Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་གནོན་ཤུགས་འོག་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཞིག་ཨ་ཕི་རི་ཀའི་རྒྱལ་ཁབ་ཅིག་ནས་ཕྱིར་འབུད།

Tibetan News Headlines

  • Anyone who cares about  human rights and democracy must work together to fight authoritarian regime: Chemi Lhamo at Geneva Summit
  • Tibetan Schools achieve outstanding result in CBSE board, 2 makes it for Excellence award
  • China’s greed for Lithium is killing the Tibetan plateau
  • Dharamshala holds 24th regional Tibetan freedom movement election
  • MPs rebuke AFP for allowing Chinese police into Australia

རེས་གཟའ་ལྷག་པ། ༢༠༢༤།༠༥།༡༥

  • རྒྱ་གཞུང་ལ་ཁ་གཏད་གཅོག་མཁན་ཡོངས་རྫོགས་མཉམ་རུབ་གནང་དགོས་པའི་སྐུལ་མ་གནང་འདུག
  • འདི་ལོའི་བོད་པའི་སློབ་ཁག་གི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་ཆེས་བཟང་ཤོས་དེ་ཡིན་པ་གསུངས་སོང་།
  • རྒྱ་ནག་གིས་གཞི་རྒྱ་ཆེ་བའི་ Lithium གཏེར་ལས་བསྔོག་འདོན་རྐྱེན་པས་བོད་ཀྱི་ཁོར་ཡུག་གཏོར་བཤིག་འགྲོ་བཞིན་པ།
  • སྐབས་ ༢༤ པའི་རྡ་ས་ས་གནས་རང་བདེ་ཚོགས་ཆུང་གི་དངོས་གཞིའི་འོས་བསྡུ་གནང་འདུག
  • རྒྱ་ནག་ཉེན་རྟོག་པས་ཨོསྟྲེ་ལི་ཡར་ཆེད་བསྐྱོད་ཀྱིས་རྒྱ་རིགས་མི་སེར་ཞིག་འཛིན་བཟུང་བྱས་པར་སེམས་འཚབ།

རྒྱ་ནག་གི་སྲིད་དོན་ཉེས་ཆད་ཕོག་པའི་དབྱིན་ཡུལ་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tim Loughton མཆོག་ཟླ་འདིའི་ཚེས་ ༨ ཉིན་ཤར་ཨ་ཕི་རི་ཀའི་རྒྱལ་ཁབ་ Djibouti ལ་བསྐྱོད་སྐབས། གནམ་ཐང་དུ་བཀག་སྐྱིལ་དང་དེ་ནས་ཕྱིར་འབུད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

Tim Loughton Detained

དེ་ཡང་གྲོས་ཚོགས་འཐུས་མི་ཁོང་ཨ་ཕི་ཪི་ཀའི་རྒྱལ་ཁབ་དེའི་ནང་རང་གི་དབྱིན་ཡུལ་གཞུང་ཚབ་ལྷན་དུ་ཐུག་འཕྲད་གཙོས་པའི་ལས་དོན་ཁག་གཅིག་ཆེད་དུ་ཉིན་གཅིག་གི་ཕྱོགས་བསྐྱོད་སྐབས་བཀག་སྐྱིལ་གྱི་གནས་ཚུལ་དེ་བྱུང་ཡིན་པ་དང་། སྐུ་ཞབས་ཁོང་ས་གནས་དེའི་གནམ་ཐང་དུ་འབྱོར་མ་ཐག་ཉེན་རྟོག་པས་ཆུ་ཚོད་བདུན་ལྷག་བཀག་སྐྱིལ་བྱས་ཏེ་རྒྱལ་ཁབ་དེའི་ནང་དུ་འཛུལ་མི་བཅུག་པར་གནམ་ཐང་རང་ནས་ཕྱིར་འབུད་བཏང་ཡོད་པ་རེད་འདུག

སྐུ་ཞབས་ Tim Loughton མཆོག་གིས་དབྱིན་ཡུལ་གྱི་གསར་ཁང་གྲགས་ཅན་ Telegraph ལ་ཁོང་ལ་ Djibouti འི་གནམ་ཐང་དུ་བཀག་སྐྱིལ་གྱི་གནས་ཚུལ་བྱུང་བ་དེ་ནི་དེ་སྔ་བྱུང་མྱོང་མེད་པ་དང་ཧ་ཅང་ཞེད་སྣང་ཅན་གྱི་བྱེད་སྒོ་ཞིག་ལ་འགྲེལ་བརྗོད་དང་འབྲེལ། དེ་ནི་རྒྱ་ནག་གཞུང་གིས་ལོ་གསུམ་གོང་ཁོང་གཙོས་པའི་དབྱིན་ཡུལ་གྲོས་ཚོགས་འཐུས་མི་བདུན་ལ་རྒྱ་ནག་ཏུ་འགྲོ་འོང་བཀག་སྡོམ་བཅས་ཀྱི་སྲིད་དོན་ཉེས་ཆད་འགེལ་བ་དེའི་མཇུག་འབྲས་ཞིག་ཡིན་པ་གསུངས་འདུག

Tim Loughton Detained

ཁོང་གིས་ད་དུང་ད་རེས་ཀྱི་གནས་ཚུལ་དེ་ནི་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་རྒྱལ་མཚམས་བརྒལ་ནས་རྒྱལ་ཁབ་གཞན་ལ་གནོན་ཤུགས་ཇི་ཙམ་སྤྲོད་བཞིན་པ་དང་། ལྷག་པར་ཨ་ཕི་རི་ཀའི་རྒྱལ་ཁབ་ཁག་གཅིག་ལ་རྒྱ་ནག་གི་ཤུགས་རྐྱེན་ཇི་འདྲ་ཡོད་མེད་གསལ་པོ་རྟོགས་ཐུབ་ཀྱི་ཡོད་པས་དེ་ནི་ཧ་ཅང་གི་སེམས་ཚབས་འོས་པ་ཞིག་ཡིན་སྐོར་གསུང་པ་མ་ཟད། གང་ལྟར་ཡང་། བོད་དང་ཡུ་གུར་ཧོང་ཀོང་ལ་སོགས་པའི་མང་ཚོགས་ས་ཡ་མང་པོ་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་སྡུག་སྦྱོང་མནར་གཅོད་མྱངས་པ་དང་བསྡུར་ན་ད་ལྟའི་གནས་སྟངས་འདི་དེ་ཙམ་གྱི་གལ་གནད་ཅན་ཞིག་མིན་པའི་གསལ་འདོན་གནང་འདུག

ཁོང་གིས་གནས་ཚུལ་དེ་དབྱིན་ཡུལ་ཕྱི་འབྲེལ་དྲུང་ཆེ་མཆོག་ལ་སྙན་སེང་ཞུས་ཡོད་པ་དང་། ཁོང་ལ་དེ་ལྟ་བུའི་ཉེས་སྤྱོད་ཚབས་ཆེན་གྱི་རྣམ་འགྱུར་སྟོན་པ་དེར་ངོ་རྒོལ་མཚོན་བྱེད་དུ་ Djibouti གཞུང་ཚབ་ལའང་འཕྲིན་ཡིག་ཞིག་བསྐུར་ཡོད་པ་འགྲེལ་བརྗོད་གནང་འདུག

Tim Loughton Detained

རྩ་བའི་སྐུ་ཞབས་ Loughton ལགས་ཀྱིས་གནམ་ཐང་དུ་ཁོང་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཡིན་ཞེས་བརྗོད་མ་ཐག་ཁོང་གི་ཕྱི་སྐྱོད་ལག་ཁྱེར་ཞིབ་བཤེར་གྱིས་འགྲེལ་བཤད་གང་ཡང་མེད་པའི་ཐོག་གནམ་ཐང་གི་ཚོགས་ཁང་ནང་ཆུ་ཚོད་གཅིག་ལྷག་བཞག་པ་དང་། དེ་ནས་ཁང་མིག་གཞན་ཞིག་ནང་ཁོང་གཅིག་པུ་ཆུ་ཚོད་གསུམ་ལྷག་བཞག་པ་མ་ཟད། ཁོང་ནས་ཁུལ་དེའི་ཉེན་རྟོག་པ་ཚོར་རྒྱུ་མཚན་འདྲི་སྐབས་ཡ་ལན་གང་ཡང་བྱས་མེད་པར། ཕྱོགས་ཡོངས་ནས་གནས་སྟངས་དེ་ཁོང་ཁེར་རྐྱང་གི་ཕྱི་རྒྱལ་ཁབ་ཡ་མཚན་ཅན་ཞིག་ནང་ཞེད་སྣང་གི་མྱོང་བ་ཞིག་བྱུང་ཞེས་འགྲེལ་བརྗོད་གནང་འདུག

སྤྱིར་རྒྱ་གཞུང་གིས་ཨ་ཕི་རི་ཀའི་ Djibouti རྒྱལ་ཁབ་ནང་ཨ་སྒོར་ཐེར་འབུམ་གཅིག་གི་གནམ་ཐང་དང་། གཞན་ཡང་སྨན་ཁང་། རྩེད་འགྲན་ཐང་སོགས་འཛུགས་སྐྲུན་དུ་མའི་ནང་མ་དངུལ་བཅུག་སྟེ་ད་ཆ་རྒྱལ་ཁབ་དེར་ཨ་སྒོར་ཐེར་འབུམ་ ༡་༤ ཙམ་གྱི་བུ་ལོན་ཆགས་ཡོད་པ་བཅས་རྒྱ་གཞུང་གིས་རྒྱལ་ཁབ་དེའི་ཐོག་ཚད་ལས་འདས་པའི་ཤུགས་རྐྱེན་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་རེད།

Tim Loughton Detained

སྐུ་ཞབས་ Tim Loughton མཆོག་ནི་སྤྱི་ལོ་ ༡༩༩༧ ལོ་ནས་བཟུང་དབྱིན་ཡུལ་གྱི་ཤར་ Worthing དང་ Shoreham ས་གནས་ཀྱི་གྲོས་ཚོགས་འཐུས་མི་ཞིག་ཡིན་ལ། དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། དབྱིན་ཡུལ་གྲོས་ཚོགས་ནང་དུ་ Magnitsky ཞེས་པའི་ཁྲིམས་གཞིའི་འོག་རྒྱ་ནག་གི་དཔོན་རིགས་རྣམས་དབྱིན་ཡུལ་ནང་འགྲོ་འོང་བཀག་འགོག་གི་ཁྲིམས་འཆར་བཏོན་པ་སོགས་བོད་དོན་ལ་རྒྱུན་རིང་ནས་རྒྱབ་སྐྱོར་གནང་མཁན་དང་། བོད་གཙོས་པའི་ཡུ་གུར་དང་ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་རྣམ་པ་འདྲ་མིན་སྒོ་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད།

རྒྱ་གཞུང་གིས་དེ་འབྲེལ་སྤྱི་ལོ་ ༢༠༢༡ ལོར་བོད་དང་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་རྫུན་བཤད་ལོག་བཤད་བྱས་ཀྱི་ཡོད་པའི་ཉེས་མིང་འོག་ཁོང་དབུས་པའི་དབྱིན་ཡུལ་གྲོས་ཚོགས་འཐུས་མི་བདུན་ལ་རྒྱ་ནག་ཏུ་འགྲོ་འོང་གི་བཀག་སྡོམ་བྱས་ཡོད་པ་དང་། ད་ལྟའི་བཀག་སྐྱིལ་གྱི་གནས་ཚུལ་དེ་ནི་སྐུ་ཞབས་ཁོང་ནས་དུས་རྒྱུན་དུ་བོད་དང་། ཡུ་གུར། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་སློང་ཞུ་སྐུལ་ཤུགས་ཆེ་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་གསུང་ཡོད་ཀྱང་། ཁ་སང་རྒྱ་ནག་གཞུང་ཚབ་ནས་ཁོང་གི་ཉེས་འཛུགས་དེ་དག་གཞི་མེད་སྐྱོན་འཛུགས་དང་རྒྱ་ནག་དང་དབྱིན་ཡུལ་བར་གྱི་འབྲེལ་བ་ལ་དམའ་འབེབས་ཞིག་ཡིན་པའི་བསྒྲགས་གཏམ་སྤེལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།