Tibetan Royal Year of 2151 | Year of the Wood Dragon

ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཁྲོད་གསར་འགོད་རང་དབང་གཙོ་གྲས་སུ་བརྩི་དགོས་པར་ནན་སྐུལ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཁ་སང་ཕྱི་ཟླ་ ༥ ཚེས་ ༣ ཉིན་འཛམ་གླིང་གི་གསར་འགོད་རང་དབང་ཉིན་མོ་དང་བསྟུན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་ངེས་པར་དུ་ཕྱིའི་གསར་འགོད་པ་ཚོ་སྲིད་གཞུང་གི་ལྟ་རྟོགས་མེད་པར་རང་དབང་ངང་བོད་ནང་འགྲུལ་སྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག

ཕྱི་ཟླ་ ༥ པའི་ཚེས་ ༣ ཉིན་ནི་ལོ་ལྟར་འཛམ་གླིང་གི་གསར་འགོད་རང་དབང་གི་ཉིན་མོར་སྲུང་བརྩི་ཞུ་བའི་དུས་ཚོད་ཡིན་ཞིང་། ཉིན་དེར་འཛམ་གླིང་གི་ས་ཁུལ་གང་སར་གསར་འགོད་རང་དབང་དང་གསར་འགོད་པའི་ཀུན་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་ཉིན་མོ་ཞིག་ཀྱང་ཡིན་པ་ལྟར། ཁ་སང་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གིས་དེགིའི་Twitter དྲྭ་ལམ་བརྒྱུད་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་དང་བསྟུན་ཨ་རིའི་གཞུང་ངོས་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དང་ཁེ་ཕན་ཁྲོད་གསར་འགོད་རང་དབང་གི་གནད་དོན་དེ་གཙོ་གྲས་སུ་བརྩིས་པའི་ཐོག་མི་རིགས་རྩ་མེད་གཏོང་རྒྱུ་དང་ངལ་རྩོལ་བསྒྱུར་བཀོལ་བཅས་མཚམས་འཇོག་དགོས་པར་ནན་བརྗོད་གནང་བ་མ་ཟད། ཡོང་རྒྱུའི་དགུན་དུས་ཨོ་ལོམ་པིཀ་རྩེད་འགྲན་དང་འབྲེལ་ཨ་རིའི་གཞུང་གིས་སྣེ་ཁྲིད་ཐོག་གོ་ལ་ཡོངས་ནས་ཕྱག་འབྲེལ་གསར་འགྱུར་ལས་ཁང་ཚོར་འཕྲད་བཞིན་པའི་བརྙས་བཅོས་དང་དམ་དྲག་བཀག་སྡོམ་སོགས་མཚམས་འཇོག་སླད་མཉམ་རུབ་དགོས་འདུན་འདོན་དགོས་པ་དང་ཆབས་ཅིག་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱ་ནག་དང་རྒྱ་རིགས་མང་ཚོགས་རྣམས་ཀྱི་སྐོར་ལ་མཁྱེན་རྟོགས་མང་ཙམ་དགོས་པ་གསུངས་འདུག

དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་ Twitter ཐོག་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོར་ཚེ་སྲོག་གི་ཉེན་ཁར་མ་འཛེམ་པར་བོད་ནང་གི་གནས་ཚུལ་ཕྱི་ལ་བགོ་འགྲེམས་གནང་མཁན་སྙིང་སྟོབས་ཅན་གྱི་བོད་རིགས་དག་དང་ལྷག་དོན་བོད་ཀྱི་ངོ་རྒོལ་གནས་ཚུལ་ཕྱིར་བསྒྲགས་གནང་སྐོར་བཤད་དེ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་གནང་བའི་ཉེས་མིང་འོག་བཙོན་འཇུག་གིས་ཀྱིས་འདས་གྲོངས་སུ་གྱུར་བའི་ཆབ་སྲིད་བཙོན་ཟུར་དཀོན་མཆོག་སྦྱིན་པ་ལགས་བཅས་ལ་ཆེ་བསྟོད་ཞུས་འདུག

དེ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཁ་སང་ནི་འཛམ་གླིང་གི་གསར་འགོད་རང་དབང་གི་ཉིན་མོ་ཞིག་ཡིན་ནའང་། འཛམ་གླིང་གི་ས་ཁུལ་ཁག་ནང་གསར་འགོད་རང་དབང་མེད་པའི་ཁར། རྒྱ་གཞུང་གིས་ཕྱིའི་གསར་འགོད་པ་རྣམས་བོད་ནང་འགྲུལ་བསྐྱོད་བྱ་རྒྱུར་བཀག་སྡོམ་བྱེད་མུས་ཡིན་པར་གསལ་འདོན་གནང་སྟེ། རྒྱ་གཞུང་གིས་ངེས་པར་དུ་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེར་བརྩི་སྲུང་དང་ལག་བསྟར་བྱེད་དགོས་པར་ནན་སྐུལ་གནང་འདུག ཁ་སའི་ཉི་མོ་དང་བསྟུན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ནས་ཀྱང་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཐོག་གསར་འགོད་པ་ཚོའི་བདེ་འཇགས་ལ་སྲུང་སྐྱོབ་དང་མི་དམངས་ལ་གནས་ཚུལ་མཁོ་སྤྲོད་ཀྱིས་ཤེས་བྱ་ཇི་ཙམ་ཆེ་བ་ཡོད་ན་དེ་ཙམ་གྱིས་སྟོབས་ཤུགས་ཤིག་འཕེལ་གྱི་ཡོད་སྟབས་ཨ་རིས་གསར་འགོད་རང་དབང་ཐོག་མུ་མཐུད་དུ་རྒྱབ་སྐྱོར་གནང་གི་ཡོད་ཅེས་གསུངས་པ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་རིག་གཞུང་གཅེས་སྐྱོང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ལྕམ་ Audrey Azoulay  ལགས་ཀྱིས་གསར་འགོད་རང་དབང་གི་ཉིན་མོར་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་ནས་སོ་སོའི་རྒྱལ་ཁབ་ནང་གི་གསར་འགོད་པ་ཚོར་གསར་འགྱུར་བཀོད་རྒྱུའི་རང་དབང་སྤྲོད་དགོས་པ་དང་གསར་འགོད་པ་ཚོས་ཀྱང་ཕྱི་གསལ་ནང་གསལ་ཐོག་ནས་གནས་ཚུལ་སྤེལ་དགོས་པ་གསུངས་འདུགརྩ་བའི་འཛམ་གླིང་གི་གསར་འགོད་རང་དབང་གི་ཉིན་མོ་ནི། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས། འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་ལུང་ཁག་གི་ནང་གསར་འགོད་རང་དབང་དང་། གནས་ཚུལ་དྲང་བདེན་སོགས་གལ་ཆེ་རང་བཞིན་ངོས་ཟིན་ཐོབ་ནས་བརྩི་བཀུར་ཡོང་ཆེད་དང་། གསར་འགོད་རང་དབང་སྲུང་སྐྱོབ་ཆེད་ཐོག་མར་ཕྱི་ལོ་ ༡༩༩༣ ལོར་ཁྱབ་བསྒྲགས་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།