Tibetan Royal Year of 2151 | Year of the Wood Dragon

བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མ་ཡིན་པར་བོད་མི་ས་དྲུག་གི་གནད་དོན་ཡིན་པ།

Tibetan News Headlines

  • 6th permanent strategy committee meeting convene in Zurich
  • Association of Former Spanish Deputies and Senators to create Tibet friendship group
  • TikTok sues to block US law that could ban app
  • Martsang Kagyu UK religious centre receives 7th London award
  • Alalamo: Tibet music fountain festival at Nagano, Japan

རེས་གཟའ་མིག་དམར། ༢༠༢༤།༠༥།༡༤

  • གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་སུད་སིའི་ནང་འཚོག་བཞིན་པ།
  • Spain གྲོས་ཚོགས་འཐུས་མི་ཟུར་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེད་འཛུགས་གནང་རྒྱུ།
  • ཨ་རིའི་ནང་ཊིག་ཊོག་མཉེན་ཆས་བཀག་སྡོམ་བྱ་རྒྱུའི་ཁྲིམས་འཆར་དེ་ཁྲིམས་ལ་གཏུགས་འདུག
  • དབྱིན་ཇིའི་རྒྱལ་ཁབ་ཏུ་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་ལ་གཟེངས་རྟགས་དང་ཆེ་བསྟོད་གནང་བ།
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། བོད་གླུ་གར་གྱི་རྒྱ་མཚོ་ཞེས་པའི་རོལ་དབྱངས་དུས་སྟོན་གོ་སྒྲིག་པ་གཞས་པ་བསྟན་འཛིན་ཀུན་བཟང་ལགས་དང་ལྷན་དུ་གླེང་མོལ།

བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་འགྲིན་ཚབ་པས་བོད་རྒྱ་འབྲེལ་མོལ་ཐོག་བཤད་པའི་སྐད་ཆར་ལན་འདེབས་དང་འབྲེལ། བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་བཞིན་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མ་ཡིན་པར་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་སྐོར་གསུངས་པ་མ་ཟད།  གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་མུ་མཐུད་ཤར་བསྐྱོད་གནང་རྒྱུ་ཡིན་པ་ནན་བརྗོད་གནང་སོང་།

Sikyong Visit Swiss
Photo: Bod.Asia

དེའང་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཞུགས་སྒར་དུ་ཆེད་ཕེབས་གནང་བའི་རྒྱ་གར་གྱི་བརྒྱུད་ལམ་ཆེ་གྲས་ཁག་གཅིག་གི་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད། རྒྱ་ནག་གིས་ཚུར་འབྲེལ་བ་བྱས་པའི་ཐོག་ཁོང་གི་སྣེ་འཁྲིད་པའི་བོད་མིིའི་སྒྲིག་འཛུགས་ངོས་ནས་འདས་པའི་ལོ་གཅིག་ནས་བཟུང་རྒྱ་ནག་དང་ལྷན་དུ་གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་གནང་ཡོད་སྐོར་འགྲེལ་བརྗོད་གནང་བ་དེ་ལྟར་ཡང་། དེར་ལམ་སེང་གྲུབ་འབྲས་ཞིག་འཐོན་རྒྱུའི་རེ་བ་མེད་ཅེས་གསུངས་ཡོད་པ་ལྟར།

Sikyong Visit Swiss
Wang Wenbin

ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་འགྲིན་ཚབ་པ་ Wang Wenbin གྱིས་རྒྱལ་ས་པེ་ཅིང་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་ཞིག་གི་ཐོག  བཙན་བྱོལ་བོད་གཞུང་ཟེར་བ་འདི་ནི་བོད་རང་བཙན་མངོན་འགྱུར་བྱ་ཐབས་བྱེད་མཁན་གྱི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་རུ་ཚོགས་ཞིག་ཡིན་པ་དང་། རུ་ཚོགས་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་ཡོངས་སུ་འགལ་བའི་ཁྲིམས་འགལ་གྱི་སྒྲིག་འཛུགས་གཅིག་ཡིན་པ་མ་ཟད། རྒྱལ་སྤྱིའི་རྒྱལ་ཁབ་སུ་གཅིག་གིས་ངོས་ལེན་བྱེད་ཀྱི་མེད་པ་དང་། རྒྱ་ནག་གཞུང་གི་ངོས་ནས་རྩ་བའི་རྩ་དོན་གཉིས་ཏེ། གཅིག་ནི་རྒྱ་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་མ་གཏོགས་བཙན་བྱོལ་བོད་གཞུང་དང་ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་མཉམ་དུ་འབྲེལ་མོལ་བྱ་རྒྱུ་མིན་པ་དེ་ཡིན་པ་དང་། གཉིས་པ་དེ་འབྲེལ་མོལ་སྐབས་༸གོང་ས་མཆོག་སྐུ་སྒེར་དང་དེ་ལས་མང་བ་ཡིན་ན་གང་ཉིད་ཀྱི་ཉེ་འཁོར་གྱི་མི་ཁ་ཤས་ཀྱི་སྒེར་གྱི་མ་འོངས་མདུན་ལམ་གྱི་གནད་དོན་སྐོར་མ་གཏོགས་བོད་ཀྱི་ཚད་མཐོའི་རང་སྐྱོང་ཟེར་བའི་གནད་དོན་ཐོག་གྲོས་བསྡུར་བྱ་རྒྱུ་མིན་པ་དེ་དག་ཡིན་པ་བརྗོད་ཡོད་པ་རེད།

ཁོ་པས་ད་དུང་། ཏ་ལའི་སྐུ་ཕྲེང་ ༡༤ པས་རྒྱ་ནག་གི་སྲིད་བྱུས་ཤེས་རྟོགས་ཐུབ་པ་བྱ་སྟེ་རང་ཉིད་ཀྱི་ཆབ་སྲིད་ཀྱི་བྱ་སྤྱོད་ཐོག་བསམ་ཤེས་ནན་གཏན་དང་ཡོ་བསྲང་མཐར་ཕྱིན་བྱ་ཐུབ་པའི་རེ་བ་ཡོད་པ་མ་ཟད། བོད་ཀྱི་སྤྱི་ཚོགས་སྒྲིག་ལམ་གཏོར་བཤིག་བཏང་བའི་བྱེད་སྒོ་ཐམས་བཅད་དོར་ཏེ་ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་ཐུབ་པའི་རེ་བ་ཡོད་པ་དང་། དེ་ལྟར་བྱུང་བ་ཡིན་ན་འབྲེལ་མོལ་ཐོག་གོམ་པ་མདུན་སྤོ་བྱ་ཐུབ་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།

Sikyong Visit Swiss

དེ་དོན་འདི་གའི་གསར་འགོད་པས་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་འགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ཕྱི་བར་གསུམ་ལ་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མ་ཡིན་པར་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པ་མངོན་པར་སེལ་གྱི་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་རྒྱ་ནག་དང་འབྲེལ་བ་གནང་ཡོད་པ་བཞིན་སྲིད་བྱུས་ད་གའི་ཐོག་མུ་མཐུད་ཤར་བསྐྱོད་གནང་གི་ཡོད་པ་ནན་བརྗོད་གནང་སོང་།

Sikyong Visit Swiss
Photo: Bod.Asia

མ་ཟད་ད་ལྟའི་ཆར་སུད་སིར་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་བཞིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་ Swiss བོད་མི་མང་ཚོགས་ལ་གསུང་བཤད་གནང་བའི་སྐབས་སུ། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་འགྲིན་ཚབ་པའི་སྐད་ཆར་དེ་སྔ་རྒྱ་ནག་གཞུང་གི་མ་བཤད་པ་གསར་པ་གང་ཡང་མེད་པ་དང་། གང་ལྟར་ད་ལྟའི་ཆར་རྒྱ་མིའི་ལྷན་དུ་གསང་བའི་འབྲེལ་ལམ་ཡོད་ཀྱང་རེ་བ་མེད་པ་དེ་བསྐྱར་ནན་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་གའི་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་མུ་མཐུད་ཤར་བསྐྱོད་གནང་རྒྱུ་ཡིན་པ་དང་། འདི་ལྟ་བུའི་སྲིད་བྱུས་དེར་འགྱུར་བ་གཏང་དགོས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་མང་མོས་འོས་བསྡུའི་ལམ་ནས་མ་གཏོགས་འགྱུར་བ་གཏང་ཐུབ་ཐབས་མེད་པ་གསུངས་འདུག

Sikyong Visit Swiss
Photo: Bod.Asia

གཞི་རྩའི་བོད་རྒྱ་གཉིས་དབར་ཕྱི་ལོ་ ༢༠༠༢ ལོར་འབྲེལ་ལམ་བསྐྱར་གསོ་བྱུང་བ་ནས་བཟུང་ཕྱོགས་གཉིས་དབར་འབྲེལ་མོལ་རིམ་པ་དགུ་ཙམ་བྱུང་ཡང་། ཕྱི་ལོ་ ༢༠༡༠ ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡོངས་སུ་འགགས་ཡོད་པ་ལྟར། དེའི་རྗེས་སུ་ད་རེས་རྒྱ་ནག་ཕྱོགས་ནས་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་སྐོར་འགྲེལ་བརྗོད་བྱས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། དབྱེ་ཞིབ་པ་རྣམས་ཀྱིས། སྤྱིར་རྒྱ་ནག་གི་སྐད་ཆ་བཤད་པའི་ནང་དུ་གནད་དོན་གསར་པ་གང་ཡང་མངོན་རྒྱུ་མེད་ཀྱང་། ཆེས་ཐོག་མར་རྒྱ་ནག་གི་༸གོང་ས་མཆོག་གི་སྐོར་ལ་བཀའ་མོལ་གསུངས་པའི་སྐབས་སུ་མཚན་སྨད་ཀྱི་སྐད་ཆ་གང་ཡང་བཤད་མེད་པའི་འགྲེལ་བརྗོད་གནང་མཁན་ཡང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།