Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ Henry Kissinger ལགས་དགུང་ལོ་བརྒྱ་ཐོག་འདས་གྲོངས།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཁ་སང་ཕྱི་ཚེས་ ༢༩ ཉིན་ཨ་རིའི་སྲིད་འཛིན་ ༣༧ པ་དང་ ༣༨ པ་སྐུ་ཞབས་ Richard Nixon དང་སྐུ་ཞབས་ Gerald Ford ལགས་རྣམ་གཉིས་ཀྱི་རྒྱལ་ཡོངས་བདེ་སྲུང་སློབ་སྟོན་པ་དང་ཕྱི་སྲིད་དྲུང་ཆེའི་ཐུགས་འགན་བཞེས་མྱོང་མཁན་ཨ་རི་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་ཟུར་པ་ Henry Kissinger ལགས་དགུང་ལོ་བརྒྱ་ཐོག་རང་ཤག་ཏུ་འདས་གྲོངས་སུ་གྱུར་འདུག

གཞི་རྩའི་ Heinz Alfred Kissinger ལགས་ནི་ ༡༩༢༣ ལོའི་ཟླ་ ༥ ཚེས་ ༢༧ ཉིན་ཇར་མི་ནིའི་རྒྱལ་ས་ Furth དུ་འཁྲུངས་པ་དང་། ༡༩༣༨ ལོར་ནང་མི་དང་ལྷན་དུ་ཨ་རིར་གནས་སྤོས་ཀྱིས་ ༡༩༤༣ ལོར་ཨ་རིའི་མི་སེར་བཞེས་ཡོད་པ་ལྟར་ཁོང་གི་མཚན་ལ་ Henry Kissinger ཞེས་བཏགས་ཡོད་པ་རེད།

ཁོང་ནི་ཧ་ཝར་ཌ་གཙུག་ལག་སློབ་གཉེར་ཁང་དུ་དགེ་རྒན་གྱི་ཕྱག་ལས་གནང་མྱོང་ཡོད་པ་དང་ཨ་རི་སྲིད་འཛིན་ ༣༧ པ་སྐུ་ཞབས་ Richard Nixon ལགས་དང་ཨ་རི་སྲིད་འཛིན་ ༣༨ པ་སྐུ་ཞབས་ Gerald Ford ལགས་རྣམ་གཉིས་ཀྱི་འཛིན་སྐྱོང་འོག་རྒྱལ་ཡོངས་བདེ་སྲུང་སློབ་སྟོན་པ་དང་ཕྱི་སྲིད་དྲུང་ཆེ་བཅས་ཀྱི་ཐུགས་འགན་བཞེས་ཡོད་པ་མ་ཟད། ཁོང་གི་ལས་ཡུན་ཁྲོད་ཕྱི་ལོ་ ༡༩༧༡ ལོར་གསང་བའི་ཐོག་རྒྱ་ནག་ཏུ་ཕེབས་རྗེས། ༡༩༧༢ ལོར་སྲིད་འཛིན་ Nixon པེ་ཅིང་ལ་འཚམས་གཟིགས་སུ་ཕེབས་ནས་མའོ་ཙེ་ཏུང་དང་ཐུག་འཕྲད་ཀྱིས་ཨ་རྒྱ་གཉིས་དབར་འབྲེལ་ལམ་གྱི་ལེའུ་གསར་པ་ཞིག་གནང་ཡོད་པ་མ་ཟད། ཁོང་ནི་རྒྱ་ནག་གི་སྲིད་འཛིན་མའོ་ཙེ་ཏུང་ནས་ཞི་ཅིན་ཕིང་བར་གྱི་རྒྱ་ནག་གི་འགོ་ཁྲིད་ཚང་མ་དང་ཐད་ཀར་འབྲེལ་བ་གནང་མྱོང་མཁན་ཞིག་རེད།

 ཁོང་གི་ལོ་ཚད་ལ་ལྟོས་མེད་འདི་ལོའི་ཕྱི་ཟླ་ ༧ ནང་རྒྱ་ནག་ཏུ་དངོས་སུ་སོང་ནས་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་ཡོད་པ་དང་། རྒྱ་ནག་ནང་ Henry Kissinger ནི་གྲགས་ཆེ་བའི་རྒྱ་ནག་གི་གྲོགས་པོ་རྙིང་པ་ཞེས་འབོད་ཀྱི་འདུག་ལ། རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཁང་གིས་ཁོང་ནི་སྙན་གྲགས་ཆེ་བའི་ཆབ་སྲིད་མི་སྣ་ཞིག་དང་ཨ་རྒྱ་གཉིས་ཀྱི་འབྲེལ་བའི་ཁྲོད་སྲོག་ལྡན་གྱི་རྗེས་ཤུལ་བ་ཅེས་བཤད་ཡོད།

ལྷག་དོན་ Henry Kissinger དམ་པ་དེ་ཉིད་ཀྱི་དུས་སྐབས་སུ་རྒྱ་ནག་དང་འབྲེལ་ལམ་ཆེས་ཐོག་མ་གནང་བའི་ཁྲོད་ཨ་རིའི་གསང་བ་ལས་ཁུངས་ཀྱིས་བོད་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་དོན་ལ་རོགས་རམ་དང་འབྲེལ་ཐག་ཆད་པའི་རྐྱེན་གྱིས་བོད་རང་བཙན་འཐབ་རྩོད་ལ་དོ་ཕོག་ཤུགས་ཆེར་བཏང་བ་མ་ཟད། བོད་ཙམ་མིན་པར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གསར་པའི་ཁྲོད་ཐེ་ཝན་རྒྱལ་ཚོགས་ནས་ཕུད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཏུ་གྱུར་བ་སོགས་བྱུང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།