Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ནང་ཊིག་ཊོག་མཉེན་ཆས་བཀག་སྡོམ་བྱ་རྒྱུའི་ཁྲིམས་འཆར་དེ་ཁྲིམས་ལ་གཏུགས་འདུག

Tibetan News Headlines

 • Dalai Lama gives audience to Himalayan Buddhists from Rolwa Ling
 • One household and One file: Surveillance ramped up after anti-dam protests
 • GCM Gold Cup Final and Green Book debacle
 • Taiwan’s parliament passes bill pushing pro-China changes
 • East Turkistan government in exile calls on US to pass Uyghur Policy Act
 • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

 • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
 • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
 • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
 • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
 • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
 • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་མང་མོས་རྒྱབ་སྐྱོར་དང་སྲིད་འཛིན་མཆོག་གིས་མཚན་རྟགས་བསྐྱོན་ཏེ་ཁྲིམས་སུ་བཅད་དེ། ཊིག་ཊོག་གི་བཟོ་ཚོང་ལས་ཁང་ཨ་མ་ ByteDance  ནས་ཟླ་བ་དགུའི་ནང་ཚུན་ཊིག་ཊོག་མཉེན་ཆས་ཀྱི་བདག་དབང་ཚོང་བསྒྱུར་མ་བྱས་ཚེ། ཨ་རིའི་ནང་མཉེན་ཆས་དེ་ཡོངས་སུ་བཀག་སྡོམ་བྱ་རྒྱུ་ཡིན་པ་ཐག་གཅོད་གནང་ཡོད་པ་དེ་ལྟར་ཡང་། ཊིག་ཊོག་ཚོང་ལས་ཁང་གིས་ཁྲིམས་འཆར་དེས་ཨ་རིའི་མི་སེར་ས་ཡ་མང་པོའི་སྨྲ་བརྗོད་རང་དབང་རྡོག་རོལ་གཏོང་གི་ཡོད་པའི་ཉེས་འཛུགས་དང་བཅས་གནད་དོན་དེ་ཁྲིམས་ལ་གཏུགས་འདུག

bytedance
photo: firstpost

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༨ ཉིན་ BBC གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ཚེ། ཊིག་ཊོག་ཚོང་ལས་ཁང་གིས་ཁྲིམས་འཆར་དེར་རྒོལ་ལན་གྱིས་ཟླ་བ་འདིའི་ཚེས་ ༧ ཉིན་ཨ་རིའི་ Circuit Court ཞེས་པའི་སྐོར་བསྐྱོད་ཁྲིམས་ཁང་ནང་ཁྲིམས་གཏུགས་བྱས་ཡོད་པ་དང་སྦྲགས། ཁྲིམས་འཆར་དེས་བཟོ་ཚོང་ལས་ཁང་དེ་དང་མཉེན་ཆས་དེ་བེད་སྤྱོད་བྱེད་མཁན་ཨ་རིའི་མི་སེར་ས་ཡ་ ༡༧༠ ལྷག་གི་སྨྲ་བརྗོད་རང་དབང་ལ་ བཙན་དབང་གི་སྒོ་ནས་རྡོག་རོལ་ཤུགས་ཆེ་བཏང་གི་ཡོད་པ་ཉེས་འཛུགས་བྱས་ཡོད་པ་མ་ཟད། ཨ་རི་གཞུང་ནས་རང་ཉིད་ཀྱི་བྱ་སྤྱོད་ལ་དག་གསལ་སླད་མཉེན་ཆས་དེའི་ཐད་ཚོད་དཔག་གི་སེམས་འཚབ་ཙམ་ཞིག་བྱེད་བཞིན་ཡོད་པས་ཁྲིམས་ཁང་ངོས་ནས་ཁྲིམས་འཆར་དེ་ལག་བསྟར་བྱ་རྒྱུར་བཀག་སྡོམ་བྱ་དགོས་ཞེས་བརྗོད་ཡོད་པ་འཁོད་འདུག

ཚོང་ལས་ཁང་དེས་ཁྲིམས་ཁང་དུ་ཁ་མཆུ་བཙུགས་ཡོད་པ་དེའི་ནང་གསལ་ལྟར་ན། ཨ་རིའི་ཁྲིམས་འཆར་དེའི་འབྲུ་དོན་བཞིན་ལག་བསྟར་ཐུབ་རྒྱུ་ནི་དཔལ་འབྱོར་དང་འཕྲུལ་ཆས། དེ་བཞིན་ཁྲིམས་སྒྲིག་སོགས་གང་ཅིའི་ཐད་དཀའ་ལས་ཁག་པོ་ཡིན་ཞིང་། ལྷག་པར་ཉིན་མ་ ༢༧༠ ཡི་དུས་བཀག་ནི་དེ་བས་ཁག་པོ་ཡིན་ཞེས་འཁོད་ཡོད་པ་མ་ཟད། ཁྲིམས་འཆར་དེ་ནི་ཊིག་ཊོག་ལ་དམིགས་བཀར་གྱིས་དྲང་བདེན་མིན་པའི་བྱེད་ལས་ཤིག་ཡིན་ཞེས་བཀོད་འདུག དེ་བཞིན་ཨ་རིའི་གཞུང་གིས་སྒེར་གྱི་ཚོང་ལས་ཁང་རྣམས་ཀྱིས་བསྐྲུན་པའི་སྨྲ་བརྗོད་ཀྱི་གླེང་བསྟེགས་དེ་དག་ལ་ཐེ་བྱུས་བྱ་རྒྱུ་མེད་ཅེས་སྐྱོན་བརྗོད་དང་སྦྲགས། དེ་སྔ་ཨ་རིའི་སྲིད་འཛིན་ཟུར་པ་ Donald Trump སྐབས་སུའང་ཊིག་ཊོག་མཉེན་ཆས་དེ་བཞིན་བཀག་སྡོམ་བྱ་རྒྱུའི་ཐབས་ཤེས་བྱས་ཡོད་ཀྱང་ཁྲིམས་ཐོག་ཏུ་དཀའ་ངལ་དུ་མ་འཕྲད་ཡོད་ཅེས་ཉེན་བརྡ་བཏང་འདུག

ཊིག་ཊོག་ཚོགས་པས་ད་དུང་། ཨ་རིའི་སྲིད་འཛིན་གཙོས་པའི་ཆབ་སྲིད་འགོ་ཁྲིད་མང་པོས་མཉེན་ཆས་དེ་བཞིན་བཀག་སྡོམ་གྱི་ལག་བསྟར་བྱེད་བཞིན་པ་དེས། རྒྱལ་ཁབ་བདེ་འཇགས་ཀྱི་ངོ་བོ་ལ་སྣང་ཆུང་དང་གནོད་སྐྱོན་ཐེབས་ཡོད་པ་བཤད་འདུག་ལ། ཁོ་ཚོའི་ངོས་ནས་ཨ་རིའི་སེམས་འཚབ་སེལ་ཆེད་དུ་ཨ་སྒོར་ཐེར་འབུམ་གཉིས་ལྷག་འགྲོ་གྲོན་བཏང་སྟེ། ཨ་རིའི་གནས་ཚུལ་རྣམས་སྲུང་སྐྱོབ་བྱ་ཐབས་བྱས་ཡོད་ཅེས་འཁོད་འདུག

གནད་དོན་དེ་དང་འབྲེལ་ཟླ་བ་འདིའི་ཕྱི་ཚེས་ ༦ རེས་གཟའ་ཟླ་བའི་ཉིན། ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ Karine Jean-Pierre ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། ཁྲིམས་འཆར་དེས་མཉེན་ཆས་དེ་བཀག་སྡོམ་བྱས་པ་མ་ཡིན་པར་ཐོབ་དབང་འཕྲོག་པ་ཡིན་ཞེས་གསུངས་འདུག་ལ། ཨ་རིའི་གྲོས་ཚོགས་ཀྱིས་ཨ་རྒྱ་གཉིས་དབར་གྱི་ཚོང་ལས་ཁྲོད་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་མིན་ཐད་ལྟ་རྟོག་ཚོགས་ཆུང་ཞིག་བཙུགས་ཡོད་པ་དེའི་འགོ་གཙོ་ Jacob Helberg ལགས་ཀྱིས། ཊིག་ཊོག་གིས་ཨ་རིའི་ནང་ཚོང་ལས་སྤེལ་ཕྱོགས་དེ་ནི་ཨ་རི་ངོས་ནས་གཡོ་སྒྱུ་ཅན་གྱི་ཁྲོམ་རྭའི་ཐབས་བྱུས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག

འོན་ཀྱང་ཨ་རིའི་སྤྱི་དམངས་ཐོབ་ཐང་མཐུན་ཚོགས་ཀྱི་ཁྲིམས་རྩོད་པ་ Ashley Gorski ཡིས། ཁྲིམས་འཆར་དེ་ནི་ཨ་རིའི་ནང་མཉེན་ཆས་དེ་ཡོངས་སུ་བཀག་སྡོམ་བྱ་རྒྱུའི་ནུས་པ་ལྡན་ཡོད་པ་འགྲེལ་བརྗོད་དང་འབྲེལ།  ཨ་རིའི་གཞུང་ངོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཚད་ལས་བརྒལ་བའི་ཉེན་འཚབ་ཡོད་ན་མ་གཏོགས་གཞན་ཆུང་ཚགས་རིགས་འགོག་ཆེད་དུ་ཚོང་ལས་ཁང་དེ་རིགས་གཏན་དུ་བཀཀ་སྡོམ་བྱེད་མི་ཉེན་ཞེས་བརྗོད་འདུག་པ་མ་ཟད་ཁྲིམས་འཆར་དེ་བཞིན་ཚད་མཐོ་པོའི་ངང་ལག་བསྟར་གཏན་འབེབས་བྱེད་བཞིན་པ་དེ་དང་མཚུངས་པའི་སྤྱི་དམངས་ལ་གནོད་སྐྱོན་ཐེབས་ཡོད་པའི་བདེན་དཔང་གང་ཡང་མེད་ཅེས་བརྗོད་འདུག

photo: WashingtonTimes

ཡང་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ John Moolenaar ལགས་ཀྱིས། ཨ་རིའི་གྲོས་ཚོགས་དང་འབྲེལ་ཡོད་སྒྲིག་འཛུགས་རྣམས་ནས། མང་ཚོགས་དང་སྡེ་ཚན་བྱེ་བྲག་པའི་གནས་ཚུལ་མཁོ་སྒྲུབ་ཀྱི་གྲུབ་དོན་དུ། ཊིག་ཊོག་མཉེན་ཆས་ནི་ཨ་རིའི་རྒྱལ་ནང་དང་མི་སེར་རྣམས་ཀྱི་བདེ་འཇགས་ལ་ཉེན་འཚབ་ཆེ་བ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་གསུངས་འདུག མ་ཟད་ཊིག་ཊོག་ངོས་ནས་རྒྱ་ནག་དམར་ཤོག་དང་འབྲེལ་བ་མཚམས་འཇོག་བྱ་རྒྱུ་ལས་ལྡོག་སྟེ། ཨ་རིའི་ཁྲིམས་ཁང་དུ་གནད་དོན་དེའི་ཐད་རྩོད་པ་རྒྱག་པ་དང་དུས་ཚོད་དང་དངུལ་སོགས་འགྲོ་གྲོན་གཏོང་རྒྱུར་འབད་བརྩོན་བྱེད་ཀྱི་རེད་ཅེས་གསུངས་འདུག

photo: Dazed

དེའི་བར་ན་དབྱིན་ཇིའི་ BBC གསར་ཁང་གིས་འབྲེལ་ཡོད་གནས་ཚུལ་གཞན་ཞིག་སྤེལ་བའི་ནང་གསལ་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་ལྷག་པའི་ཉིན་ཨ་རིའི་ཚོང་འབྲེལ་ལས་ཁུངས་ཀྱིས་ཡུལ་དེའི་བཟོ་ཚོང་ལས་ཁང་ཁག་ནས་རྒྱ་ནག་གི་ Huawei ཚོང་ལས་ཁང་ལ་དངོས་ཟོག་ཁག་གཅིག་ཕྱིར་འདྲེན་བྱ་རྒྱུའི་ཆོག་མཆན་དེ་བཞིན་ཕྱིར་བསྡུ་བྱས་ཡོད་པ་རེད་འདུག སྤྱིར་ཨ་རིས་ Huawei ཚོང་ལས་ཁང་དང་རྒྱ་ནག་དམག་གི་སྒྲིག་འཛུགས་དང་འབྲེལ་བ་ཡོད་པ་ལུང་འདྲེན་གྱིས་ཕྱི་ལོ་ ༢༠༡༩ ནས་བཟུང་གློག་ཀླད་ནང་དགོས་མཁོ་ཆེ་བའི་ཅིབ་ chip སོགས་འཕྲུལ་ཆས་རིགས་ཕྱིར་འདྲེན་བྱ་རྒྱུ་ཧ་ཅང་ཉུང་དུ་བཏང་ཡོད་པ་རེད།

རྩ་བའི་ཨ་རིའི་ཁྲིམས་ཀྱི་འབྲུ་དོན་ལྟར་ན། གལ་ཏེ་ཊིག་ཊོག་བཟོ་ཚོང་ལས་ཁང་ཨ་མ་ ByteDance ཡིས་མཉེན་ཆས་ཀྱི་བདག་དབང་ཚོང་བསྒྱུར་མ་ཐུབ་ཚེ།  ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡ པོ་ནས་བཟུང་ཨ་རིའི་ནང་ཊིག་ཊོག་མཉེན་ཆས་ཕབ་ལེན་མི་ཐུབ་པ་བཟོ་རྒྱུ་ཡིན་ཞིང་། གལ་ཏེ་ཚོང་བསྒྱུར་གྱི་ལས་དོན་སྐྱོང་མུས་ཡིན་ཚེ་ཨ་རིའི་སྲིད་འཛིན་ Biden མཆོག་ནས་ཉིན་མ་ ༩༠ རིང་དུས་ཡུན་འཕར་འགྱངས་གནང་རྒྱུ་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།