག་གིས་སུད་སི་གྲོས་ཚོགས་འཐུས་མི་གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག དེ་བཞིན་གསར་འགོད་པ་བཅས་མཇལ་འཕྲད་གནང་གི་ཡོད་པ་དང་འབྲེལ། ཐེངས་འདིའི་མཛད་འཆར་ནང་སུད་སི་དོན་གཅོད་ཁྱབ་ཁོངས་སུད་སི་དང་། ཨི་ཊ་ལི། འཇར་མ་ནི། ཨོ་སི་ཊི་ཡ་བཅས་རྒྱལ་ཁབ་བཞིའི་ནང་ཁྱོན་ཉིན་གྲངས་ ༡༥ རིང་གི་མཛད་འཆར་ཡོད་པ་འགྲེལ་བརྗོད་གནང་སོང་།

Sikyong
Photo: Bod.Asia

རྩ་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་སུད་སི་གྲོང་ཁྱེར་ཛུ་རིག་གནམ་ཐང་དུ་ཕེབས་འབྱོར་བྱུང་རྗེས། ཕྱག་ཚོད་ ༡༠།༣༠ ཐོག་ཁུལ་དེར་རྟེན་གཞི་བྱས་པའི་རི་ཀོན་ཆོས་འཁོར་དགོན་དུ་ཆེད་ཕེབས་ཀྱིས་རི་ཀོན་ཆོས་འཁོར་དགོན་པའི་ཚོགས་གཙོ་ཀརྨ་སྒྲོལ་མ་བློ་བཟང་ལགས་ཀྱི་གཙོས་པའི་འཛིན་སྐྱོང་འགན་འཛིན་དང་། དགོན་སྡེ་ཁག་གི་སྐུ་ཚབ། མཁན་པོ། དེ་བཞིན་ས་གནས་མི་མང་བཅས་མཇལ་འཕྲད་གནང་ཡོད་མ་ཟད། དེའི་རྗེས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་མང་ཚོགས་མཇལ་འཕྲད་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དྲན་དགོས་གལ་དང་། བཀའ་དྲིན་དྲན་པ་ལ་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་རྟོགས་དགོས་གལ། དེ་བཞིན་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ལས་དོན་གནང་ཕྱོགས་དང་སྲིད་བྱུས་སོགས་ངོ་སྤྲོད་དང་། ལྷག་པར་ཉེ་ལམ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་མགོན་པོ་༸གང་ཉིད་མཆོག་གི་མ་འོངས་གནད་དོན་སྐོར་གྲོས་མོལ་བྱ་རྒྱུ་ལས་དབུས་བོད་མིའི་སྒྲིག་འཛུགས་ལྷན་དུ་གྲོས་མོལ་བྱ་རྒྱུ་མིན་ཚུལ་བཤད་པ་དེ་ནི་སྐད་ཆ་གསར་པ་མིན་པར་རྒྱ་གཞུང་གི་རྒྱུན་ལྡན་བཤད་ཚུལ་ཞིག་ཡིན་པ་གསལ་བཤད་སོགས་གནང་འདུག

Sikyong
Photo: Bod.Asia

སྤྱིར་སྲིད་སྐྱོང་མཆོག་ད་རེས་སུད་སིར་མ་ཕེབས་གོང་ཟླ་བ་འདིའི་ཕྱི་ཚེས་ ༢༧ ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༸རྒྱལ་བ་སྨན་རི་བའི་སྨན་སྒྲུབ་ཆེན་མོ་ལེགས་གྲུབ་བཀའ་དྲིན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུ་ལྟར་ཕེབས་ཡོད་པ་དང་། མཛད་སྒོ་དབུ་འཛུགས་མ་ཞུས་གོང་༸ཞ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་མཇལ་ཁ་ཞུས་ཡོད་པ་རེད། སྲིད་སྐྱོང་མཆོག་གིས་དེ་རྗེས་མཛད་སྒོའི་ཐོག་བོད་ཀྱི་གསོ་བ་རིག་པའི་སྐོར་ངོ་སྤྲོད་དང་འབྲེལ། བོད་གངས་ཅན་ལྗོངས་སུ་མཁས་གྲུབ་མང་པོས་དུས་རབས་སོ་སོའི་ནང་གསོ་རིག་ཉམས་མྱོང་དང་། དཔྱད་དར་སོགས། བོད་ཆོལ་ཁ་གསུམ་གྱི་གདན་ས་ཆེ་ཁག་མང་པོའི་ནང་སྨན་པ་གྲྭ་ཚང་ཟུར་འཛུགས་གནང་སྟེ་གསོ་རིག་སློབ་གཉེར་རྒྱུན་སྐྱོང་གནང་ཡོད་ཅིང་། ལྷག་པར་གཡུང་དྲུང་བོན་གྱི་གདན་ས་ཁག་ཏུའང་གསོ་རིག་སློབ་གཉེར་དང་ཉམས་ལེན་གྱི་ལམ་སྲོལ་དར་ཁྱབ་ཆེ་བ་མ་ཟད། སྨན་སྒྲུབ་ཀྱི་ཕྱག་སྲོལ་ཡང་དར་སོ་ཆེན་པོ་ཡོད་ཅིང་། ༸རྒྱལ་བ་སྨན་རི་བའི་སྨན་སྒྲུབ་ཀྱི་ཕྱག་བཞེས་འདི་ཡང་རང་ཅག་གི་གསོ་དཔྱད་རིག་པའི་ཕྱག་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་སོགས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།