Tibetan Royal Year of 2151 | Year of the Wood Dragon

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་སྐོང་ཚོགས་དང་འབྲེལ་རྒྱུན་ལས་དགེ་འདུན་མཚན་དཔལ་ལགས་བར་བརྒལ་ཚོགས་གཙོར་འོས་འདེམས་གནང་འདུག

བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཁྲོད་སྲིད་དོན་ཚོགས་པའི་ལམ་ལུགས་གལ་ཆེན་པོ་ཡིན་པར་བཀའ་ཕེབས་དོན་བཞིན། ཕྱི་ལོ་ ༡༩༩༢ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྐང་འགན་བཞེས་འོག་ཚོགས་པ་དེ་ཉིད་ཀྱི་ཚོགས་ཆེན་ཐེངས་ ༨ པའི་ཐོག་སྲིད་དོན་ཚོགས་པ་གསར་འཛུགས་གནང་རྒྱུའི་གྲོས་ཆོད་གཏན་འབེབས་ཀྱིས་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཆེད་དུ་བཙུགས་རྗེས་ཕྱི་ལོ་ ༡༩༩༤ ལོའི་ཟླ་ ༩ ཚེས་ ༢ ཉིན་སྲིད་དོན་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་དེ་འཚོགས་ནས་ཚོགས་པའི་མཚན་གནས་དང་རྩ་ཁྲིམས་གཏན་འབེབས་གནང་ཡོད་པ་ཞིག་ཡིན་པ་རེད།

ལོ་གསུམ་རེ་ནང་ཚུན་རྒྱལ་ཡོངས་ཚོགས་ཆེན་དང་གཅིག་དང་ཕྱེད་ཀ་ནང་ཚུན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་རེ་ཚོགས་སྲོལ་ཡོད་པ་ལྟར། ཉེ་ལམ་ཟླ་བ་འདིའི་ཚེས་ ༢༧ དང་ ༢༨ བཅས་ཉིན་གཉིས་རིང་། བཞུགས་སྒར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་འགན་འཛིན་ལྷན་ཚོགས་ཐེངས་དགུ་པ་འཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་ས་གནས་འདྲ་མིན་ཁྱོན་ ༡༤ ནས་ཚོགས་མི་ ༤༠ ལྷག་ཙམ་མཉམ་ཞུགས་གནང་བ་མ་ཟད། ཚོགས་པའི་ཚོགས་གཙོ་བཀྲིས་དོན་གྲུབ་ལགས་ཉེ་ལམ་སྐུ་གཟུགས་བདེ་མིན་རྐྱེན་གྱིས་དགོངས་ཞུས་གནང་བ་ལྟར། དགེ་འདུན་མཚན་དཔལ་ལགས་བར་བརྒལ་ཚོགས་གཙོར་འོས་འདེམས་གནང་འདུག

ཚོགས་ཟུར་བཀྲིས་དོན་གྲུབ་ལགས་ཀྱིས་འདི་ག་གསར་ཁང་གི་བཅར་འདྲིར་དང་ལེན་ཁྲོད་ཚོགས་པའི་གནས་བབས་དང་འབྲེལ་གསུངས་སྐབས། ཉེ་ལམ་ནས་ཚོགས་པ་དེར་དཔལ་འབྱོར་དང་ཚོགས་མིའི་ཐད་དཀའ་ངལ་འཕྲད་བཞིན་པ་མ་ཟད། སྒེར་ཁག་གཅིག་གིས་སྣང་བ་གང་དྲན་བྱས་པའི་སྡིངས་ཆར་གྱུར་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། མང་ཚོགས་ནས་ཚོགས་པ་དེའི་གལ་གནད་མཁྱེན་པའི་ཐོག་ཉིན་གཉིས་རིང་འཚོགས་པའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐོག  དེ་སྔའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་འབྲེལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་སྲུང་ཆ་དང་འབྲེལ་བའི་ལས་དོན་རྒྱ་བསྐྱེད་དང་། ཚོགས་པའི་ཚོགས་མི་གྲངས་སྤར་ཙམ་མ་ཟད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡན་ལག་འཛུགས་ཐབས། དེ་བཞིན་ཚོགས་པ་དེ་ཉིད་ཐོག་མར་ཆབ་སྲིད་ཚོགས་པའི་ངོ་བོའི་ཐོག་ཆེད་བཙུགས་གནང་བ་བཞིན་ངོ་བོ་དེ་བསྐྱར་གསོའི་ཐད་འབད་བརྩོན་གནང་གལ་སོགས་ཀྱི་གྲོས་ཆོད་ཁག་གཅིག་གཏན་འབེབས་གནང་བ་མ་ཟད། བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནད་དོན་ཐོག་ནུས་པ་ལྡན་པའི་ཕྱག་ལས་གནང་མཁན་བོད་དོན་ལས་འགུལ་ལྟེ་གནས་ཁང་དང་གནས་ཚུལ་དེ་ཐོག་མར་ར་སྤྲོད་གནང་མཁན་རྒན་རྒྱལ་ལོ་ལགས་བཅས་ལ་རང་དབང་གི་ཕྱག་རྟགས་ཕུལ་ཐུབ་པ་བྱུང་འདུག

གཞི་རྩའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་ཚོགས་མི་ཁྱོན་ ༥༠༠༠ ལྷག་ཙམ་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་ས་གནས་འདྲ་མིན་ ༡༤ ནས་ཚོགས་བཅར་བ་༤༠ ལྷག་ཙམ་ཆེད་ཕེབས་གནང་བའི་ཁྲོད་མཐོ་རིམ་སློབ་གྲྭ་ཁག་གསུམ་ཙམ་ནས་སྐུ་ཚབ་ཕེབས་འདུག ཚོགས་པ་དེའི་ངོས་ནས་དེ་སྔ་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་འོས་མི་ཆེད་འདོན་དང་འབྲེལ་མང་ཚོགས་ཁྲོད་བགྲོ་གླེང་སོགས་ཀྱི་བརྒྱུད་ནས་མང་གཙོའི་རིན་ཐང་གོང་འཕེལ་གྱི་ལས་གཞི་རིམ་པ་སྤེལ་ཡོད་པ་མ་ཟད། སྐབས་དུས་སོ་སོར་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་དང་ལྷན་བོད་དོན་དང་འབྲེལ་བའི་ཞུ་གཏུགས་དང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།